YouVersion Logo
Search Icon

ཡོ་ཧ་ནན། 5

5
ངལ་གསོ་གིན་ཉིན་མ་ལ་བཅོས་ག་མཛད་པ།
1འོ་དེ་གཤམ་ནས་ཡ་ཧུ་དཱ་པ་ཀྱ་ཡིས་དུས་ཆེན་གཅིག་སླེབས་ཏེ་ཡེ་ཤུ་ཡེ་རུ་ཤ་ལེམ་དུ་ཕེབས་པ་ལགས། 2ཡེ་རུ་ཤ་ལེམ་གྱི་ལུག་སྨྲ་གིན་སྒོ་ཡི་འགྲམ་དུ་གཡབ་ཀུ་ལྔ་འོད་ཀྱིན་རྫིང་བུ་གཅིག་འོད་ད་ལགས། ཨིབ་རི་པ་སྐད་ལ་འོ་དེ་ལ་པེ་ཐེས་དཱ་སྨྲ་ལགས། 3འོ་དེ་གཡབ་ཀུ་རུ་ཞ་ར་ཀྱ་དང་། ཞ་ཀྱོག་བ་ཀྱ་དང་། གཟའ་ཕོག་པ་མི་ནད་པ་སྣ་མང་ང་ཀྱ་ཉལ་རེ་བསྡད་ད་ལགས། 4[ཁོང་ཀྱ་འོ་དེ་ཆུ་འགུལ་ཡས་ལ་གུག་སྟེ་བསྡད་ད་ལགས། གི་བྱས་རེ་སྨྲ་ན་དུས་དུས་ལ་དཀོན་མཆོག་གི་བང་ཆེན་གཅིག་འོངས་རེ་འོ་དེ་རྫིང་བུའི་ཆུ་དཀྲུགས་བ་ལགས། དེ་ནས་ཆུ་གོ་འགུལ་ལུང་མེད་ད་ལ་སུ་ཨེན་ལ་འོ་དེ་ནང་དུ་འཛུལ་ལི། འོ་དེ་ན་ཚ་ག་རེ་ཡིས་བཏུམས་ཏེ་བསྡད་འོད་ན། ཁོ་དྲག་བ་ལགས།]#༥:༤ འདི་ཚིགས་བཅད་དེ་ཨེན་མའི་གྷི་རིག་དེབ་ཀྱ་ལ་མ་བྲིས་འོད་ད་ལགས།
5འོ་དུ་རུ་ལོ་སུམ་ཅུ་སོ་བརྒྱད་ཐུག་པའི་ནད་རེ་བསྡད་ད་མི་གཅིག་འོད་ད་ལགས། 6ཡེ་ཤུ་ཡིས་ཁོ་ལ་འོ་དུ་རུ་ཉལ་རེ་བསྡད་ད་གོ་གཟིགས་ཏེ། དེ་ནས་དུས་རིང་ནས་ཁོ་འོ་དུ་རུ་འོད་ཀྱིན་གོ་མཁྱེན་ད་མཛད་དེ་ཁོ་ལ་གསུངས་བ་ལགས། ཁྱོད་དེ་ནད་པ་ནས་ཐར་ཉིད་འདོད་དེ།
7འོ་དེ་མི་ནད་པ་ཡིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཆུ་གོ་འགུལ་ལི་གང་ལ་ང་ལ་རྫིང་བུ་ནང་དུ་བཅུག་གིན་སུའང་མེད། དེ་ནས་ང་འགྲོའི་འགྲོའི་ང་ནས་ཨེན་ལ་གཞན་མ་ཆུ་ནང་དུ་འཛུལ་ཚར་རི།
8ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ལོངས། ཁྱེད་རི་ཉལ་ཆས་ཁུར་ཏེ་གོམ་པ་རྒྱོབ། 9ལམ་སང་འོ་དེ་མི་གོ་དྲག་པ་ལགས། དེ་ནས་ཁོ་རི་ཉལ་ཆས་ཁུར་ཏེ་སོང་བ་ལགས། ད་འོ་དེ་ཉིན་མ་གོ་ངལ་གསོ་གིན་ཉིན་མ་ལགས།
