ལུ་ཀ་ལེའུ་ 14:13-14
ལུ་ཀ་ལེའུ་ 14:13-14 DZOD
དེ་འབདཝ་ད་ ཚོགས་སྟོན་གྱི་མགྱོནམ་འབོ་པའི་སྐབས་ལུ་ མི་སྤྱང་ཀ་ རྐངམ་ཞབོ་ ལགཔ་ཞབོ་ མིག་ཏོ་ཞརཝ་དེ་ཚུ་ལུ་འབོ་པ་ཅིན། འདི་ཚུ་གིས་ ཁྱོད་ལུ་དྲིན་ལན་འཇལ་མ་ཚུགསཔ་ལས་བརྟེན་ཏེ་ ཁྱོད་ཀྱིས་བྱིན་རླབས་ཐོབ་འོང་ མི་ཆོས་སེམས་ཆེ་ཏོག་ཏོ་དེ་ཚུ་ ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ནང་ ཁྱོད་ལུ་གསོལ་རས་གནང་འོང་ཟེར་གསུངས་ནུག།