YouVersion Logo
Search Icon

མད་ཐཱ། 27

27
ལེའུ་ཉི་ཤུ་རྩ་བདུན།
ཡུ་དཱ་འགྱོད་པ་སྐྱེས་པ།
1དེའི་སྔ་རོག་​མཆོད་པ་འབུལ་མཁན་ཀྱ་དིང་། ཡུལ་གྱི་རྒན་མི་​ཡེ་རེས་ཡེ་ཤུ་དགྲོང་རྒྱུ་ཆེད་དུ་​གྲོས་བསྡུར་​བྱས་ཕེན། 2ཡེ་ཤུའི་ཕྱག་​བཀྱིགས་​ཏེ་​སྤྱི་དཔོན་​པི་ལ་ཏི་​ཟེར་མཁན་​གྱི་དྲུང་​དུ་​འཁྲིད་​འོངས་ཏེ། ཁོང་གི་ལག་ལེ་གཏད་དི​་དིག 3དེ་ནས་ཡེ་ཤུ་དགྲའི་ལག་ལ་གཏོད་མཁན་ཡུ་དཱ་ཁོས་ཡེ་ཤུ་གསོད་དགོས་པའི་ཁྲིམས་ཐག་བཅད་དི་མཐོང་ཕེན། འགྱོད་པ་སྐྱེས་ཏེ་དངུལ་ཊང་སུམ་ཅུ་དེ་འཁྱེར་ཏེ། མཆོད་པ་འབུལ་མཁན་ཀྱ་དིང་། རྒན་མི་ཀྱ་ཀྱི་རྩ་ལེ་ལོག་སྟེ། 4ངས་སྐྱོན་མེད་མེད་མི་ཞིག་ལེ་གཡོ་བཙོང་བྱས་ཏེ། སྡིག་ཉེས་ཆེན་པོ་བྱས་འདུག་སྨྲས་པི་དིག དེ་ནས་མི་དེ་ཀྱ་ཀྱིས་ཁོ་ལེ། དེ་ཉེད་ལེ་འབྲེལ་བ་ཅི་འོད་དི་གོ། དེ་ནི་ཁྱོད་ཀྱི་འགན་ཁུར་ཡིན་དིག་སྨྲས་པི་དིག 5དེ་ནས་ཁོས་དངུལ་དེ་མཆོད་ཁང་ནང་ལེ་གཡུགས་ཏེ། ཕ་ལེ་ཕྱིན་ཏེ་རང་གི་སྐེ་ལེ་ཐག་པ་བསྡམས་ཏེ་རང་ཤི་བརྒྱབ་པི་དིག 6དེ་ནས་མཆོད་པ་འབུལ་མཁན་ཀྱ་ཀྱིས་དངུལ་ཊང་སུམ་ཅུ་དེ་ཡར་བླངས་ཏེ། དངུལ་འདི་ནི་མི་བསད་དི་ཁྲག་རིན་ཡིན་ཕེན། དཀོན་མཆོག་གི་ཆོས་ཁྲིམས་ཅོག་འདྲ་མཆོད་ཁང་ཆེན་མོའི་མཛོད་ཁང་ནང་ལེ་འབོར་མི་ཆོག་འོད་དིག་ཟིན། 7ཁོང་ཀྱ་གྲོས་བསྡུར་བྱས་ཏེ། དངུལ་ཊང་དེ་རྫ་མ་བཟོ་མཁན་གྱི་ལག་ནས་ཞིང་ཞིག་ཉོས་ཏེ། ཕྱི་མི་ཀྱ་ཀྱི་ཆེད་དུ་དུར་ས་བགྱིད་ས་བྱས་པི་དིག 8འོ་དེ་ལེ་བརྟེན་ཏེ། ཞིང་དེའི་མིང་ལེ་ཁྲག་རིན་གྱི་ཞིང་ཟིན་འོད་དིག 9དེ་ནི་ལུང་སྟོན་པ་ཡེ་རེམ་ཡཱས། ཡི་སི་ར་ཨེལ་གྱི་བུ་རྒྱུད་ཁ་ཤས་ཀྱིས་ཐག་གཅོད་བྱས་པའི་རིན་པ་དངུལ་ཊང་སུམ་ཅུ་དེ་བླངས་ཏེ། 10ཁོང་ཀྱ་ཀྱིས་རྫ་མ་བཟོ་མཁན་གྱི་ཞིང་ཟེར་རི་དེ་ཉོས། ཇོ་བོས་ང་ལེ་འོ་དེ་གི་གསུངས་པི་དེ་བསྒྲུབས་པི་དིག#27.10 