10འོ་བྱས་རེ་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་འོ་དེ་མི་ལ་སྨྲས་བ་ལགས། དི་རིང་ངལ་གསོ་གིན་ཉིན་མ་བྱས་རེ་ཁྱོད་ཁྱེད་རི་ཉལ་ཁྲི་ཁུར་གྱིན་གོ་ཁྲིམས་ལ་མི་མཐུན་ད་ལགས།
11ཁྱོས་ཁོང་ཀྱ་ལ་ལན་བརྒྱབ་པ་ལགས། ང་ལ་དྲག་གསོ་གནང་མཁན་མིས་རང་ང་ལ་ཁྱོད་རི་ཉལ་ཆས་ཁུར་ཏེ་གོམ་པ་རྒྱོབ་གསུངས་རེ་གསུངས་སོང་།
12ཁོང་ཀྱ་ཡིས་ཁོ་ལ་དྲིས་བ་ལགས། ཁྱོད་ལ་ཁྱེད་རི་ཉལ་ཆས་ཁུར་ཏེ་རྒྱུགས་སྨྲ་གིན་མི་གོ་སུ་ལེ།
13ཡིན་ནའང་འོ་དེ་དྲག་དྲ་མི་ཡིས་ཁོང་པ་སུ་ལེ་སྨྲས་རེ་མ་ཤེས་བ་ལགས། གི་བྱས་རེ་སྨྲ་ན་འོ་དུ་རུ་མི་ཚོགས་མང་ང་བྱས་རེ་ཡེ་ཤུ་འོ་དེ་ནས་ཁ་པ་ཕེབས་པ་ལགས།
14གཤམ་ལ་ཡེ་ཤུ་ཡིས་ཁོ་ལ་མཆོད་ཁང་དུ་ཐུག་སྟེ་ཁོ་ལ་གསུངས་བ་ལགས། ལྟོས་དང་། ཁྱོད་དྲག་ཚར་ལགས། འོ་བྱས་རེ་གཤམ་ལ་དེ་ནས་ལྷག་སྡུག་བསྔལ་ཆེ་མེད་ཡོང་ཡས་ལ་ཁྱོད་ཡང་ད་སྡིག་པ་མ་བྱེད།
15དེ་ནས་འོ་དེ་མི་གོ་སོང་རེ་ཁོ་རང་ལ་དྲག་གསོ་གནང་མཁན་གོ་ཡེ་ཤུ་ལགས་སྨྲས་རེ་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ལ་བཤད་པ་ལགས།
དཀོན་མཆོག་གི་སྲས་ནས་ཚེ་ཐོབ་པ།
16འོ་བྱས་རེ་ཡེ་ཤུ་ཡིས་ངལ་གསོ་གིན་ཉིན་མ་ལ་དེ་རེ་མཛད་དེ་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁོང་པ་ལ་སྡུག་པོ་བཏང་ཡས་ལ་འགོ་བཙུགས་པ་ལགས། 17ཡིན་ནའང་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངའི་ཡབ་ཀྱིས་ད་ལྟ་ཐུག་པའི་ཕྱག་ལས་མཛད་ད་ལགས། དེ་ནས་ང་བྱེད་ད་ཡིན།
18ཡེ་ཤུ་ཡིས་ངལ་གསོ་གིན་ཉིན་མ་སྤངས་ཡས་གཅིག་ཀ་མིན་ད། རང་ལ་དཀོན་མཆོག་གི་འདྲ་འདྲ་མཛད་དེ་དཀོན་མཆོག་ནི་རང་གི་ཡབ་ལགས་གསུངས་རེ་གསུངས་ཀྱིན་བྱས་རེ། ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཡེ་ཤུ་ལ་དེ་ལས་ལྷག་བསད་ཡས་ཀྱི་ཐབས་ཤེས་བཙལ་བ་ལགས།
19ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། ཡབ་ཀྱིས་གི་མཛད་ཀྱིན་གོ་སྲས་ཀྱིས་འང་འོ་དེ་ཅོག་རེ་མཛད་ད་ལགས། དེ་ནས་ཡབ་ཀྱིས་མཛད་ཀྱིན་གོ་མི་གཟིགས་བ་སྲས་རང་གིས་གིའང་མཛད་མི་ཐུབ་ཀྱི་ལགས། 20གི་བྱས་རེ་སྨྲ་ན་ཡབ་ཀྱིས་སྲས་ལ་བྱམས་པ་མཛད་དེ་རང་གིས་མཛད་ཀྱིན་གི་རི་སྲས་ལ་སྟོན་ད་མཛད་ད་ལགས། དེ་ནས་ཁྱེད་ཀྱ་ཧང་སངས་དུ་བཅུག་ཡས་ལ། དེ་ནས་འང་ལྷག་ཕྱག་ལས་ཆེ་ཁོང་པ་ཡིས་སྲས་ལ་སྟོན་ད་མཛད་ཀྱི་ལགས། 21གི་བྱས་རེ་སྨྲ་ན་ཡབ་ཀྱིས་གཤིན་པོ་ཀྱ་ལ་གསོན་པོ་མཛད་དེ་ཚེ་གནང་གིན་ཅོག་རེ། སྲས་ཀྱིས་འང་རང་གི་དགྱེས་བའི་མི་ཀྱ་ལ་ཚེ་གནང་གི་ལགས། 22-23ཡབ་ཀྱིས་སུའི་གཅིག་གིའང་ཁྲིམས་བཅད་མེད་མཛད་ད་ལགས། ཡིན་ནའང་གི་རི་ཡིས་ཡབ་ལ་རྩི་གིན་ཅོག་རེ་སྲས་ལ་རྩི་ལ་ཤོག་སྨྲས་རེ་ཁྲིམས་བཅད་ཡས་ཀྱི་ཕྱག་ལས་གི་རི་སྲས་ལ་གནང་འོད་ད་ལགས། སྲས་ལ་མི་རྩི་མཁན་ཀྱ་ཡིས་ཁོང་པ་ལ་མངགས་ཀྱིན་ཡབ་ལའང་མི་བརྩི་གི་ལགས།
24ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ངའི་བཀའ་ཉན་མཁན་དང་ང་ལ་མངགས་མཁན་གོ་ལ་དད་པ་བྱེད་མཁན་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་འོད་ད་ལགས། ཁོ་ལ་ཉེས་པ་མེད་ཕོག་གི་ལགས། ཡིན་ནའང་འཆི་བ་ནས་ཚེ་ནང་དུ་ཐར་འོད་ད་ལགས། 25ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། གཤིན་པོ་ཀྱ་ཡིས་དཀོན་མཆོག་གི་སྲས་ཀྱི་གསུང་སྐད་གོ་གིན་དུས་གོ་སླེབ་བའི་འོད་ད་ལགས། དེ་ནས་དུས་གོ་ད་ལྟ་ལགས། དེ་ནས་ཉན་མཁན་ཀྱ་གསོན་པོ་གནས་ཀྱི་ལགས། 26གི་བྱས་རེ་སྨྲ་ན་ཡབ་རང་ལ་ཚེ་འོད་ཀྱིན་ཅོག་རེ་ཁོང་པ་ཡིས་སྲས་ལའང་ཚེ་གནང་ཡས་ཀྱི་དབང་མཛད་པ་ལགས། 