དཔེ་གཅིག་འབད་བ་ཅིན་ ཨོ་ལ་ཚུ་ལུ་བལྟ་བ་ཅིན་ ཁོང་གིས་སོན་མར་བཏབ་ནི་ཡང་མེད་ ཡར་བརྔ་ནི་ཡང་མེད་ ཁོང་ལུ་འབྱུ་བཞག་སའི་འབྱུ་ཁྱིམ་ཡང་མེད་ དེ་རང་ཨིན་རུང་ དཀོན་མཆོག་གིས་ཁོང་ལུ་ཟ་ནི་གནངམ་ཨིན་ བྱི་ཅུང་ཚུ་གི་ཚེ་ལས་ཁྱེད་ཀྱི་མི་ཚེ་འདི་ དཀོན་མཆོག་གི་དོན་ལུ་ཁག་ཆེ་དྲགས་ཨིན།