ཚིགས་བཅད་འདི་ནི་ལུང་སྟོན་པ་ཟེ་ཀ་རི་ཡཱས་བྲིས་པའི་མདོ་ལེའུ་ 11 ཨང་ 12-13 དིང༌། ལུང་སྟོན་པ་ཡེ་རེམ་ཡཱས་བྲིས་པའི་མདོ་ལེའུ་ 19 ཨང་ 1-13 དིང༌། ལེའུ་ 32 ཨང་ 6-9 ནང་ལེ་གཟིགས་རོགས།
ཡེ་ཤུ་སྤྱི་དཔོན་པི་ལ་ཏིའི་དྲུང་དུ་ཁྲིད་པ།
11ཡེ་ཤུ་ཁོང་རང་ནི་སྤྱི་དཔོན་པི་ལ་ཏིའི་དྲུང་དུ་ཡར་བཞེངས་རྒྱ། སྤྱི་དཔོན་གྱིས་ཡེ་ཤུ་ལེ། ཁྱོད་ཡ་ཧུ་དཱ་པའི་རྒྱལ་པོ་དེ་ཡིན་དས་ཟིན་དྲིས་ཕེན། ཡེ་ཤུས་སྤྱི་དཔོན་ཁོང་ལེ། ཁྱེད་ཀྱིས་གསུངས་པི་ཅོག་འདྲ་ཡིན་ཟིན་གསུངས་པི་དིག 12དེ་ནས་མཆོད་པ་འབུལ་མཁན་ཀྱ་དིང་། རྒན་མི་ཀྱ་ཀྱིས་ཡེ་ཤུ་ལེ་ནག་ཉེས་བཙུགས་ནའང་། ཁོང་གིས་ལན་ཅི་གང་གསུངས་མ་གནང་པི་དིག 13དེ་ནས་སྤྱི་དཔོན་པི་ལ་ཏི་ཁོས་ཡེ་ཤུ་ལེ། མི་འདི་ཀྱ་ཀྱིས་ཁྱོད་ལེ་ནག་ཉེས་མང་པོ་འཛུགས་གྱོ་འོད་དི་ཁྱོད་ཀྱིས་མི་ཐོས་འདུག་གས་སྨྲས་ནའང་། 14ཁོང་གིས་ལབ་ལན་ཅི་གང་གསུངས་མ་གནང་ཕེན། སྤྱི་དཔོན་ཁོང་རང་ཧ་ལས་ཆེན་པོ་བྱུང་པི་དིག 15དུས་དེ་རྒྱ་ཡ་ཧུ་དཱ་པའི་སྲོག་ཐར་བའི་དུས་ཆེན་ཡིན་ཕེན། དུས་ཆེན་དེ་ལེ་སྤྱི་དཔོན་པི་ལ་ཏི་ཁོས་མི་ཚོགས་ཀྱི་འདོད་པ་ཅོག་འདྲ་བཙོན་པ་རེ་རེ་གློད་གྲོལ་གཏོང་རྒྱུ་ལུགས་སྲོལ་ཞིག་འོད་དིག 16དེ་རྒྱ་མིང་རྗེས་ངན་པ་ཀུན་ལེ་ཁྱབ་འོད་ཡོད་མིང་ལེ་པཱ་རབ་པཱ་ཟེར་མཁན་བཙོན་པ་ཞིག་བཙོན་ཁང་ནང་ལེ་འོད་དིག 17དེ་ནས་སྤྱི་དཔོན་པི་ལ་ཏི་ཁོས་རང་གི་དྲུང་དུ་འཛོམས་འོངས་པའི་མི་དེ་ཀྱ་ལེ། ངས་ཁྱེད་ཀྱ་ཀྱི་ཆེད་དུ་པཱ་རབ་པཱ་དིང་། ཡང་ནི། སྐྱབས་མགོན་ཟེར་མཁན་ཡེ་ཤུ་ཁོང་གཉིས་ནང་ནས་སུ་གློད་གྲོལ་བཏང་ནི། ཁྱེད་ཀྱ་དགའ་རི་འོང་རྒྱུ་དྲག་གོ་ཟིན་དྲིས་པི་དིག 