27དེ་ནས་ཡབ་ཀྱིས་ཁོང་ལ་ཁྲིམས་བཅད་ཡས་ཀྱི་དབང་ཆ་གནང་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁོང་པ་མིའི་བུ་ལགས། 28དེ་ལ་ཧང་སངས་ང་མ་བྱེད། གི་བྱས་རེ་སྨྲ་ན་དུས་གཅིག་ཤར་གྱི་ལགས། འོ་དེ་གང་ལ་དུར་ཁྲོད་ལ་འོད་མཁན་ཀྱ་ཡིས་ཁོང་པ་ཡི་གསུང་སྐད་གོ་གི་ལགས། 29དེ་ནས་ཕི་ལ་ཐོན་ཏེ་འོང་གི་ལགས། ལས་བཟང་ང་བྱེད་མཁན་གི་རི་ཚེ་སྲོག་ཐོབ་ཡས་ཕྱིར་ལ་གསོན་པོ་བསླངས་ཡས་དང་། ལས་ངན་པ་བྱེད་མཁན་གི་རི་ཉེས་པ་ཕོག་ཡས་ཀྱི་ཕྱིར་ལ་གསོན་པོ་བསླངས་ཀྱི་ལགས།
ཡེ་ཤུ་ལ་བདེན་དཔང་མཛད་པ།
30ང་ང་རང་གི་གིའང་བྱེད་མི་ཐུབ་འོད། ངས་གི་གོ་རི། འོ་དེ་ཅོག་རེ་རང་ཁྲིམས་བཅད་དེ་འོད། དེ་ནས་ངའི་ཁྲིམས་དྲང་ང་འོད། གི་བྱས་རེ་སྨྲ་ན་ང་ང་རང་གི་འདོད་པ་བཙལ་ལ་མིན་ད། ང་ལ་མངགས་མཁན་གྱི་ཐུགས་དགོངས་བཙལ་ལི་འོད།
31ངས་ང་རང་གི་སྐོར་ལ་བདེན་དཔང་བྱེད་ན། འོ་དེ་བདེན་པ་མེད་ཡོང་ང་ལགས། 32ངའི་སྐོར་ལ་བདེན་དཔང་བྱེད་མཁན་མི་གཞན་མ་གཅིག་འོད་ད་ལགས། དེ་ནས་ཁོང་གིས་ང་ལ་དཔང་པོ་མཛད་ཀྱིན་གོ་བདེན་པ་ཡིན་སྨྲས་རེ་ང་ལ་ཤེས་ཡས་འོད།
33ཁྱེད་ཀྱ་ཡིས་ཡོ་ཧ་ནན་རྩ་རུ་མི་རིང་འགའ་མངགས་པ་ལགས། དེ་ནས་ཁོང་གིས་བདེན་པ་ཡི་དཔང་པོ་མཛད་པ་ལགས། 34ངའི་ཕྱིར་ལ་མིའི་དཔང་པོ་དགོས་ཡས་མེད། ཡིན་ནའང་ཁྱེད་ཀྱ་ལ་ཐར་པ་ཐོབ་ཡས་ཀྱི་ཕྱིར་ལ་ང་དེ་ཀྱ་སྨྲ་ཡིན། 35ཡོ་ཧ་ནན་ནི་འབར་གྱིན་དང་འོད་ཤར་གྱིན་མར་མེ་ཅོག་རེ་འོད་ད་ལགས། དེ་ནས་ཁྱེད་ཀྱ་ཡུན་ཐུང་ང་གཅིག་ཀ་ཁོའི་འོག་ལ་ཉམ་མོ་དགའ་ཡས་འདོད་པ་ལགས།
