མད་ཐཱ། 13
13
ལེའུ་བཅུ་གསུམ།
ས་ངོན་འདེབས་པའི་དཔེ་སྐོར།
1ཡང་ཉིན་མ་དེ་རང་ལེ་ཡེ་ཤུ་ཁང་པ་ནས་ཕྱི་ལེ་ཕེབས་གནང་སྟེ་མཚོའི་འགྲམ་ལེ་བཞུགས་པི་དིག 2ཡང་མི་ཚོགས་མང་པོ་ཞིག་ཁོང་གི་དྲུང་དུ་འཛོམས་འོངས་ཕེན། ཁོང་གྲུ་ཞིག་གི་ནང་ལེ་བཞུགས་པི་མ་ཟད། མི་ཚོགས་དེ་ཀྱ་ཟང་མཚོ་འགྲམ་ལེ་ལངས་ཏེ་བསྡད་འོད་དིག 3ཁོང་གིས་དཔེའི་བརྒྱུད་ནས་ཆོས་མང་པོ་གསུངས་པི་མ་ཟད། ཁོང་གིས་མི་དེ་ཀྱ་ལེ། ཉོན་དང༌། ཞིང་པ་ཞིག་གིས་རང་གི་ཞིང་ལེ་ས་ངོན་འདེབས་དུ་བུད་དི་དིག 4ཡང་ས་ངོན་འདེབས་རྒྱ། ས་ངོན་ལ་ལ་ལམ་ལེ་འཐོར་ཕེན། བྱ་འོངས་ཏེ་བཟས་པི་དིག 5ཡང་ས་ངོན་ལ་ལ་ས་མང་པོ་མེད་མེད་རྡོ་རོབ་ནང་ལེ་འཐོར་ཕེན་མགྱོགས་པོ་ཡར་ལེ་སྐྱེས་ནའང་། 6རྩ་བ་གཏིང་རིང་པོ་མེད་ཕེན་ཉི་མ་ཚ་པོ་ཤར་ཏེ་བསྐམས་བུད་དི་དིག 7ཡང་ས་ངོན་ལ་ལ་ཚེར་མའི་ནང་ལེ་འཐོར་ཕེན་ཚེར་མས་མནན་ཏེ་ཡར་སྐྱེ་མ་ཐུབ་པི་དིག 8ཡང་ས་ངོན་ལ་ལ་ནི་ས་བཟང་པོའི་ནང་ལེ་འཐོར་ཏེ། འབྲས་བུ་དགའ་མོ་སྐྱེས་པི་མ་ཟད། འབྲས་བུ་ལ་ལ་ནི་ལྡབ་སུམ་ཅུ་དིང་། ལ་ལ་ནི་ལྡབ་དྲུག་ཅུ། ལ་ལ་ལྡབ་བརྒྱ་སྐྱེས་པི་དིག 9ཡང་རྣ་མཆོག་འོད་མཁན་ཀྱ་ཀྱིས་ངས་སྨྲས་པའི་ལབ་འདི་ལེ་དགའ་མོ་ཉན་ཏེ་དོན་དག་ཧ་གོ་བར་གྱིས་ཤིག་ཟིན་གསུངས་པི་དིག
དཔེ་འདིའི་ནང་དོན་བསྟན་པ།
10དེ་ནས་སློབ་མ་ཀྱ་ཁོང་གི་དྲུང་དུ་འོངས་ཏེ། ཁོང་ལེ་ཁྱེད་ཀྱིས་མི་དེ་ཀྱ་ལེ་དཔེ་བརྒྱུད་ནས་པ་རྐྱང་ཅི་ལེ་གསུངས་པི་ཡིན་དོ་ཟིན་ཞུས་ཕེན། 11ཁོང་གིས་སློབ་མ་ཀྱ་ལེ། ནམ་མཁའི་ཞིང་ཁམས་ཀྱི་རྒྱལ་ཁབ་ཀྱི་གསང་བ་ཡེ་རེ་ཁྱེད་ཀྱ་ལེ་བསྟན་གནང་འོད་དིག ཡིན་ནའང་། མི་དེ་ཀྱ་ལེ་གནང་མེད། 