18ཅི་ལེ་ཟེར་ནི། སྤྱི་དཔོན་པི་ལ་ཏི་ཁོས་མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ་ཕྲག་དོག་སྐྱེས་ཏེ་རང་གི་དྲུང་དུ་ཁྲིད་འོངས་པི་ཧ་གོ་པི་དིག 19དེ་ནས་པི་ལ་ཏི་ཁོང་རང་ཁྲིམས་དཔོན་གྱི་ཁྲི་ལྟག་ག་ལེ་སྡོད་རྒྱ། ཁོའི་བུ་མེད་ཀྱིས་ཁོང་ལེ། མི་དེའི་རྐྱེན་གྱིས་མདང་ང་ལེ་རྨི་ལམ་གདུག་ཅག་ཞིག་རྨིས་ཏེ། ངས་ཁོང་གི་དོན་ལེ་དཀའ་སྡུག་ཆེན་པོ་མྱངས་པི་ཡིན། ཁྱེད་ཀྱིས་སྐྱོན་མེད་མེད་མི་དེའི་དོན་ལེ་ཐེ་གཏོགས་མ་བགྱིད་ཅིག་ཟིན་ལོན་བསྐུར་རི་དིག 20ཡིན་ནའང་། མཆོད་པ་འབུལ་མཁན་ཀྱ་དིང་། རྒན་མི་ཀྱ་ཀྱིས་མི་ཚོགས་ལེ། པཱ་རབ་པཱ་ཁོ་གློད་སྟེ། དེའི་ཚབ་ལེ་ཡེ་ཤུ་གསོད་དགོས་འོད་སྨྲོས་ཤིག་ཟིན་བསྐུལ་མ་བཏང་པི་དིག 21ཡང་དང་སྤྱི་དཔོན་པི་ལ་ཏི་ཁོས། ཁྱེད་ཀྱ་ཀྱི་ཆེད་དུ་ངས་མི་འདི་གཉིས་ནང་ནས་སུ་གློད་ནི། ཁྱེད་ཀྱ་དགའ་རི་འོང་རྒྱུ་དྲག་གོ་ཟིན་དྲིས་ཕེན། ཁོང་ཀྱ་ཀྱིས་པཱ་རབ་པཱ་ཁོ་གློད་རོགས་སྨྲས་པི་དིག 22ཡང་པི་ལ་ཏི་ཁོས་མི་ཚོགས་ཀྱ་ལེ། ཁྱེད་ཀྱ་ཀྱིས་སྨྲོས་དང་། སྐྱབས་མགོན་ཟེར་མཁན་ཡེ་ཤུ་འདི་ལེ། ངས་ཅི་གི་བགྱིད་རྒྱུ་ཟིན་དྲིས་ཏེ། ཁོང་ཀྱ་ཀྱིས་ཁོ་གདུང་མ་ཀུ་རུ་ཁ་ལྟག་ག་ལེ་​བརྒྱང་​སྟེ་​སོད་​ཅིག་​ཟིན་​འུར་སྒྲ་​མང་པོ་​བརྒྱབ་​པི་དིག 23ཡང་པི་ལ་ཏི་ཁོས་མི་ཚོགས་དེ་ཀྱ་ལེ། རྒྱུ་མཚན་ཅི་ལེ། ཁོས་ལས་ངན་པ་ཅི་བྱས་འདུག་གོ་ཟིན་དྲིས་ནའང་། མི་ཚོགས་ཀྱིས་སྐད་ཤུགས་ཆེན་པོས་ངང་ནས་པི་ལ་ཏི་ལེ། ཁོ་གདུང་མ་ཀུ་རུ་ཁ་ལྟག་ག་ལེ་​བརྒྱང་​སྟེ་​སོད་​ཅིག་​ཟིན་​འུར་སྒྲ་​མང་པོ་​བརྒྱབ་​ཕེན། 24པི་ལ་ཏི་ཁོས་ཅི་གང་བགྱིད་མ་ཐུབ་པི་མ་ཟད། ཟིང་འཁྲུག་ཆེན་པོ་ལང་རྒྱུ་ལེ་ཉེན་ཁ་འོད་དི་མཐོང་ཕེན། མི་ཚོགས་ཀྱི་དྲུང་དུ་རང་གི་ལག་ག་ཆུ་ལེ་བཀྲུས་ཏེ། དེ་རུ་འོད་ཡོད་མི་ཚོགས་ཀྱ་ལེ། མི་འདི་གསོད་རྒྱུ་འགན་འཁུར་དེ་ང་ལེ་མེད། ཁྱེད་ཀྱ་ཀྱིས་དེའི་འཁུར་དགོས་འོད་སྨྲས་པི་དིག#27.24 