YouVersion Logo
Search Icon

མད་ཐཱ། 19

19
ལེའུ་བཅུ་དགུ།
ནང་ཚང་ཁ་བྲལ་ལི་སྐོར།
1དེ་ནས་ཡེ་ཤུས་བཀའ་མོལ་དེ་ཀྱ་གསུངས་ཚར་རི་རྗེས་ལེ། ག་ལིལ་ལུང་པ་ནས་ཐོན་ཏེ་ཡོར་དན་གཙང་པོའི་ཕར་ཀན་ཡ་ཧུ་དཱ་ལུང་པ་ལེ་ཕེབས་པི་དིག 2ཡང་མི་ཚོགས་མང་པོ་ཞིག་ཟང་ཁོང་གི་རྗེས་ལེ་འབྲངས་འོངས་ཕེན། ཁོང་གིས་ས་ཆ་དེ་རུ་མི་ཀྱ་ཀྱི་ན་ཚ་དྲག་ཏུ་བཅུག་པི་དིག 3ཡང་ཕཱ་རུ་ཤི་པ་ཁ་ཤས་ཞིག་ཡེ་ཤུ་ལེ་ཉམས་ཚོད་ལེན་རྒྱུ་ཆེད་དུ། ཁོང་གི་མདུན་དུ་འོངས་ཏེ། དཀོན་མཆོག་གི་ཆོས་ཁྲིམས་ཅོག་འདྲ་བྱས་ནི། སྐྱེས་པ་ཀྱ་ཀྱིས་རྒྱུ་མཚན་ཅིའི་དོན་ལེ་རང་གི་བུད་མེད་གཡུགས་ཆོག་གྱོ་འོད་དི་གོ་ཟིན་དྲིས་ཕེན། 4ཡེ་ཤུས་ཕཱ་རུ་ཤི་པ་དེ་ཀྱ་ལེ། བཀོད་གནང་མཁན་གྱིས་སྔོན་མ་སྐྱེ་ཕོ་མོ་གཉིས་བཀོད་གནང་པི་དིག#19.4 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 1 ཨང་ 27 ནང་ལེ་གཟིགས་རོགས། 5འོ་དེ་ལེ་བརྟེན་ཏེ། སྐྱེ་བ་ཀྱ་ཀྱིས་རང་གི་ཕ་མ་གཡུགས་ཏེ་རང་གི་བུད་མེད་དིང་སྐྱེན་ལེ་བསྡད་ཕེན། ཁོ་གཉིས་ཤ་རུས་གཅིག་བྱུང་པི་དེའི་སྐོར་ལེ་ཁྱེད་ཀྱ་ཀྱིས་ཀློག་མྱོང་མེད་དས།#19.5 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 2 ཨང་ 24 གཟིགས་རོགས། 6དུས་ད་ནས་ཕྱིན་ཆད། དེ་གཉིས་ལུས་གཉིས་མ་དིག དེ་གཉིས་སེམས་དིང་ལུས་གཅིག་ཡིན་ཕེན། དཀོན་མཆོག་གིས་བསྒྲིགས་གནང་བའི་ནང་ཚང་དེ་ལེ། མི་སུ་ཞིག་གིས་ཟང་ཁ་འཕྲལ་མི་ཆོག་འོད་ཟིན་གསུངས་པི་དིག 7ཡང་ཕཱ་རུ་ཤི་པ་དེ་ཀྱ་ཀྱིས་ཡེ་ཤུ་ལེ། འོ་ནེ། ལུང་སྟོན་པ་མོ་ཤེས་ནང་ཚང་ཁ་བྲལ་གྱི་ཡི་གེ་བྲིས་ཏེ་བུད་མེད་གཡུགས་ནི་འགྲིག་གྱོ་འོད་ཟིན་ཅི་ལེ་བཀའ་གནང་པི་ཡིན་གོ་ཟིན་དྲིས་ཕེན། 8ཡེ་ཤུས་ཁོང་ཀྱ་ལེ། ཁྱེད་ཀྱ་ཀྱི་སེམས་གྱོང་པོ་ཡིན་ཕེན། ཁོང་གིས་ནང་ཚང་ཁ་བྲལ་གྱི་ཁྲིམས་དེ་གནང་པི་དིག