12མི་སུ་ཞིག་གིས་ཐོས་འདོད་དིང་། ཧ་གོ་འདོད་བྱས་ནི། མི་དེ་ལེ་གནང་རྒྱུ་ཡིན་དི་མ་ཟད། ཡང་དེ་ལས་ཟང་ལྷག་ཚོད་གནང་གྱི་དིག ཡིན་ནའང་། ཧ་གོ་འདོད་མི་བགྱིད་མཁན་དེ་ལེ། ཅི་ཧ་གོ་བ་དེ་ཟང་ཕ་ལེ་འཁྱེར་གྱི་དིག 13འོ་དེའི་ཆེད་དུ། ངས་མི་དེ་ཀྱ་ལེ་དཔེ་བརྒྱུད་ནས་པ་རྐྱང་བཤད་དི་ཡིན། ཅི་ལེ་ཟེར་ནི། མི་དེ་ཀྱ་ཀྱིས་བལྟས་ནའང་མི་མཐོང་འོད་དི་དིང་། ཡང་ཐོས་ནའང་དོན་ཧ་མི་གོ་འོད་དིག#13.13 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 6 ཨང་ 9 ནང་ལེ་གཟིགས་རོགས། 14ཡང་མི་དེ་ཀྱ་ལེ་ལུང་སྟོན་པ་ཡེ་ཤ་ཡཱའི་ལུང་བསྟན་ནང་ལེ།
ཁྱེད་ཀྱ་ཀྱིས་ཐོས་ནའང་དེའི་དོན་ཧ་མི་གོ །
ཁྱེད་ཀྱ་ཀྱིས་བལྟས་ནའང་དེའི་དོན་ཧ་མི་གོ །
15མི་རིགས་འདིའི་མི་ཀྱ་ཀྱི་སེམས་ནི་གྱོང་པོ་དིང་། །
རྣ་མཆོག་འཐུག་པོ་དིང་མིག་ཟང་བཙུམས་འོད་དིག །
འོ་དེ་གི་མན་ནི། མིག་གིས་མཐོང་གི་དིང་། །
རྣ་མཆོག་གིས་ཐོས་པི་མ་ཟད། །
སེམས་ཀྱིས་རྟོགས་ཏེ་ཚུར་ཁུག་གྱི་དིག །
ངས་ཟང་མི་དེ་ཀྱ་ལེ་གསོ་ཏེ་སྐྱོབ་ཀྱི་ཡིན། །
ཟིན་གསུངས་འོད་དིག#13.15 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 6 ཨང་ 9-10 ནང་ལེ་གཟིགས་རོགས། 16ཡིན་ནའང་། ཁྱེད་ཀྱ་ཀྱི་མིག་གིས་མཐོང་པི་དིང་། རྣ་མཆོག་གིས་ཐོས་ཐུབ་པི་དེ་ལེ་ཁྱེད་ཀྱ་བདེ་བ་ཆེའོ། 17ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་ཀྱ་ཀྱིས་ཅི་མཐོང་པི་དིང་། ཅི་ཐོས་པ་དེ་ཀྱ་ནི། ལུང་སྟོན་པ་དིང་། དྲང་བདེན་ཅན་མང་པོ་ཞིག་གིས་དེ་མཐོང་འདོད་བྱས་ནའང་མཐོང་མེད། ཐོས་འདོད་བྱས་ནའང་ཐོས་མེད་དིག་ཟིན་གསུངས་པི་དིག
ས་ངོན་གྱི་དཔེའི་ནང་དོན་གསུངས་པ།
