དེ་ནས་ཁོང་ཀྱ་ཡིས་ཞོགས་ཟས་བཟས་ཚར་ཏེ། ཡེ་ཤུ་ཡིས་སི་མོན་པེ་ཏྲོ་ལ་གསུངས་བ་ལགས། ཡོ་ཧ་ནན་གྱི་བི་ཛ་སི་མོན། ཁྱོས་ང་ལ་དེ་ཀྱ་ནས་ལྷག་བརྩེ་བ་བྱེད་འདིག་འོད་དེ།
ཁོས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ་ལགས། ངས་ཁྱེད་རང་ལ་བརྩེ་བ་བྱེད་ཀྱིན་གོ་ཁྱེད་རང་མཁྱེན་ད་ལགས།
ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ངའི་ལུག་ཕྲུག་ཀྱ་ལ་འཚོས།
ཡང་ཐེངས་གཉིས་བ་ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ཡོ་ཧ་ནན་གྱི་བི་ཛ་སི་མོན། ཁྱོད་ང་ལ་བརྩེ་བ་བྱེད་འདིག་འོད་དེ།
ཁོས་ཁོང་པ་ལ་གསུངས་བ་ལགས། གཙོ་བོ་ལགས། ང་ཁྱེད་རང་ལ་བརྩེ་བ་བྱེད་འདིག་འོད།
ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ངའི་ལུག་ཀྱ་ལ་སྐྱོངས།
ཐེངས་གསུམ་པ་ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ཡོ་ཧ་ནན་གྱི་བི་ཛ་སི་མོན། ཁྱོད་ང་ལ་བརྩེ་བ་བྱེད་འདིག་འོད་དེ།
ད་ཡེ་ཤུ་ཡིས་པེ་ཏྲོ་ལ་ཐེངས་གསུམ་པ་ཐུག་པའི། ཁྱོས་ང་ལ་བརྩེ་བ་བྱེད་འདིག་འོད་དེ། གསུངས་རེ་འདྲི་བ་མཛད་ཀྱིན་གོ་ལ་ཁོ་སེམས་ཕམ་པ་ལགས།
དེ་ནས་ཁོས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཁྱེད་རང་གི་རི་མཁྱེན་ད་ལགས། ངས་ཁྱེད་རང་ལ་བརྩེ་བ་བྱེད་ཀྱིན་གོའང་ཁྱེད་རང་མཁྱེན་ད་ལགས།
ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ངའི་ལུག་ཀྱ་འཚོས།