ཡ་ཧུ་དཱ་པའི་ལུགས་སྲོལ་ནང་ལེ། རང་ལེ་ནག་ཉེས་མེད་དི་རྟགས་ལེ་ལག་ག་ཆུ་ལེ་འཁྲུད་གྱོ་འོད་དིག 25ཡང་མི་ཚོགས་དེ་ཡེ་རེས་སྐད་ཆེན་པོས་ངང་ནས། མི་ཁོའི་ཁྲག་དེ་ནི་ཉེད་ཀྱ་དིང་། ཡང་ཉེད་ཀྱ་ཀྱི་བུ་རྒྱུད་ཀྱ་ཀྱིས་འགན་འཁུར་བགྱིད་ཀྱི་ཡིན་ཟིན་སྨྲས་ཕེན། 26སྤྱི་དཔོན་པི་ལ་ཏི་ཁོས་ཁོང་ཀྱ་ཀྱི་ཆེད་དུ། པཱ་རབ་པཱ་ཁོ་བཙོན་ཁང་ནས་གློད་དེ། ཡེ་ཤུ་ལེ་ལྕག་ཚན་གཞུ་དུ་བཅུག་སྟེ། གདུང་མ་ཀུ་རུ་ལྟག་ག་ལེ་​བརྒྱང་​སྟེ་གསོད་རྒྱུ་ཆེད་དུ་དམག་མི་ཀྱ་ཀྱི་ལག་ལེ་གཏད་དི་དིག
དམག་མི་ཀྱ་ཀྱིས་ཡེ་ཤུ་ལེ་འཕྱམ་ཆ་བཏང་བ།
27དེ་ནས་སྤྱི་དཔོན་པི་ལ་ཏི་ཁོའི་དམག་མི་ཀྱ་ཀྱིས་ཡེ་ཤུ་ཕོ་བྲང་ནང་ལེ་ཁྲིད་ཕེན། དམག་དཔུང་ཡེ་རེ་ཟང་ཡེ་ཤུའི་མདུན་དུ་འཛོམས་འོངས་ཏེ། 28ཡེ་ཤུའི་ལུས་ལེ་གྱོན་པའི་ནམ་བཟའ་དེ་བུད་དེ། ཁོང་ལེ་ཁ་གྱོན་དམར་པོ་ཞིག་བསྐོན་པི་མ་ཟད། 29ཡང་ཚེར་མ་ནས་སླས་པའི་དབུ་རྒྱན་ཞིག་ཁོང་གི་དབུ་ལེ་བསྐོན་པི་དིང་། ཕྱག་གཡས་པ་ལེ་རྒྱུག་པ་ཞིག་འཛིན་དུ་བཅུག་སྟེ། ཁོང་ཀྱ་ཀྱིས་ཁོང་གི་མདུན་དུ་པུས་མོ་ས་ལེ་བཙུགས་ཏེ། ཡ་ཧུ་དཱ་པའི་རྒྱལ་པོ་ལེ་ཕྱག་འཚལ་ལོ་ཟིན་ཡེ་ཤུ་ལེ་འཕྱམ་ཆ་བཏང་པི་དིག 30ཡང་མི་ཀྱ་ཀྱིས་ཁོང་ལེ་མཆིལ་མ་གཏོར་ཏེ། དབུ་ལེ་རྒྱུག་པ་གཞུ་ལས་གཞུ་ལས་བྱས་པི་དིག 31ཡང་ཁོང་ལེ་འཕྱམ་ཆ་བཏང་ཚར་རི་རྗེས་ལེ། ཁ་གྱོན་དམར་པོ་དེ་བུད་དེ། ཁོང་ལེ་རང་གི་ནམ་བཟའ་དེ་གྱོན་དུ་བཅུག་པི་རྗེས་ལེ་གདུང་མ་ཀུ་རུ་ཁ་ལྟག་ག་ལེ་གཟེར་བརྒྱབ་སྟེ་གསོད་རྒྱུ་ཆེད་དུ་ཕར་ཁྲིད་བུད་དི་དིག
ཡེ་ཤུ་གདུང་མ་ཀུ་རུ་ཁ་ལྟག་ག་ལེ་བཀྲོངས་པ།