18འོ་དེ་ལེ་བརྟེན་ཏེ། ད་ཁྱེད་ཀྱ་ཀྱིས་ས་ངོན་གྱི་དཔེ་དེའི་དོན་དག་ལེ་ཉོན་ཅིག 19མི་ཞིག་གིས་དཀོན་མཆོག་གི་རྒྱལ་ཁབ་ཀྱི་བཀའ་དེ་ཐོས་ནའང་ཧ་གོ་མ་ཐུབ་ཕེན། བདུད་ངན་པ་དེ་འོངས་ཏེ་ཁོའི་སེམས་ནང་ལེ་བཏབ་པའི་ས་ངོན་དེ་ཕྲོགས་ཏེ་འཁྱེར་འགྲོ་གྱི་དིག འདི་ནི་ལམ་ཁ་ལེ་འཐོར་རི་ས་ངོན་ཡིན་དིག 20ཡང་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་ལོང་མེད་དགའ་རི་ངང་ནས་ཁས་ལེན་བགྱིད་འོད་དིག འདི་ནི་རྡོ་རོབ་ནང་ལེ་འཐོར་རི་ས་ངོན་ཡིན་དིག 21ཡིན་ནའང་། རང་གི་སེམས་ནང་ལེ་རྩ་བ་གཏིང་རིང་པོ་བཙུགས་མེད་ཕེན། དུས་ཡུན་ཐུང་མ་ཞིག་བསྡད་ནའང་། བཀའ་དེའི་དོན་ལེ་དཀའ་སྡུག་དིང་གནོད་འཚེ་བྱུང་ལོང་མེད་ཁོའི་དད་པ་དེ་ལོག་འགྲོ་འོད་དིག 22ཡང་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་ནའང་། རང་གི་འཚོ་བའི་སྐོར་གྱི་སེམས་ཁྲལ་དིང་། རྒྱུ་ནོར་བསླུ་བྲིད་ཀྱིས་འོག་ལེ་མནན་ཏེ་བཀའ་དེ་ལེ་འབྲས་བུ་ཆགས་མ་ཐུབ་པི་དིག འདི་ནི་ཚེར་མའི་ནང་ལེ་འཐོར་རི་ས་ངོན་ཡིན་དིག 23ཡང་དཀོན་མཆོག་གི་བཀའ་དེ་ཐོས་ཏེ་དོན་དག་ཧ་གོ་ཐུབ་ཕེན། བཀའ་དེ་ལེ་འབྲས་བུ་སྨིན་ཏེ། འབྲས་བུ་ལ་ལ་ལྡབ་སུམ་ཅུ། ལ་ལ་ནི་ལྡབ་དྲུག་བཅུ། ལ་ལ་ནི་ལྡབ་བརྒྱ་སྨིན་པི་དིག འདི་ནི་ས་བཟང་པོའི་ནང་ལེ་འཐོར་རི་ས་ངོན་ཡིན་དིག་ཟིན་གསུངས་པི་དིག
རྩྭ་ངན་གྱི་དཔེ་སྐོར།
24ཡང་ཡེ་ཤུས་དཔེ་གཞན་མ་ཞིག་བསྟན་ཏེ། དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནི་རང་གི་ཞིང་ལེ་ས་ངོན་བཟང་པོ་འདེབས་མཁན་དིང་ཅོག་འདྲ་ཡིན་དིག 25ཡིན་ནའང་། མི་ཡེ་རེ་གཉིད་ཁུག་སྟེ་སྡོད་རྒྱ། ཁོའི་དགྲ་བོ་འོངས་ཏེ། གྲོ་བཏབ་པའི་ཞིང་གི་ནང་ལེ་ཡུར་མ་བཏབ་སྟེ་ལོག་བུད་དི་དིག 