36ཡིན་ནའང་ང་ལ་འོད་ཀྱིན་བདེན་དཔང་གོ་ཡོ་ཧ་ནན་ལ་ཆེ་འོད། གི་བྱས་རེ་སྨྲ་ན་ཡབ་ཀྱི་སྒྲུབ་ཏུ་བཅུག་ཡས་ཕྱག་ལས་ང་ལ་གནང་གིན་ཀྱ་ང་བྱེད་འདིག་འོད། དེ་ནས་དེ་ཀྱ་ཡིས་རང་ཡབ་ཀྱིས་ང་ལ་མངགས་པ་ལགས་སྨྲས་རེ་དཔང་པོ་བྱེད་ད་ལགས། 37དེ་ནས་ང་ལ་མངགས་མཁན་ཡབ་ཀྱིས་རང་ང་ལ་དཔང་པོ་མཛད་ད་ལགས། ཁྱེད་ཀྱ་ཡིས་ཁོང་པ་ཡི་གསུང་སྐད་ནམ་མའང་མ་གོ་འོད་ད་ལགས། དེ་ནས་ཁོང་པ་ཡི་སྐུ་དབྱིབས་ནམ་མའང་མ་མཇལ་འོད་ད་ལགས། 38དེ་ནས་ཁོང་པ་ཡིས་མངགས་ཀྱིན་གོ་ལ་ཁྱེད་ཀྱ་ཡིས་དད་པ་མ་བྱེད་ཀྱིན་བྱས་རེ། ཁོང་པ་ཡི་བཀའ་ཁྱེད་ཀྱ་ཡིས་ནང་དུ་མེད་གནས་ལ་ལགས། 39གསུང་རབ་ཀྱི་ནང་དུ་མཐའ་མེད་པའི་ཚེ་སྲོག་འོད་གྲོ་བསམས་ཏེ། ཁྱེད་ཀྱ་གསུང་རབ་ནང་ལ་བཙལ་ལ་ལགས། ངའི་སྐོར་ལ་དཔང་པོ་བྱེད་མཁན་འོ་དེ་གསུང་རབ་རང་ལགས། 40ཡིན་ནའང་ཁྱེད་ཀྱ་མཐའ་མེད་པའི་ཚེ་སྲོག་ཐོབ་ཡས་ལ་ངའི་རྩ་རུ་འོང་ཉིད་མེད་འདོད་ད་ལགས།
41ངའི་མི་ཀྱ་ནས་བཀུར་སྟི་བཙལ་ལ་མིན། 42ཡིན་ནའང་ཁྱེད་ཀྱ་ནང་དུ་དཀོན་མཆོག་གི་བྱམས་པ་མིན་འདུག་སྨྲས་རེ་ང་ལ་ཤེས་ཡས་འོད། 43ང་ངའི་ཡབ་ཀྱི་མཚན་ལ་བརྟེན་ཏེ་འོངས་བ་ཡིན། ཡིན་ནའང་ཁྱེད་ཀྱ་ཡིས་ང་ལ་ཁས་ལེན་གྱིན་མིན་འདུག། མི་གཞན་མ་གཅིག་རང་གི་མིང་ལ་བརྟེན་ཏེ་འོང་འོད་ན། ཁྱེད་ཀྱ་ཁོ་ལ་ཁས་ལེན་ཡས་འོད། 44དཀོན་མཆོག་གཅིག་པོ་ནས་འབྱུང་གིན་བཀུར་སྟི་གོ་མེད་བཙལ་ལ། ཁྱེད་ཀྱ་ཕན་ཚུན་གྱི་ནང་དུ་བཀུར་སྟི་བཙལ་གྱིན་བྱེད་རེ། ཁྱེད་ཀྱ་གང་གི་བྱས་རེ་དད་པ་བྱེད་ཐུབ་ཀྱི་ལེ།
45ངའི་ཡབ་ཀྱི་དྲུང་དུ་ཁྱེད་ཀྱ་ལ་སྐྱོན་བཀལ་གྲོ་སྨྲས་རེ་མ་བསམ། སྐྱོན་བཀལ་མཁན་གོ་ཁྱེད་ཀྱ་ཡི་བློ་འགལ་ག་མོ་ཤེ་གོ་ལགས། 46ཁྱེད་ཀྱ་ཡིས་མོ་ཤེ་ལ་ཡིད་ཆེས་བྱས་འོད་ན། ཁོང་གིས་ངའི་སྐོར་ལ་བྲིས་བྲ་བྱས་རེ་ང་ལ་ཁྱེད་ཀྱ་ཡིས་དད་པ་བྱེད་ཡས་འོད། 47ཡིན་ནའང་ཁྱེད་ཀྱ་ཁོང་གིས་བྲིས་བྲ་ཀྱ་ལ་ཡིད་མེད་ཆེས་ན། ངའི་གཏམ་ཀྱ་ལ་གང་གི་བྱས་རེ་ཡིད་ཆེས་བྱེད་ཡས།

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in