32ཁོང་ཀྱ་ཕྱི་ལེ་འགྲོ་རྒྱ། ཀི་རེ་ནེ་ཟེར་རི་རྒྱལ་ས་ནས་ཡིན་དི་མིའི་མིང་ལེ་སི་མོན་ཟེར་མཁན་ཞིག་ཐུག་ཕེན། དམག་མི་ཀྱ་ཀྱིས་ཡེ་ཤུ་སྲོག་ཐོག་གཏོང་ས་གདུང་མ་ཀུ་རུ་ཁ་དེ་ཁོ་ལེ་བཙན་དབང་བཏང་སྟེ་འཁུར་དུ་བཅུག་པི་དིག 33ཡང་གོལ་གོ་ཐ ་ཟེར་རི་ས་ཆ་དེ་རུ་སླེབས་ཕེན། 34དམག་མི་ཀྱ་ཀྱིས་ཡེ་ཤུ་ལེ་སྨན་རྩྭ་ཁ་ཏིག་བསྲེས་འོད་ཡོད་རྒུན་ཆང་དེ་བྱིན་ནའང་། ཁོང་གིས་འདི་ལེ་བྲོ་བ་བལྟས་པི་མ་གཏོགས་བཞེས་མ་གནང་པི་དིག 35དམག་མི་དེ་ཀྱ་ཀྱིས་ཡེ་ཤུའི་ཕྱག་དིང་ཞབས་ལེ་གཟེར་བརྒྱབ་ཏེ། གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་བརྒྱངས་པི་རྗེས་ལེ། དམག་མི་ཀྱ་ཀྱིས་ཁོང་གི་ནམ་བཟའ་ལེ་རྒྱན་བརྒྱབ་སྟེ་བགོ་བཤའ་བརྒྱབ་པི་མ་ཟད། 36དམག་མི་དེ་ཀྱ་ཀྱིས་ས་ཆ་དེ་རུ་ཡེ་ཤུ་ལེ་བསྲུངས་ཏེ་བསྡད་དི་དིག 37ཡང་ཁོང་གི་ཉེས་སྐྱོན་དེ་ནི། གདུང་མ་ཀུ་རུ་ཁའི་རྩེ་ལེ་ཤིང་ལེབ་ཞིག་གི་ལྟག་ག་ལེ། མི་འདི་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་དིག་ཟིན་བྲིས་ཏེ་བོར་འོད་དིག 38དུས་དེ་རྒྱ། ཁོང་གི་གཡས་གཡོན་ལེ་ཇག་པ་གཉིས་ཟང་གདུང་མ་ཀུ་རུ་ཁ་རེ་རེ་ལྟག་ག་ལེ་གཟེར་བརྒྱབ་སྟེ་བརྒྱངས་བོར་འོད་དིག 39ས་ཆ་དེའི་བརྒྱུད་ནས་འགྲོ་མཁན་མི་ཀྱ་ཀྱིས་ཁོང་ལེ་མགོ་གཡུག་གཡུག་བྱས་ཏེ་འཕྱམ་ཆ་གཏོང་གི་མ་ཟད། 40མཆོད་ཁང་ཆེན་མོ་བཤིག་སྟེ་ཉིན་གསུམ་གྱི་ནང་ལེ། ཡང་དང་རྩིག་གྱི་ཡིན་ཟེར་མཁན་ཁྱོད། རང་གིས་རང་ལེ་སྐྱོབས་ཤིག ཁྱོད་རང་དཀོན་མཆོག་གི་སྲས་ཡིན་ནི། གདུང་མ་ཀུ་རུ་ཁ་ནས་མར་བོབས་ལེད་སྨྲས་པི་དིག 41ཡང་དེ་མ་ཟད། མཆོད་པ་འབུལ་མཁན་ཀྱ་དིང༌། ཆོས་ཁྲིམས་མཁས་པའི་མི་དིང༌། རྒན་མི་ཀྱ་ཀྱིས་ཟང་ཁོང་ལེ། 42ཁོས་མི་གཞན་ལེ་བསྐྱབས་ནུས་ནའང་། རང་གིས་རང་ལེ་སྐྱོབ་མི་ཐུབ་འོད་དིག ཁོ་ཡི་སི་ར་ཨེལ་གྱི་རྒྱལ་པོ་ཡིན་ནི། ད་ལྟ་རང་ཁོ་གདུང་མ་ཀུ་རུ་ཁ་ནས་མར་འབབ་འོང་གྱི་དིག དེ་ནས་ཉེད་ཀྱ་ཁོ་ལེ་དད་པ་བགྱིད་ཀྱི་ཡིན་ཟིན་འཕྱམ་ཆ་གཏོང་གྱོ་འོད་དི་མ་ཟད། 43ཁོས་དཀོན་མཆོག་ལེ་བློ་གཏོད་བྱས་ཏེ། ང་ནི་དཀོན་མཆོག་གི་སྲས་ཡིན་སྨྲས་ཕེན། དཀོན་མཆོག་གིས་ཁོ་ལེ་ཐུགས་མཉེས་ནི། ད་ལྟ་རང་ཁོ་ལེ་སྐྱོབ་གནང་གྱི་དིག་སྨྲས་པི་དིག 44ཡང་ཁོང་དིང་སྐྱེན་ལེ་གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་གཟེར་བརྒྱབ་སྟེ་བོར་རི་ཇག་པ་དེ་གཉིས་ཀྱིས་ཟང་ཁོང་ལེ། འོ་དེ་གི་ཅོག་འདྲ་སྨྲས་ཏེ་འཕྱམ་ཆ་བཏང་པི་དིག 45དེ་ནས་ཉིན་གུང་​གི་​ཆུ་ཚོད་​བཅུ་གཉིས་​ནས་​དགོང་མོའི་​ཆུ་ཚོད་​གསུམ་པ་​བར་​དུ། ལུང་པ་​ཡེ་རེ་​མུན་ནག་གི་ཁེངས་པི་མ་ཟད།#27.45 དེ་རུ་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་ནས་དགོང་མོའི་ཆུ་ཚོད་གསུམ་པ་བར་དུ་ཟིན་བྲིས་འོད་དིག ཡིན་ནའང་། ཡ་ཧུ་དཱ་པའི་མི་རིགས་ཀྱི་བརྩི་སྲོལ་ནང་ལེ་ཆུ་ཚོད་དྲུག་པ་ནས་ཆུ་ཚོད་དགུ་ཟིན་བྲིས་འོད་དིག ཆུ་ཚོད་དྲུག་པ་ཟེར་ནི་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་ཡིན་དིག 46ཆུ་ཚོད་གསུམ་པ་ཚོད་ལེ་ཡེ་ཤུས་གསུང་སྐད་ཆེན་པོས་ངང་ནས། ཨེ་ལོ་ཨི། ཨེ་ལོ་ཨི། ལཱ་མཱ་སཱ་པཱག་ཐཱ་ནེ་​ཟིན་གསུངས་པི་དིག དེའི་དོན་དག་ནི། ངའི་དཀོན་མཆོག ངའི་དཀོན་མཆོག ཁྱེད་ཀྱིས་ང་ཅི་ལེ་གཡུགས་གནང་གི་ཡིན་དོ་ཟེར་རི་དིག#27.46 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 22 ཨང་ 1 ནང་ལེ་གཟིགས་རོགས། 47ཡང་ས་ཆ་དེའི་ཉེ་འགྲམ་ལེ་འོད་ཡོད་མི་ཁ་ཤས་ཀྱིས་གསུང་སྐད་དེ་ཐོས་ཕེན། ལྟོས་དང་། མི་འདིས་ལུང་སྟོན་པ་ཨེ་ལི་ཡཱ་སྐད་གཏོང་གི་འདུག་སྨྲས་ལོང་མེད། 48ཁོང་ཀྱ་ནང་ནས་མི་ཞིག་གིས་བྲེལ་འཚུབ་འཚུབ་ངང་ནས་ཕ་ལེ་བརྒྱུགས་ཕྱིན་ཏེ། རྒུན་ཆང་སྐྱུར་མོའི་ནང་ལེ་བལ་སྦངས་ཏེ་རྒྱུག་པའི་རྩེ་ལེ་བཀོན་ཏེ་ཡེ་ཤུ་ལེ་ཕུལ་ལི་དིག 