26དེ་ནས་གྲོའི་མྱུ་གུ་ཐོན་འོངས་ཏེ་འབྲས་བུ་སྨིན་འོང་རྒྱ། ཡུར་མ་དེ་ཟང་སྐྱེས་འོང་འོད་དིག 27དེ་ནས་ཞིང་གི་བདག་པོའི་མི་གླ་ཀྱ་འོངས་ཏེ་ཁོང་ལེ། བདག་པོའོ། ཁྱེད་ཀྱིས་རང་གི་ཞིང་ལེ་ས་ངོན་བཟང་པོ་བཏབ་པི་མ་གས། ཡུར་མ་འདི་ཀྱ་ག་ན་ནས་བྱུང་པི་གོ་སྨྲས་ཕེན། 28བདག་པོས་འདི་ཡེ་རེ་དགྲ་བོ་ཞིག་གིས་བྱས་པི་དིག་སྨྲས་པི་དིག ཡང་མི་གླ་ཀྱ་ཀྱིས་ཁོང་ལེ། ཉེད་ཀྱ་ཕྱིན་ཏེ་ཡུར་མ་དེ་ཀྱ་དགོག་རྒྱུ་ཟིན་དྲིས་ཕེན། 29བདག་པོས་མ་དགོག་ཅིག ཅི་ལེ་ཟེར་ནི། ཡུར་མ་སྐྱེན་ལེ་གྲོ་ཟང་དགོག་ཉེན་འོད་དིག 30ལོ་ཏོག་མ་སྨིན་བར་དུ་གཉིས་ཀ་སྐྱེན་ལེ་སྐྱེ་རུ་ཆུག དེ་ནས་ལོ་ཏོག་རྔ་རན་པའི་དུས་ལེ། ངས་མི་གླ་ཀྱ་ལེ། ཁྱེད་ཀྱ་ཀྱིས་སྔོན་ལེ་ཡུར་མ་དེ་ཀྱ་ཡུར་ཏེ་མེ་ལེ་བརྒྱག་རྒྱུ་ཆེད་དུ། ཡུར་མ་དེ་ཀྱ་སྒྲིལ་ཏེ་རྡོག་རྡོག་བཟོས་ཤིག དེ་ནས་ངའི་གྲོ་དེ་འབྲུ་སྒམ་ནང་ལེ་སྡུས་ཤིག་ཟེར་གྱི་དིག་ཟིན་གསུངས་པི་དིག
ཚུག་གི་ས་ངོན་གྱི་དཔེ་སྐོར།
31དེ་ནས་ཡང་དང་ཡེ་ཤུས་ཁོང་ཀྱ་ལེ་དཔེ་གཞན་མ་ཞིག་བསྟན་གནང་སྟེ། དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་དེ་ནི། ཞིང་ལེ་བཏབ་པའི་ཚུག་གི་ས་ངོན་ཆུང་མ་གཅིག་དིང་ཅོག་འདྲ་ཡིན་དིག 32ས་ངོན་ཡེ་རེ་ནང་ནས་ཟང་ཚུག་གི་ས་ངོན་དེ་ཆུང་ཤོས་ཡིན་ནའང༌། སྔོ་ཡེ་རེ་ནང་ནས་དེ་ཆེ་ཤོས་སྐྱེས་ཏེ། སྡོང་པོ་ཞིག་ཆགས་ཕེན་དེའི་འོག་ལེ་བྱ་བྱིའུ་ཀྱ་ཀྱིས་ཟང་ཚང་བཟོས་ཏེ་སྡོད་ཀྱི་དིག་ཟིན་གསུངས་པི་དིག 33ཡང་ཡེ་ཤུས་ཁོང་ཀྱ་ལེ་དཔེ་གཞན་ཞིག་བསྟན་གནང་སྟེ། དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་དེ་ནི། བུ་མའ་ཞིག་གིས་ནས་ཕད་ཙེ་གཅིག་བཙོས་ཏེ་དེའི་ནང་ལེ་ཕབས་བཏབ་པི་དིང་ཅོག་འདྲ་ཡིན་དིག་ཟིན་གསུངས་པི་དིག#13.33 