ཡིན་ནའང་། སྔོན་མ་ནས་འོ་དེ་ཅོག་འདྲ་མེད་དིག 9ང་ཁྱེད་ཀྱ་ལེ་ཟེར་རོ། བྱི་བོ་དིང་། བྱི་མོ་རྒྱུགས་པའི་རྐྱེན་གྱི་ཕན་ཚུན་བར་ལེ་ཁ་བྲལ་གྱི་ཡི་གེ་བཟོ་ཆོག་གྱོ་འོད་དིག ཡང་ཁྱོ་ག་སུ་ཞིག་གིས་ཟང་རང་གི་བུད་མེད་གཡུགས་ཏེ། གཞན་མ་ཞིག་གི་སྐྱེན་ལེ་ཆང་ས་བརྒྱབ་ནི། དེ་ཟང་བྱི་བོ་རྒྱུགས་པི་དིང་ཅོག་འདྲ་ཡིན་དིག་ཟིན་གསུང་པི་དིག 10དེ་ནས་སློབ་མ་ཀྱ་ཀྱིས་ཡེ་ཤུ་ལེ་སྐྱེས་པ་དིང་བུད་མེད་ཀྱི་འབྲེལ་བ་འོ་དེ་གི་ཡིན་ནི། ཆང་ས་མ་བརྒྱབ་ནི་དགའ་ཤོས་ཡིན་དིག་སྨྲས་པི་དིག 11ཡིན་ནའང་། ཡེ་ཤུས་སློབ་མ་ཀྱ་ལེ། སུ་ལེ་གནང་བ་དེས་མ་གཏོགས། མི་ཡེ་རེས་ལབ་དེ་ལེ་ཁས་ལེན་བགྱིད་མི་ཐུབ་འོད་དིག 12ཅི་ལེ་ཟེར་ནི། མི་ཁ་ཤས་ནི་ཨ་མའི་ཁོག་པ་ནས་མཛོ་བོ་ཅོག་འདྲ་སྐྱེས་པི་དིག ཡང་མི་ཁ་ཤས་ནི་མི་ཀྱ་ཀྱིས་མཛོ་བོ་ཅོག་འདྲ་བཟོས་པི་དིག ཡང་མི་ཁ་ཤས་ནི་དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ཀྱི་དོན་ལེ་མནའ་མ་མ་བླངས་པི་དིག ལབ་དེ་ལེ་ཁས་ལེན་བགྱིད་ཐུབ་མཁན་གྱིས་ཁས་ལེན་བགྱིད་དགོས་འོད་དིག་ཟིན་གསུངས་པི་དིག
ཡེ་ཤུ་དིང་ཕྲུ་གུའི་སྐོར།
13ཡང་དུས་དེ་རྒྱ་མི་ཀྱ་ཀྱིས་རང་གི་ཕྲུ་གུ་ཀྱ་ལེ་ཡེ་ཤུས་ཕྱག་དབང་དིང་སྨོན་ལམ་འདེབས་རྒྱུ་ཆེད་དུ་ཡེ་ཤུའི་དྲུང་དུ་འཁྲིད་འོངས་ཕེན། སློབ་མ་ཀྱ་ཀྱིས་མི་འདི་ཀྱ་ལེ་འཁྲུག་པ་བཙལ་ལི་དིག 14ཡིན་ནའང་། ཡེ་ཤུས་སློབ་མ་ཀྱ་ལེ། ཕྲུ་གུ་ཆུང་མ་འདི་ཀྱ་མ་འགེག་ཅིག ངའི་རྩ་ལེ་འོང་དུ་ཅུག ཅི་ལེ་ཟེར་ནི། དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནི། ཕྲུ་གུ་འདི་ཀྱ་ཅོག་འདྲ་ཀྱ་ཀྱི་ཆེད་དུ་ཡིན་དིག་ཟིན་གསུངས་ཏེ། 15ཕྲུ་གུ་དེ་ཀྱ་ལེ་ཕྱག་དབང་གནང་བའི་རྗེས་ལེ་ས་ཆ་དེ་རིང་ཁ་བྲལ་ཏེ་ཕེབས་པི་དིག
གཞོན་ནུ་ཕྱུག་པོ་ཞིག་གི་སྐོར།