49ཡང་མི་གཞན་མ་ཀྱ་ཀྱིས། སྒུག་དང་། ཁོ་ལེ་སྐྱོབ་ཏུ་ལུང་སྟོན་པ་ཨེ་ལི་ཡཱ་ཕེབས་འོང་མི་འོང་བལྟ་བོ་སྨྲས་པི་དིག 50ཡང་དང་ཡེ་ཤུས་གསུང་སྐད་ཆེན་པོ་ཞིག་བརྒྱབ་པའི་རྗེས་ལེ། སྐུ་སྲོག་བློས་བཏང་གནང་པི་དིག 51དེ་རྒྱ་མཆོད་ཁང་ཆེན་མོའི་ནང་གི་སྒོ་ཡོལ་དེ་ཟང་། རྩེ་ནས་མཇུག་བར་ཐུབ་དུམ་བུ་གཉིས་ལེ་རལ་བུད་དི་མ་ཟད། ས་འགུལ་ལི་དིང་། བྲག་གས། 52ཡང་དུར་ཁང་གི་སྒོ་ཕྱེ་ཏེ། དཀོན་མཆོག་གི་ཡིན་དི་མི་བཤིན་པོ་ཀྱ་ནང་ནས་མང་པོ་ཞིག་ཡང་དང་གསོན་པོ་ལངས་པི་མ་ཟད། 53ཡེ་ཤུ་སྐུ་གསོན་པོར་བཞེངས་པའི་རྗེས་ལེ། མི་དེ་ཀྱ་ཟང་དུར་ཁང་ནས་ཐོན་ཏེ། གནས་མཆོག་ཡེ་རུ་ས་གླིང་ལེ་བུད་དེ་མི་མང་པོས་ཟང་མཐོང་པི་དིག 54དམག་མིའི་བརྒྱ་དཔོན་དིང༌། ཡང་ཁོ་དིང་སྐྱེན་ལེ་ཡེ་ཤུ་ལེ་སྲུང་མཁན་ཀྱ་ཀྱིས་ཟང་ས་འགུལ་ལི་དིང་། དེ་མིན་ཅི་བྱུང་བའི་དོན་དེ་ཡེ་རེ་མཐོང་སྟེ་འཇུ་གུ་འཇིགས་ཕེན། མི་འདི་ངོ་ཐོག་དཀོན་མཆོག་གི་སྲས་ཡིན་དིག་སྨྲས་པི་དིག 55ཡང་དེ་རྒྱ་ཡེ་ཤུ་ལེ་ཞབས་ཕྱི་ཞུས་ཏེ་ཁོང་གི་རྗེས་ལེ་འབྲང་མཁན་ག་ལིལ་ལུང་པའི་བུ་མའ་མང་པོ་ཞིག་ཟང་དེ་རུ་འོངས་ཏེ། རྒྱང་ནས་བལྟས་བསྡད་འོད་དིག 56བུ་མའ་དེ་ཀྱ་ཀྱི་ནང་ནས་མག་དལ་ཡུལ་ནས་ཡིན་མཁན་མིར་ཡམ་དིང༌། ཡ་ཀོབ་དིང་། ཡོ་སེབ་ཀྱི་ཨ་མ་མིར་ཡམ། ཟེ་བད་ཡཱ་ཟེར་རི་བི་སའི་ཨ་མ་ཟང་འོད་དིག
ཡེ་ཤུའི་ཕུང་པོ་བྲག་ཕུག་ནང་ལེ་བཅུག་པ།
57དེ་ནས་དགོང་མོའི་དུས་ལེ། ཡུལ་ཨ་རི་མ་ཐཱ་ལེ་སྡོད་མཁན་མིང་ལེ་ཡོ་སེབ་ཟེར་མཁན་མི་ཕྱུག་པོ་དེ་ཟང་དེ་རུ་སླེབས་པི་དིག ཁོ་རང་ཟང་ཡེ་ཤུའི་སློབ་མ་ཞིག་ཡིན་དིག 58ཁོས་པི་ལ་ཏིའི་དྲུང་དུ་ཕྱིན་ཏེ། ཡེ་ཤུའི་ཕུང་པོ་དེ་ང་ལེ་གནང་རོགས་ཟིན་ཞུས་ཕེན། པི་ལ་ཏི་ཁོས་ཟང་ཡོ་སེབ་ལེ་གཏོད་ཟིན་བཀའ་གནང་པི་དིག 