གློ་བུར་ཉིད་དུ་ནམ་མཁའ་ནས་རླུང་ཆེན་གཡུགས་པ་ལྟ་བུའི་སྒྲ་ཞིག་བྱུང༌སྟེ། ཁོ་རྣམས་སྡོད་པའི་ཁང་པའི་ནང་དུ་ཁྱབ་པ་རེད། དེ་ནས་མེ་ལྟ་བུའི་ལྕེ་རྣམས་མངོན་ཞིང་སོ་སོར་མི་རེ་རེའི་སྟེང་དུ་བབས་ཏེ་གནས་པ་ལ། མི་དེ་ཐམས་ཅད་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར༌ཏེ། དམ་པའི་ཐུགས་ཉིད་ཀྱིས་གནང་བའི་ནུས་པ་བཞིན་སྐད་རིགས་གཞན་དག་སྨྲས༌སོ།།