16དེ་ནས་མི་ཞིག་ཡེ་ཤུའི་མདུན་དུ་འོངས་ཏེ་ཁོང་ལེ། སློབ་དཔོན། མཐའ་​མེད་པའི་ཚེ་​སྲོག་འཐོབ་​རྒྱུ་ཆེད་དུ། ངས་​ཅི་​ཞིག་​བགྱིད་​དགོས་​འོད་དིག་​གོ་​ཟིན་​དྲིས་ཕེན། 17ཁོང་གིས་ཁོ་ལེ། ཁྱོད་ཀྱིས་དོན་བཟང་པོ་དེའི་སྐོར་ང་ལེ་ཅི་ལེ་དྲིས་ཡིན་དོ། བཟང་པོ་དེ་ནི་གཅིག་རང་གཅིག་མ་གཏོགས་མེད་དིག མཐའ་མེད་པའི་ཚེ་སྲོག་འཐོབ་འདོད་འོད་ནི། ཆོས་ཁྲིམས་ཀྱ་སྲུངས་ཤིག་ཟིན་གསུངས་པི་དིག 18དེ་ནས་ཁོས་ཡེ་ཤུ་ལེ། ཆོས་ཁྲིམས་ཅི་སྲུང་དགོས་འོད་དི་གོ་ཟིན་དྲིས་ཕེན། ཡེ་ཤུས་ཁོ་ལེ། ཁྱོད་ཀྱིས་མིའི་སྲོག་མ་གཅོད། བྱི་བོ་མ་རྒྱུགས། རྐུན་མ་མ་རྐུ། རྫུན་གྱི་དཔང་པོ་མ་བགྱིད།#19.18 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 20 ཨང་ 12-16 དིང༌། མདོ་ལྔ་པ་བཀའ་ལུང་ལེའུ་ 5 ཨང་ 16-20 ནང་ལེ་གཟིགས་རོགས། 19རང་གི་ཕ་མ་ལེ་བརྩི་བཀུར་གྱིས།#19.19 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 20 ཨང་ 12-16 དིང༌། མདོ་ལྔ་པ་བཀའ་ལུང་ལེའུ་ 5 ཨང་ 16-20 ནང་ལེ་ཟིགས་རོགས། ཁྱིམ་མཚེས་ཀྱ་ལེ་རང་ལེ་གཅེས་པོ་བགྱིད་དི་ཅོག་འདྲ་གཅེས་པོ་གྱིས་ཟིན་གསུངས་པི་དིག#19.19 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གསུམ་པ་ལེ་ཝི་ཚུལ་ཁྲིམས་ལེའུ་ 19 ཨང་ 18 ནང་ལེ་གཟིགས་རོགས། 20དེ་ནས་གཞོན་ནུ་ཁོས་ཡེ་ཤུ་ལེ། དེ་ཡེ་རེ་ངས་བསྲུངས་པི་ཡིན། ད་རུང་ང་ལེ་ཅི་མ་ཚང་འདུག་གོ་ཟིན་དྲིས་ཕེན། 21ཡེ་ཤུས་ཁོ་ལེ། གལ་སྲིད་ཁྱོད་ལེ་མ་ཚང་བ་དེ་ཚང་བ་སྒྲུབ་ནུས་པི་བགྱིད་འདོད་ནི། རྒྱུགས། རང་ལེ་འོད་ཡོད་རྒྱུ་ནོར་འོད་ཚད་བཙོངས་ཏེ། སྐྱོ་པོ་ཀྱ་ལེ་སྦྱིན་དང་། ཁྱོད་ལེ་དཀོན་མཆོག་གི་ཞིང་ཁམས་རུ་བྱ་དགའ་འཐོབ་ཀྱི་དིག དེ་ནས་ཚུར་ཤོག ངའི་རྗེས་ལེ་འབྲོངས་ལེད་ཟིན་གསུངས་པི་དིག 22ཡང་གསུང་དེ་ཐོས་ཏེ་གཞོན་ནུ་ཁོ་སེམས་པ་སྡུག་པོའི་ངང་ནས་ལོག་གི་དིག ཅི་ལེ་ཟེར་ནི། ཁོ་ལེ་རྒྱུ་ནོར་མང་པོ་འོད་དིག 