59དེ་ནས་ཡོ་སེབ་ཀྱིས་ཡེ་ཤུའི་ཕུང་པོ་མར་བླངས་ཏེ་སྤུས་རས་གཙང་མ་ཤིག་གི་ནང་ལེ་དཀྲིས་ཏེ། 60ཁོ་རང་གི་ཆེད་དུ་བྲག་ལེ་སྐོད་བརྒྱབ་སྟེ་རོ་སྦས་ས་བཟོས་པའི་བྲག་ཕུག་གསར་པ་དེའི་ནང་ལེ་ཁོང་གི་ཕུང་པོ་བོར་རི་མ་ཟད། བྲག་ཕུག་དེའི་ཁ་ལེ་ཕོང་གན་ཆེན་པོ་ཞིག་གིས་བཀག་སྟེ་བོར་རི་རྗེས་ལེ་ཁོ་རང་བུད་དིག 61དེ་རྒྱ་མིར་ཡམ་མག་དལ་​དིང༌། མིར་ཡམ་ཟེར་མཁན་གཞན་མ་ཞིག་ཟང་ཁོང་གི་ཕུང་པོ་བོར་ས་ཁ་གཏད་རུ་བསྡད་འོད་དིག
དུར་ཁང་བསྲུངས་པ།
62དེའི་སྔ་དྲོ་ཡ་ཧུ་དཱ་པའི་ངལ་གསོལ་པའི་ཉིན་མ་ཡིན་ཕེན། མཆོད་པ་འབུལ་མཁན་ཀྱ་དིང་། ཕཱ་རུ་ཤི་པ་ཀྱ། སྤྱི་དཔོན་པི་ལ་ཏི་ཁོའི་དྲུང་དུ་འཛོམས་འོངས་ཏེ། 63ཁོང་ལེ། རྒན། མགོ་སྐོར་གཏོང་མཁན་དེ་གསོན་པོ་ཡིན་རྒྱ། ཁོས་ཉིན་མ་གསུམ་གྱི་རྗེས་ལེ་ང་ཡང་དང་གསོན་པོ་ལང་འོང་གྱི་ཡིན་སྨྲས་པའི་ལབ་དེ་ཉེད་ཀྱ་ཀྱིས་དྲན་པ་གསོ་བྱུང་། 64ཉིན་གསུམ་བར་དུ་དུར་ཁང་སྲུངས་ཤིག་ཟིན་བཀའ་གཏོང་རོགས། ཅི་ལེ་ཟེར་ནི། ཁོའི་སློབ་མ་ཀྱ་འོངས་ཏེ། ཁོའི་རོ་དུར་ཁང་ནས་བརྐུས་ཏེ་ཕ་ལེ་འཁྱེར་འགྲོ་བ་མ་ཟད། མི་ཀྱ་ལེ། ཁོ་གཤིན་པོ་ནས་ཡང་དང་གསོན་པོ་བྱུང་པི་དིག་སྨྲས་ནི། གཡོ་རྒྱུ་དེ་སྔོན་མ་ལས་ལྷག་ཚོད་རྗེས་མ་དེ་ཚབས་ཆེན་པོ་འགྲོ་རྒྱུ་ཉེན་ཁ་འོད་དིག་སྨྲས་ཕེན། 65པི་ལ་ཏི་ཁོས་ཁོང་ཀྱ་ལེ། སྲུང་དམག་ནི་ཁྱེད་ཀྱ་ལེ་འོད་དིག འཁྲིད་དེ་ཅི་ཐུབ་གང་ཐུབ་ངང་ནས་བརྟན་པོ་བྱས་ཏེ་སྲུངས་ཤིག་ཟིན་བཀའ་གནང་པི་དིག 66དེ་ནས་ཁོང་ཀྱ་ཀྱིས་སྲུང་དམག་ཁ་ཤས་འཁྲིད་དེ་ཕུང་པོ་བོར་འོད་ཡོད་བྲག་ཕུག་ཁ་ལེ་རྡོས་དགའ་མོ་བྱས་ཏེ་བཀག་གི་མ་ཟད། རྡོའི་ཁ་ལེ་དམ་ཕྲུག་བརྒྱབ་སྟེ་སྲུང་དུ་བཅུག་པི་དིག །

Currently Selected:

མད་ཐཱ། 27: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in