གེ་རིག་ཟེར་ལུགས་ནང་ལེ། བུ་མའ་ཞིག་གིས་བག་ཕྱེ་ཀི་ལོ་གསུམ་བཅུ་ནང་ལེ་སྐྱུར་རྩི་བཏབ་སྟེ་བརྫིས་པི་དིག་ཟིན་འོད་དིག 34ཁོང་གིས་མི་ཚོགས་དེ་ཀྱ་ལེ་དཔེའི་བརྒྱུད་ནས་པ་རྐྱང་མ་གཏོགས་དཔེ་མ་བསྟན་ཏེ་ཅི་གང་མ་གསུངས་པི་དིག 35ཡང་ལུང་སྟོན་པའི་མདོ་ནང་ལེ་ཟང་།
ངའི་ཁ་ནས་དཔེ་སྟོན་ཏེ་ཤོད་ཀྱི་ཡིན། །
འཇིག་རྟེན་བཀོད་པ་ནས་ད་བར་དུ། །
སྦས་པའི་དོན་ཡེ་རེ་བསྟན་གྱི་ཡིན། །
ཟིན་གསུངས་པི་དེ་སྒྲུབ་རྒྱུ་ཆེད་དུ་ཡིན་དིག#13.35 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 78 ཨང་ 2 ནང་ལེ་གཟིགས་རོགས།
ཡུར་མའི་དཔེ་འདིའི་དོན་དག་གསུངས་པ།
36དེ་ནས་ཁོང་རང་མི་ཚོགས་དིང་ཁ་བྲལ་ཏེ། ཁང་པའི་ནང་ལེ་ཕེབས་པི་དིག དེ་ནས་སློབ་མ་ཀྱ་ཁོང་གི་མདུན་དུ་འོངས་ཏེ། ཡུར་མའི་དཔེ་འདིའི་དོན་དེ་ཉེད་ཀྱ་ལེ་གསལ་བཤད་གནང་རོགས་ཞུས་ཕེན། 37ཡེ་ཤུས་ཁོང་ཀྱ་ལེ། ས་ངོན་བཟང་པོ་འདེབས་མཁན་དེ་ནི། མིའི་བི་ས་ཡིན་དིག 38ཞིང་གི་དོན་དེ་ནི། འཇིག་རྟེན་འདི་ཡིན་དིག ས་ངོན་བཟང་པོའི་དོན་དེ་ནི། དཀོན་མཆོག་གི་རྒྱལ་ཁབ་ཀྱི་མི་ཀྱ་ཡིན་དིག ཡུར་མའི་དོན་དེ་ནི། བདུད་ཀྱི་རྒྱལ་པོའི་ཁ་ལེ་ཉན་མཁན་མི་ཀྱ་ཡིན་དིག 39ཡང་ཡུར་མ་འདེབས་མཁན་གྱི་དོན་དེ་ནི། བདུད་ཡིན་དིག ལོ་ཏོག་རྔ་རན་པའི་དོན་དེ་ནི། དུས་ཀྱི་མཐའ་མ་ཡིན་དིག རྔ་མཁན་གྱི་དོན་དེ་ནི། དཀོན་མཆོག་གི་ཕོ་ཉ་ཀྱ་ཡིན་དིག 40ཡུར་མ་དེ་ཀྱ་སྒྲིལ་ཏེ་རྡོག་རྡོག་བཟོས་ཏེ་མེ་ལེ་རྒྱག་གི་དོན་དེ་ནི། མཐའ་མའི་དུས་ལེ་དཀོན་མཆོག་གིས་མི་ཀྱ་ལེ་ཁྲིམས་གཅོད་གནང་རྒྱུ་ཡིན་དིག 