1
ལུ་ཀ་ལེའུ་ 11:13
རྫོང་ཁ་
ཁྱེད་མི་ངན་པ་ཨིན་ཏེ་འབད་རུང་ རང་གི་བུ་དང་བུམོ་ཚུ་ལུ་ གསོལ་རས་ལེགས་ཤོམ་བྱིན་ཤེས་པ་ཅིན་ ཞིང་ཁམས་ལུ་བཞུགས་ཡོད་མི་ཡབ་ཀྱིས་ མི་ངན་པ་ཚུ་ལས་ཡང་ལྷགཔ་སྦེ་ ཁོ་ལས་ཞུ་མི་ལུ་ དམ་པའི་ཐུགས་ཉིད་དེ་ མ་གནང་བར་མི་བཞག་ཟེར་གསུངས་ནུག།
Compara
Explorar ལུ་ཀ་ལེའུ་ 11:13
2
ལུ་ཀ་ལེའུ་ 11:9
ང་གིས་ཁྱེད་ལུ་སླབ་དོ་ ཞུ་བ་ཅིན་ཁྱེད་ལུ་གནང་འོང་ འཚོལ་བ་ཅིན་ཁྱེད་ཀྱིས་འཚོལ་ཐོབ་འོང་ སྒོ་བརྡུང་བ་ཅིན་ཁྱེད་ཀྱི་དོན་ལུ་སྒོ་ཕྱེ་གནང་འོང་།
Explorar ལུ་ཀ་ལེའུ་ 11:9
3
ལུ་ཀ་ལེའུ་ 11:10
ག་ཅི་སྨོ་ཟེར་བ་ཅིན་ ག་ཞུ་མི་དེ་ལུ་གནང་འོང་ འཚོལ་མི་དེ་གིས་ཐོབ་འོང་ སྒོ་བརྡུང་མི་དེ་ལུ་སྒོ་ཕྱེ་གནང་འོང་།
Explorar ལུ་ཀ་ལེའུ་ 11:10
4
ལུ་ཀ་ལེའུ་ 11:2
ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་སྨོན་ལམ་བཏབ་ད་ ཨ་ནི་བཟུམ་སྦེ་བཏབ་དགོ། ཀྱེ་ཡབ་ ནཱ་གི་མཚན་དམ་པ་བསྲུང་བར་ཤོག་ ནཱ་གི་རྒྱལ་སྲིད་འབྱོན་པར་ཤོག
Explorar ལུ་ཀ་ལེའུ་ 11:2
5
ལུ་ཀ་ལེའུ་ 11:4
ང་བཅས་ཀྱིས་མི་གཞན་གྱི་སྡིག་པ་ བཀའ་དྲིན་བསྐྱངམ་བཟུམ་སྦེ་ ང་བཅས་ཀྱི་སྡིག་པ་ལུ་ཡང་ བཀའ་དྲིན་བསྐྱང་གནང་ དེ་ལས་ང་བཅས་ལུ་བར་ཆད་ནང་ཚུད་མ་བཅུག་ཟེར་ དེ་སྦེ་སྟོན་གནང་ནུག
Explorar ལུ་ཀ་ལེའུ་ 11:4
6
ལུ་ཀ་ལེའུ་ 11:3
ང་བཅས་ལུ་ཉིན་མ་རིང་ཆེ་གི་བཟའ་འཐུང་གནང་།
Explorar ལུ་ཀ་ལེའུ་ 11:3
7
ལུ་ཀ་ལེའུ་ 11:34
ཁྱོད་ཀྱི་མིག་ཏོ་དེ་ ལུས་ཀྱི་ས་ཏི་བཟུམ་སྦེ་ཨིན་ ཁྱོད་ཀྱི་མིག་ཏོ་འདི་ལེགས་ཤོམ་ཡོད་པ་ཅིན་ ཁྱེད་ཀྱི་ལུས་ནང་ན་འོད་ཤར་སྡོད་འོང་ ཁྱོད་ཀྱི་མིག་ཏོ་ལེགས་ཤོམ་མེད་པ་ཅིན་ ལུས་ནང་ན་ གནག་དུང་གིས་གང་སྡོད་འོང་།
Explorar ལུ་ཀ་ལེའུ་ 11:34
8
ལུ་ཀ་ལེའུ་ 11:33
མི་ག་ར་འབད་རུང་ ས་ཏི་བཏེགས་ཏེ་ ག་གིས་ཡང་མ་མཐོངམ་སྦེ་ སྦ་མི་བཞག་ སྦ་ཟེ་གི་འོག་ལུ་ཡང་བཙུགས་ཏེ་མི་བཞག་ དེ་འབདཝ་ད་ ནང་ན་འོང་མི་ག་ར་གིས་ འོད་འདི་མཐོང་ནིའི་དོན་ལུ་ ས་ཏི་བཏེགས་ཏེ་ སྟེགས་ཀྱི་གུ་བཀལ་བཞག་འོང་།
Explorar ལུ་ཀ་ལེའུ་ 11:33
Inici
La Bíblia
Plans
Vídeos