23དེ་ནས་ཡེ་ཤུས་རང་གི་སློབ་མ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་ཕྱུག་པོ་ཞིག་ཞིང་ཁམས་ཀྱི་རྒྱལ་ཁབ་ནང་ལེ་འགྲོ་རྒྱུ་འདི་དཀའ་ལས་ཁག་པོ་ཡིན་དིག 24མི་​ཕྱུག་པོ་​ཞིག་ཞིང་ཁམས་ཀྱི་རྒྱལ་ཁབ་ནང་​ལེ་​འགྲོ་བ་​ལས། རྔ་མོང་​ཞིག་​ཁབ་ཀྱི་​མིག་​ཁུང་ནང་​ལེ་​འཛུལ་​རྒྱུ་དེ་​ལས་སླ་འོད་དིག་ཟིན་གསུངས་པི་དིག 25དེ་ནས་སློབ་མ་ཀྱ་ཀྱིས་གསུང་འདི་ཐོས་ཕེན་ཧ་ལས་ཏེ། འོ་ནེ། མི་སུ་ལེ་ཐར་པ་འཐོབ་སྲིད་རྒྱུ་ཟིན་ཞུས་ཕེན། 26ཡེ་ཤུས་སློབ་མ་ཀྱ་ལེ་གཟིགས་ཏེ། མི་ཀྱ་ལེ་དེ་འོང་མ་སྲིད་འོད་ནའང་། དཀོན་མཆོག་ལེ་དེ་ཡེ་རེ་འགྲུབ་སྲིད་གྱོ་འོད་དིག་ཟིན་གསུངས་པི་དིག 27དེ་ནས་པེ་ཏྲོ་ཁོས་ཡེ་ཤུ་ལེ། གཟིགས་དང༌། ཉེད་ཀྱ་ཀྱིས་ཡེ་རེ་སྤངས་ཏེ། ཁྱེད་ཀྱི་རྗེས་ལེ་འབྲངས་པི་ཡིན། ད་ཉེད་ཀྱ་ལེ་ཅི་འཐོབ་གྱོ་འོད་དི་གོ་ཟིན་ཞུས་ཏེ། 28ཡེ་ཤུས་སློབ་མ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། དཀོན་མཆོག་གིས་དངོས་པོ་ཡེ་རེ་ཡང་དང་གསར་པ་བཟོས་ཕེན། མིའི་རིགས་ཀྱི་བི་ས་རང་གི་གཟི་བརྗིད་ངང་ནས་ཁྲིའི་ལྟག་ག་ལེ་སྡོད་རྒྱ། ངའི་རྗེས་ལེ་འབྲང་མཁན་ཁྱེད་ཀྱ་ཀྱིས་ཟང་ཁྲི་བཅུ་གཉིས་ལྟག་ག་ལེ་བསྡད་དེ། ཡི་སི་ར་ཨེལ་གྱི་ཚོ་ཁག་བཅུ་གཉིས་ལེ་ཁྲིམས་གཅོད་བགྱིད་ཀྱི་དིག 29མི་སུ་ཞིག་གིས་ངའི་མིང་གི་དོན་ལེ་རང་གི་ཁང་པ་ཡང་ནི། སྤུན། ནུ་མོ། ཕ་མ། བུ་ཕྲུག ས་ཞིང་སྤངས་ནི། ཁོ་ལེ་དེ་ལས་ལྷག་ཚོད་ལྡབ་བརྒྱ་འཐོབ་ཀྱི་དིག ཡང་དེ་མ་ཟད། ཁོ་ལེ་མཐའ་མེད་པའི་ཚེ་ཟང་འཐོབ་ཀྱི་དིག 30ཡིན་ནའང་། དང་པོ་ཡིན་མཁན་མི་ཡེ་རེ་རྗེས་ལེ་ལུས་ཀྱི་དིག ཡང་རྗེས་མ་ཡིན་མཁན་མི་ཡེ་རེ་དང་པོ་འོང་གྱི་དིག་ཟིན་གསུངས་པི་དིག །

Currently Selected:

མད་ཐཱ། 19: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in