41མིའི་བི་ས་ཁོས་རང་གི་ཕོ་ཉ་ཀྱ་བརྫངས་ཏེ། རང་གི་རྒྱལ་ཁབ་ཀྱི་ནང་ལེ། སྡིག་པ་བགྱིད་མཁན་དིང་། ཡང་སྡིག་པ་བགྱིད་དུ་འཇུག་མཁན་ངན་པ་དེ་ཡེ་རེ་བསྡུས་ཏེ། 42མེ་དོང་གི་ནང་ལེ་གཡུགས་ཀྱི་དིག དེ་རུ་མི་ཀྱ་ངུ་སྐད་དིང་མ་ཁ་བསྡམ་གྱི་དིག 43དུས་དེ་རྒྱ། དྲང་བདེན་ཅན་གྱི་མི་ཀྱ་ནི་ཡབ་ཀྱི་རྒྱལ་ཁབ་ནང་ལེ། ཉི་མ་ཅོག་འདྲ་འོད་འཕྲོ་གྱི་དིག རྣ་མཆོག་འོད་ཡོད་ཀྱ་ཉོན་ཞིག་ཟིན་གསུངས་པི་དིག
གཏེར་དིང་མུ་ཏིག་གི་དཔེ་སྐོར།
44 དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་དེ་ནི། ཞིང་ནང་ལེ་སྦས་ཏེ་འབོར་རི་གཏེར་ཞིག་དིང་ཅོག་འདྲ་ཡིན་དིག མི་ཞིག་ལེ་གཏེར་དེ་རྙེད་ཕེན། ཁོས་ཡང་དང་སྦས་ལས་བྱས་ཏེ། དགའ་རི་ཆེན་པོས་ངང་ནས་འོངས་ཏེ། རང་ལེ་ཅི་འོད་ཡོད་ཡེ་རེ་བཙོངས་ཏེ། ཞིང་དེ་ཉོས་པི་དིག 45ཡང་དཀོན་མཆོག་གི་རྒྱལ་ཁབ་དེ་ནི། མུ་ཏིག་སྤུས་མ་འཚོལ་མཁན་ཚོང་དཔོན་ཞིག་དིང་ཅོག་འདྲ་ཡིན་དིག 46མུ་ཏིག་རིན་ཆེན་ཞིག་མཐོང་ཕེན། ཕ་ལེ་ལོག་སྟེ་རང་ལེ་འོད་ཡོད་རྒྱུ་ནོར་ཡེ་རེ་བཙོངས་ཏེ་མུ་ཏིག་དེ་ཉོས་པི་དིག
དྲྭའི་དཔེ་སྐོར།
47ཡང་དང་དཔེ་ཞིག་བསྟན་གནང་སྟེ། དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་དེ་ནི། མཚོའི་ནང་ལེ་བོར་རི་དྲྭ་དིང་ཅོག་འདྲ་ཡིན་དིག དྲྭ་དེས་ཉ་རིགས་སྣ་ཚོགས་འཛིན་གྱོ་འོད་ཕེན། 48མི་ཀྱ་ཀྱིས་དྲྭ་དེ་ཆུ་མེད་ས་ལེ་དྲུད་དེ། ཉ་དགའ་ཤོས་ཡེ་རེ་སྣོད་ནང་ལེ་བོར་ཏེ། ཕན་ཐོགས་མེད་མེད་ཉ་དེ་ཡེ་རེ་གཡུགས་པི་དིག 49དུས་ཀྱི་མཐའ་མ་ལེ་ཟང་དེ་ཅོག་འདྲ་འོང་གྱི་དིག དཀོན་མཆོག་གི་ཕོ་ཉ་ཀྱ་ཀྱིས་དྲང་བདེན་གྱི་ནང་ནས་ངན་པ་ཀྱ་དབྱེ་བ་འབྱེད་དེ། 50མེ་དོང་གི་ནང་ལེ་གཡུག་གྱི་དིག ས་ཆ་དེ་རུ་ངུ་སྐད་དིང་མ་ཁ་བསྡམ་གྱི་དིག 51ད་ཁྱེད་ཀྱ་ཀྱིས་དོན་དེ་ཡེ་རེ་ཧ་གོ་བྱུང་གས་ཟིན་གསུངས་ཕེན། སློབ་མ་ཀྱ་ཀྱིས་ཟང་ཡེ་ཤུ་ལེ་ཉེད་ཀྱ་ཀྱིས་ཧ་གོ་བྱུང་ཞུས་པི་དིག 52ཡང་ཁོང་གིས་སློབ་མ་ཀྱ་ལེ། དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ཀྱི་བསླབ་བྱ་ཐོབ་འོད་ཡོད་ཆོས་ཁྲིམས་མཁས་པ་དེ་ཀྱ་ནི། ཁྱིམ་གྱི་བདག་པོ་ཞིག་གིས་རང་གི་མཛོད་ཁང་ནས་དངོས་པོ་གསར་པ་དིང་རྙིང་པ་འཁྱེར་འོང་མཁན་དིང་ཅོག་འདྲ་ཡིན་དིག་ཟིན་གསུངས་པི་དིག
ཡུལ་མི་ཀྱ་ཀྱིས་ཡེ་ཤུ་ལེ་བརྩི་བཀུར་མ་བྱས་པ།
53-54ཡེ་ཤུས་དཔེ་འདི་ཀྱ་བསྟན་ཚར་ཕེན། ཁོང་རང་ས་ཆ་དེ་ནས་ཕ་རང་གིས་ཡུལ་ལེ་ཕེབས་ཏེ། ཁོང་གིས་ཡ་ཧུ་དཱ་པའི་ཚོགས་ཁང་ལེ་ཆོས་གསུངས་པི་དིག ཡང་ཁོང་གིས་བསྟན་པའི་ཆོས་དེ་ལེ་ཉན་མཁན་ཀྱ་ཧ་ལས་བགྱིད་འོད་དི་མ་ཟད། མི་འདི་ལེ་འོ་འདི་གི་ཤེས་བ་དིང་མཐུ་ནུས་པ་ག་ན་ནས་བྱུང་པི་ཡིན་ནེ། 55ཁོ་ཤིང་བཟོ་བའི་བི་ས་མ་གས། ཁོའི་ཨ་མ་ནི་མིར་ཡམ་ཡིན་དི་མ་ཟད། ཁོའི་ནུ་བོ་ནི་ཡ་ཀོབ་དིང་། ཡོ་སེབ། སི་མོན། ཡུ་དཱ་ཁོང་ཀྱ་མ་གས། 56ཁོའི་བུ་མོ་སྤུན་ཀྱ་ཟང་འུ་ཀྱ་ཀྱི་སྐྱེན་ལེ་བསྡད་འོད་དི་མ་གས། ཁོ་ལེ་འདི་ཡེ་རེ་ག་ན་ནས་བྱུང་པི་ཡིན་ནེ་ཟིན། 57མི་ཀྱ་ཀྱིས་ཡེ་ཤུ་ལེ་བརྩི་བཀུར་མ་བྱས་པི་དིག ཡིན་ནའང་། ཡེ་ཤུས་མི་དེ་ཀྱ་ལེ། ལུང་སྟོན་པ་ལེ་རང་གི་ཡུལ་གྱི་མི་དིང་། རང་གི་གཉེན་ཚན་གྱི་བརྒྱུད་ནས་བརྩི་བཀུར་འཐོབ་ཀྱི་མ་དིག་ཟིན་གསུངས་པི་དིག 58ཡང་མི་དེ་ཀྱ་ཀྱིས་ཁོང་ལེ་དད་པ་མེད་དི་རྐྱེན་གྱིས་ཡེ་ཤུས་ས་ཆ་དེ་ལེ་ངོ་མཚར་གྱི་ཕྱག་ལས་མང་པོ་མཛད་མ་གནང་པི་དིག །
Currently Selected:
མད་ཐཱ། 13: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.

: