ཡོ༌ཧཱ༌ནན༌ 6

6
གཙོ༌བོ༌ ཡེ༌ཤུའི༌ མི༌ སྟོང༌ལྔ༌ གྲངས༌ཤུག༌ག༌ ཛདས༌།
6:1-15
1ཞག༌བན༌ཤིག༌གི༌ སྟིང༌ནེ༌ གཙོ༌བོ༌ ཡེ༌ཤུ༌ གྲུ༌ཟིང༌ངི༌ ནང༌ང༌ ཞོན༌ན༌ ཛད༌ཏེ༌, གཱ༌ལིལ༌ལིའི༌ ཚོའེ༌ ཕར༌ཀའ༌ སྐྱོད༌ ཀ༌བོའ༌ ཏི༌བེ༌རི༌ཡཱས༌སི༌ ཚོའང༌ ཟེར༌ར༌ནོག༌། 2མི༌ཚོགས༌ ཆེན༌མོ༌ཞིག༌ ཁོང༌ང༌ བྲངས༌ཏེ༌ ཡོངས༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ཡེ༌ཤུའི༌ ནད༌པ༌ ཕན༌ཅུག༌ག༌ ཛད༌ཁན༌ནི༌ ལྟས༌གུན༌ ཐོང༌ཏེ༌ ཨིན༌པིན༌། 3ཡེ༌ཤུ༌ རིའ༌ ཛགས༌ཏེ༌ སྐྱོད༌ཏེ༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ སའེ༌ཀ༌ ཞུགས༌། 4ཡ༌ཧུ༌དཱ༌པའེ༌ པེ༌སག༌གི༌ ཏུས༌ཆེན༌ ཉེ༌མོ༌ ཡོད༌པིན༌། 5ཡེ༌ཤུའི༌ ཨུ༌ སྟགས༌པ༌ མི༌ཚོགས༌ ཆེན༌མོ༌ ཁོང༌ ཆོགས༌ལ༌ ཡོང༌ཨིན༌ ཟིགས༌ ཡང༌ ཁོང༌ངི༌ ཕི༌ལིབ༌བ༌ མོལས༌, “འི༌ མི༌ཚང༌མ༌ ཟའ༌ལ༌ ཏང༌ཅེས༌སི༌ ཏ༌གི༌ ང༌དང༌ངི༌ ཀ༌ནེ༌ ཉོ༌ཨིན༌།” 6ཡེ༌ཤུའི༌ ཁོའེ༌ ཅི༌ ཟེར༌དུག༌ ལྟ༌ཅེས༌ལ༌ ཏེ༌བོ༌ ཏྲིའ༌ ཛདས༌, ཅིའ༌ཟེར༌ན༌ ཁོང༌ངི༌ ཅོའ༌ ཛད༌ཅེས༌པོ༌ ཁོང༌ང༌ ཐུག༌གྱུས༌ ཡོད༌པིན༌།
7ཕི༌ལིབ༌བི༌ ཁོང༌ང༌ ཟེརས༌, “ཀལ༌ཏེས༌ ཞག༌མ༌ ཉིབ༌གྱའེ༌ ལ༌ཆའེ༌ པེ༌ནེའ༌ ཏ༌གི༌ ཉོ༌ནའང༌ འི༌ མི༌ཚང༌མ༌ལ༌ ཁམ༌བུ༌ རེ༌རེ༌ ཏ༌གི༌ མི༌ཐོབ༌།”
8ཡེ༌ཤུའི༌ ཡང༌ ལོབ༌ཕྲུགས༌ ཅིག༌, ཤི༌མོན༌ པི༌ཏྲར༌རི༌ ནོ༌ ཨེན༌གྲིའུ༌འི༌ ཁོང༌ང༌ ཟེརས༌, 9“འི༌ཀ༌ ཕྲུ༌གུ༌ཞིག༌གི༌ ལག༌ག༌ ནས༌སའེ༌ ཏ༌གི༌ ལྔ༌ དང༌ ཉ༌ ཆུ༌ངུན༌ ཉིས༌ དུག༌, ཨིན༌ནའང༌ ཏེ༌བོའེ༌ འི༌ཟམ༌ཤིག༌གི༌ མིའ༌ ཅི༌ ཅོ༌ཨིན༌?”
10ཡེ༌ཤུའི༌ མོལས༌, “མི༌གུན༌ སའེ༌ཀ༌ དུག༌ཅུག༌།” ཏེ༌རུ༌ སྤང༌ སྔོན༌པོ༌ མང༌པོ༌ ཡོད༌པིན༌ མི༌ཚང༌མ༌ སའེ༌ཀ༌ དུགས༌, ཏེ༌ མི༌ཚོགས༌སི༌ ནང༌ང༌ བུ༌ཚའ༌ ལྡན༌ཁན༌ ཅིག༌པོ༌ སྟོང༌ལྔ༌ ཟམ༌ཤིག༌ ཡོད༌པིན༌། 11ཡེ༌ཤུའི༌ ཏ༌གི༌གུན༌ ཆག༌ག༌ ནམས༌ ཡང༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུས༌ཏེ༌, དུགས༌ཏེ༌ ཡོད༌ཁན༌ ཚང༌མ༌ལ༌ རང༌རང༌ངི༌ སྒོས༌དོམ༌ ནང༌ཞིན༌ བགོས༌ཏེ༌ ཏང༌ང༌ སལས༌, ཏེན༌ན༌ ཙོགས༌ ཉ༌གུན༌ ཉམ༌པོ༌ ཛདས༌། 12ཁོང༌ ཚང༌མ༌ ཟོས༌ཏེ༌ ཚིམས༌ས༌ཅིག༌, ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ལ༌ མོལས༌, “གོད༌ལ༌ ཅའང༌ མི༌ཆ༌ཅེས༌སི༌ ཕིའ༌ ལག༌མ༌གུན༌ ལྡུས༌ཏེ༌ ཁྱོང༌།” 13ཏེ༌ནེ༌ མི༌གུན༌ནི༌ ནས༌སི༌ ཏ༌གི༌ ལྔའེ༌ ཀ༌ནེ༌ ཟོས༌ཏེ༌ ལག༌མ༌ བོར༌ཁན༌ ཁོང༌གུན༌ནི༌ ལྡུས༌པ༌ པག༌ཙེ༌ རྕུག༌ཉིས༌ གང༌།
14མི༌གུན༌ནི༌ ཁོང༌ངི༌ ཧ༌ལས༌ཤེས༌སི༌ ལྟས༌པོ༌ ཐོང༌ང༌ཅིག༌, “ཏན༌ཏན༌ལ༌ ང༌དང༌ སྲུངས༌ཏེ༌ ཡོད༌ཁན༌ནི༌ ལུང༌སྟོན༌པ༌, འིན༌ན༌བོ༌ ཨིན༌ནོག༌” ཟེརས༌། 15ཁོང༌གུན༌ནི༌ ཡེ༌ཤུ༌ ཟུམས༌ཏེ༌ ཝང༌ ཉམ༌པོ༌ ཁོ༌རང༌གུན༌ནི༌ གྱལ༌པོའ༌ སྐོ༌ཅེས༌པོ༌ ཁོང༌ངི༌ ཁྱེན༌ པ༌སང༌ ཅུབ༌ཅད༌ཏེ༌ མི༌ཚོགས༌སི༌ ནང༌ནེ༌ བིང༌ཏེ༌ ཁོང༌རང༌ ཅིག༌པོ༌ རི༌ཀ༌ ཛགས༌ཏེ༌ སྐྱོདས༌།
གཙོ༌བོ༌ ཡེ༌ཤུ༌ ཆུའི༌ཀ༌ གྲུལ༌ལ༌ ཛདས༌།
6:16-24
16མུན༌ཅུ༌རུབ༌བ༌ཅིག༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ ཐུར༌ལ༌ བབས༌ཏེ༌ ཚོའེ༌ ཆོགས༌ལ༌ སྐྱོདས༌, 17ཡང༌ ཚོའེ༌ ཕར༌ཀའ༌ ཀ༌ཕར༌ན༌ཧུམ༌མི༌ གྱལ༌ས༌ ལོགས༌ཏེ༌ ཆ༌ཅེས༌ལ༌ གྲུ༌ཟིང༌ངི༌ ནང༌ང༌ ཞོནས༌། ཏ༌ མུན༌ཅུ༌རུབས༌ཏེ༌ ཡོད༌པིན༌ ཡང༌ གཙོ༌བོ༌ ཡེ༌ཤུ༌ ཁོང༌གུན༌ ཉམ༌པོ༌ མ༌སྐྱོད༌ད༌ ཨིན༌པིན༌། 18ཧུན༌མེད༌ལ༌ གྱ༌ཚོའེ༌ ནང༌ང༌ ལུང༌རག༌ ཡོངས༌ཏེ༌ ཆུལ༌བག༌ ཀྲག༌པོ༌ ལངས༌། 19གྲུ༌ཟིང༌བོ༌ ཚོའེ༌ ཐའ༌མ༌ནེ༌ ཀི༌ལོ༌མི༌ཀྲར༌ ལྔ༌ ཡ༌ དྲུག༌ ཟམ༌ཤིག༌ ཐག༌རིང༌ང༌ ལེབས༌ཏེ༌ ཡོད༌ ཟ༌ནེ༌ ལོབ༌ཕྲུགས༌གུན༌ནི༌ ཡེ༌ཤུ༌ གྲུ༌ཟིང༌ ཆོགས༌ལ༌ ཆུའི༌ཀ༌ ཞབ༌གྲུལ༌ལ༌ སྐྱོད༌ད༌ ཐོང༌ཏེ༌ མ༌སྲན༌ཏྲེ༌ ཇིགས༌། 20ཨིན༌ནའང༌ ཡེ༌ཤུའི༌ ཁོང༌གུན༌ལ༌ བོད༌ད༌ ཛད༌ཏེ༌ མོལས༌, “ཇིགས༌ མ༌ཇིགས༌ ང༌ ཨིན༌།” 21ཏེ༌ནེ༌ ཁོང༌གུན༌ནི༌ ཡེ༌ཤུ༌ གྲུ༌ཟིང༌ངི༌ ནང༌ང༌ སྐྱོད༌ཅུགས༌, ཁོང༌གུན༌ནི༌ གྲུ༌ཟིང༌བོ༌ ཏེན༌ན༌མལ༌ལ༌ འ༌ངོ༌ལྡོའི༌ ཕར༌ཀ༌ ལེབ༌ ཀ༌རུ༌ ཁོང༌གུན༌ ཆ༌ཅེས༌ ཨིན༌པིན༌། 22སྟིང༌མ༌ཞག༌པོ༌ ཚོའེ༌ ཕར༌ཀ༌ དུགས༌ཏེ༌ ཡོད༌ཁན༌ནི༌ མི༌ཚོགས༌པོའ༌ ཏེ༌རུ༌ གྲུ༌ཟིང༌ ཅིག༌ཅིག༌ མ༌ནེ༌ མེད༌ཁན༌ ཡང༌ ཡེ༌ཤུ༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ ཏེ༌ གྲུ༌ཟིང༌ངི༌ ནང༌ང༌ མ༌སྐྱོད༌ཁན༌བོ༌ གྱུས༌སོང༌། 23ཏེ༌ནེ༌ ཏི༌བེ༌རི༌ཡཱས༌སི༌ གྱལ༌ས༌ནེ༌ ཞན༌ གྲུ༌ཟིང༌ རིག༌ ལེབས༌ཏེ༌ ཏེན༌ན༌ ནས༌ས༌བོའ༌ དུགས༌, ཀ༌རུ༌ གཙོ༌བོའེ༌ དོན༌ཀྱིར༌རི༌ ཕིའ༌ ཐུག༌རྗེ༌ཆེ༌ ཕུལ༌ཏེ༌ ཡང༌ མི༌ཚོགས༌གུན༌ནི༌ ཟོས༌ཏེ༌ ཨིན༌པིན༌། 24མི༌ཚོགས༌སི༌ ཡེ༌ཤུ༌ ཡ༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ ཏེ༌ཀ༌ མེད༌ཁན༌བོ༌ ཧ༌གོའ༌ཅིག༌, ཁོང༌གུན༌ གྲུ༌ཟིང༌གུན༌ནི༌ ནང༌ང༌ ཞོན༌ཏེ༌, ཀ༌ཕར༌ན༌ཧུམ༌མི༌ གྱལ༌ས༌ ཡེ༌ཤུ༌ ཙལ༌ལ༌ སོང༌།
ཡེ༌ཤུ༌ ནི༌ སྲོག༌ སལ༌ཁན༌ནི༌ དོན༌ཀྱིར༌།
6:25-59
25ཚོའེ༌ ཕར༌ཀ༌ མི༌ཚོགས༌ལ༌ གཙོ༌བོ༌ ཡེ༌ཤུ༌ ཐོབ༌བ༌ཅིག༌ ཟེརས༌, “ལོབ༌བོན༌ལེ༌, ཉེ༌རང༌ འི༌ཀ༌ ནམ༌ སྐྱོད༌པིན༌?”
26ཡེ༌ཤུའི༌ ཁོང༌གུན༌ལ༌ ལན༌སལས༌, “ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ཁྱོ༌ཞའེ༌ ངའེ༌ ཧ༌ལས༌ཤེས༌སི༌ ཛད༌པ༌གུན༌ ཧ༌གོ༌ཅེས༌པོའེ༌ མན༌པ༌ ངའེ༌ ཁྱོ༌ཞའ༌ ཟའ༌ཅེས༌ལ༌ ཏ༌གི༌ ཏངས༌ པ༌སང༌ ང༌ ཙལ༌ཏེ༌ ཨིན༌ནོག༌། 27རུལ༌ཅེས༌ཅན༌ མན༌པ༌, ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཅེས༌སི༌ ཟན༌ ཙལ༌ཅེས༌ལ༌ རྩོན༌གྲུས༌ ཅོ༌ཤིག༌, ཏེ༌བོ༌ མི༌རིགས༌སི༌བུའི༌ ཁྱོ༌ཞ༌གུན༌ལ༌ ཏང༌ཨིན༌ ཅིའ༌ཟེར༌ན༌ ཡབ༌ དཀོན༌མཆོག༌གི༌ ཏེ༌བོ༌ ཏང༌ཅེས༌སི༌ ཝང༌ཆ༌ ངའ༌ སལ༌ལ༌ ཛད༌ཏེ༌ ཨིན༌།”
28ཁོང༌གུན༌ནི༌ ཡེ༌ཤུའ༌ ཟེརས༌, “དཀོན༌མཆོག༌ ཐུགས༌ཐད༌ ཅུག༌ཅེས༌ལ༌ ང༌ཞའེ༌ ཅི༌ ལས༌ རིག༌ ཅོ༌གོས༌?”
29ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, “དཀོན༌མཆོག༌ ཐུགས༌ཐད༌ཁན༌ནི༌ ལས༌པོ༌ ནི༌ ཁོང༌ངི༌ ཀལ༌ལ༌ ཛད༌ཁན༌བོའེ༌ཀ༌ ཏད༌པ༌ ཅོ༌ཅེས༌པོ༌ ཨིན༌ནོག༌།”
30ཏེ༌ནེ༌ ཁོང༌གུན༌ནི༌ ཡེ༌ཤུའ༌ ཟེརས༌, “ཉེ༌རང༌ངི༌ ཅི༌ ཅོའ༌ ཛད༌ཨིན༌? ང༌ཞའེ༌ ཉེ༌རང༌ངི༌ཀ༌ ཏད༌པ༌ ཁྱོང༌ཅེས༌ལ༌ ཉེ༌རང༌ངི༌ ང༌ཞའ༌ ཧ༌ལས༌ཤེས༌སི༌ སྟགས༌ ཀ༌ཟུག༌ཤིག༌ སྟན༌ན༌ ཛད༌ཨིན༌? 31སྤེར༌ན༌ ང༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ རི༌སྟོང༌ངི༌ ནང༌ང༌ མན༌ན༌ ཟེར༌ཁན༌ནི༌ ཏ༌གི༌ ཟོས༌, སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌, ‘མོ༌ཟེས༌སི༌ ཁོང༌གུན༌ལ༌ ནམ༌ཁའ༌ནེ༌ ཟའ༌ཅེས༌ལ༌ ཏ༌གི༌ སལས༌།’#སུང༌གུར༌ 78:24,25
32ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, “ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ཏེ༌ ཏ༌གི༌གུན༌ ནམ༌ཁའ༌ནེ༌ ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ལ༌ མོ༌ཟེས༌ མན༌པ༌, ངའེ༌ ཡབ༌བི༌ སལ༌ལ༌ ཛད༌ཏེ༌ ཨིན༌པིན༌, ཁོང༌ངི༌ ནམ༌ཁའ༌ནེ༌ དེན༌བའེ༌ ཏ༌གི༌བོ༌ སལ༌ལ༌ ཛད༌ད༌ནོག༌། 33དཀོན༌མཆོག༌གི༌ ཏ༌གི༌ ནི༌ ནམ༌ཁའ༌ནེ༌ ཡོངས༌ཏེ༌ ཇིག༌རྟེན༌པ༌གུན༌ལ༌ ཚེ༌ སལ༌ཁན༌བོ༌ ཨིན༌།”
34ཁོང༌གུན༌ནི༌ ཟེརས༌, “གཙོ༌བོ༌ལེ༌, འི༌ ཏ༌གི༌བོ༌ ང༌ཞའ༌ ཏུས༌གྱུན༌ སལ༌ལ༌ ཛད༌།”
35ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, “ང༌ ནི༌ ཚེ༌ ཏང༌ཁན༌ནི༌ ཏ༌གི༌ ཨིན༌། ངའེ༌ཀ༌ ཡོང༌ཁན༌གུན༌ མ༌ནེ༌ མི༌སྟོགས༌, ཡང༌ ངའེ༌ཀ༌ ཏད༌པ༌ ཅོ༌ཁན༌གུན༌ མ༌ནེ༌ མི༌སྐོམས༌། 36ཨིན༌ནའང༌ ཀ༌ཟུག༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཟེར༌པིན༌, ཁྱོ༌ཞ༌གུན༌ནི༌ ངའེ༌ ལས༌གུན༌ ཐོང༌ཏེའང༌ ཏད༌པ༌ མ༌ཅོས༌། 37ཡབ༌བི༌ ང༌ སལ༌ལ༌ ཛད༌ཁན༌ ཚང༌མ༌ ངའེ༌ཀ༌ ཡོང༌ཨིན༌, ཡང༌ ངའེ༌ཀ༌ ཡོང༌ཁན༌གུན༌ ངའེ༌ མ༌ནེ༌ མི༌ཕང༌། 38ང༌རང༌ངི༌ དོད༌པ༌ མན༌པ༌ ང༌ ཀལ༌ལ༌ ཛད༌ཁན༌ ངའེ༌ ཡབ༌བི༌ ཐུག༌གོངས༌གུན༌ གྲུབ༌ཅུག༌ཅེས༌སི༌ ཕིའ༌ ང༌ ནམ༌ཁའ༌ནེ༌ ཡོག༌ག༌ ཡོངས༌པིན༌། 39ང༌ ཀལ༌ལ༌ ཛད༌ཁན༌བོའེ༌ ཐུག༌གོངས༌ ནི༌, ཁོང༌ངི༌ ངའ༌ སལ༌ལ༌ ཛད༌ཁན༌ ཚང༌མའེ༌ ནང༌ནེ༌ ཅིག༌གའང༌ སྟོར༌ མ༌ཅུག༌ག༌, ཐའ༌མའེ༌ ཞག༌ག༌ ཁོང༌གུན༌ སོན༌ཏེའ༌ ལང༌ཅུག༌ཅེས༌པོ༌ ཨིན༌། 40འོ༌ན༌ ངའེ༌ ཡབ༌བི༌ ཐུག༌གོངས༌ ནི༌, སྲས༌ ཐོང༌ཏེ༌ ཏད༌པ༌ ཅོ༌ཁན༌ ཚང༌མ༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཅེས༌ ཡང༌ ངའེ༌ ཁོང༌གུན༌ ཐའ༌མའེ༌ ཞག༌ག༌ སོན༌ཏེའ༌ ལང༌ཅེས༌པོ༌ ཨིན༌།”
41“ང༌ ནི༌ ནམ༌ཁའ༌ནེ༌ བབས༌ཁན༌ནི༌ ཏ༌གི༌བོ༌ ཨིན༌” མོལ༌ཅེས༌པོའེ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཁོང༌ངི༌ སྐོར༌ལ༌ བུག༌ཅེས༌ གོ༌ཟུགས༌། 42ཁོང༌གུན༌ནི༌ ཟེརས༌, “ཁོ༌ ཅི༌ ཡོ༌སེབ༌བི༌ བུ༌ཚ༌ ཡེ༌ཤུ༌ མ༌ནོག༌ག༌? ཁོའེ༌ ཕ༌མ༌གུན༌ ང༌དང༌གུན༌ནི༌ ཤེས༌ས༌ནོག༌། ཏེ༌ནེ༌ ཁོའེ༌ ཀ༌ཟུག༌ག༌ ཟེར༌ར༌ནོག༌, ‘ང༌ ནམ༌ཁའ༌ནེ༌ བབས༌ཏེ༌ ཨིན༌’?”
43ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, “ངའེ༌ ཟེར༌ཁན༌གུན༌ནི༌ སྐོར༌ལ༌ ཁྱོ༌ཞ༌གུན༌ནི༌ སྐྱོན༌རྗོད༌ ཅོ༌ཅེས༌ ཕོང༌ཤིག༌། 44སུ༌ཞིག༌གའང༌ ངའེ༌ཀ༌ ཡོང༌ མི༌ཉན༌ ནམ༌ཚོག༌པ༌ ང༌ ཀལ༌ལ༌ ཛད༌ཁན༌ནི༌ ཡབ༌བི༌ ཁོ༌ ངའེ༌ཀ༌ ཁྱོང༌ང༌ མི༌ཛད༌, ཡང༌ ངའེ༌ ཁོ༌ ཐའ༌མའེ༌ ཞག༌ག༌ སོན༌ཏེའ༌ ལང༌ཨིན༌། 45ཏམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ ཛད༌ཏེ༌ དུག༌, ‘དཀོན༌མཆོག༌གི༌ ཁོང༌ ཚང༌མ༌ལ༌ ལབ༌བ༌ ཛད༌ཨིན༌#ཡེ༌ཤ༌ཡཱ༌ 54:13’ ཡབ༌བི༌ ལབ༌ཞ༌ ཉན༌ཏེ༌ ཁོང༌ངི༌ ཀ༌ནེ༌ ལོབས༌ཁན༌ནི༌ མི༌གུན༌ ངའེ༌ཀ༌ ཡོང༌ཨིན༌། 46དཀོན༌མཆོག༌གི༌ ཆོགས༌ནེ༌ ཡོང༌ཁན༌བོ༌ མན༌པ༌ སུ༌ཞིག༌གིའང༌ ཡབ༌ མ༌ཇལ༌, ཁོ༌ ཅིག༌པོའེ༌ ཡབ༌ ཇལ༌ཏེ༌ ཨིན༌།”
47“ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ངའེ༌ཀ༌ ཏད༌པ༌ ཁྱོང༌ཁན༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཏེ༌ ཨིན༌། 48ང༌ ནི༌ སྲོག༌ ཏང༌ཁན༌ནི༌ ཏ༌གི༌བོ༌ ཨིན༌། 49ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ རི༌སྟོང༌ངི༌ ནང༌ང༌ མན༌ན༌ ཟེར༌ཁན༌ནི༌ ཏ༌གི༌ ཟོས༌ ཨིན༌ནའང༌ ཁོང༌གུན༌ ཤི༌། 50འི༌ཀ༌ ནམ༌ཁའ༌ནེ༌ བབས༌ཁན༌ནི༌ ཏ༌གི༌བོ༌ ཡོད༌, འི༌ ཏ༌གི༌ ཟའ༌ཁན༌གུན༌ མ༌ནེ༌ མི༌ཤི༌། 51འོ༌ན༌ ང༌ ནམ༌ཁའ༌ནེ༌ བབས༌ཁན༌ནི༌ ཚེ༌ ཏང༌ཁན༌ནི༌ ཏ༌གི༌བོ༌ ཨིན༌། ཀལ༌ཏེས༌ སུ༌ཞིག༌གི༌ འི༌ ཏ༌གི༌ ཀ༌ནེ༌ ཟའ༌ན༌, ཁོ༌ ཐའ༌མེད༌པ༌ སོན༌ཏེའ༌ ལུས༌ཨིན༌། འི༌ ཏ༌གི༌བོ༌ ངའེ༌ ཤ༌བོ༌ ཨིན༌, ཀ༌བོ༌ ངའེ༌ ཇིག༌རྟེན༌པ༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཅེས༌སི༌ ཕིའ༌ ཆོད༌པ༌ ཏང༌ཨིན༌།”
52ཡ༌ཧུ༌དཱ༌པ༌གུན༌ནི༌ ཕྲོའ༌ ཟེར༌ཟེར༌ གོ༌ཟུགས༌ ཡང༌ ཁོང༌གུན༌ནི༌ ཟེརས༌, “འི༌ མི༌བོའེ༌ ཀ༌ཟུག༌གི༌ ང༌དང༌གུན༌ལ༌ ཁོའེ༌ ཤ༌ ཟའ༌ ཏང༌ང༌ནོག༌?”
53ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, “ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ནམ༌ཚག༌པ༌ ཁྱོ༌ཞ༌གུན༌ནི༌ མི༌རིགས༌སི༌བུའི༌ ཤ༌བོ༌ མི༌ཟའ༌, ཡང༌ ཁོའེ༌ ཁྲག༌པོ༌ མི༌ཐུང༌ ཁྱོ༌ཞ༌གུན༌ནི༌ ནང༌ང༌ དེན༌བའེ༌ མི༌ཚེ༌ མེད༌། 54ངའེ༌ ཤ༌ ཟོས༌ཏེ༌ ངའེ༌ ཁྲག༌ ཐུང༌ཁན༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཡོད༌། ཐའ༌མའེ༌ ཞག༌ག༌ ངའེ༌ ཁོང༌གུན༌ སོན༌ཏེའ༌ ལང༌ཨིན༌, 55ཅིའ༌ཟེར༌ན༌ ངའེ༌ ཤ༌ དེན༌བའེ༌ ཟན༌ ཡང༌ ངའེ༌ ཁྲག༌ དེན༌བའེ༌ ཐུང༌ཅེས༌པོ༌ ཨིན༌། 56ཡང༌ ངའེ༌ ཤ༌ ཟོས༌ཏེ༌ ངའེ༌ ཁྲག༌ ཐུང༌ཁན༌གུན༌ ངའེ༌ ནང༌ང༌ ཡང༌ ང༌ ཁོང༌གུན༌ནི༌ ནང༌ང༌ ནས༌ཏེ༌ ཡོད༌། 57སྲོག༌ སལ༌ལ༌ ཛད༌ཁན༌ནི༌ ཡབ༌ ཀ༌བོའེ༌ ང༌ ཀལ༌ལ༌ ཛདས༌ ཁོང༌ངི༌ ཞས༌ཏེ༌ ང༌ སོན༌ཏེའ༌ ཨིན༌, ཏེན༌ན༌ ཙོགས༌ལ༌ སུ༌ཞིག༌གི༌ ངའེ༌ ཀ༌ནེ༌ ཟའ༌ན༌ ངའེ༌ ཞས༌ཏེ༌ ཁོ༌ སོན༌ཏེའ༌ ལུས༌ཨིན༌། 58ང༌ ནམ༌ཁའ༌ནེ༌ བབས༌ཁན༌ནི༌ ཏ༌གི༌བོ༌ ཨིན༌། ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ མན༌ན༌ ཟེར༌ཁན༌ནི༌ ཏ༌གི༌ ཟོས༌ཏེ༌ ཤི༌, ཨིན༌ནའང༌ འི༌ ཏ༌གི༌ ཟའ༌ཁན༌གུན༌ ཐའ༌མེད༌པ༌ སོན༌ཏེའ༌ ལུས༌ཨིན༌།”
59ཡེ༌ཤུའི༌ ཀ༌ཕར༌ན༌ཧུམ༌མི༌ གྱལ༌སའེ༌ དུ༌ཁང༌ངི༌ ནང༌ང༌ ལབ༌ཞའ༌ སལ༌ ཟ༌ནེ༌ ཁོང༌ངི༌ ཏེ༌གུན༌ མོལས༌།
ལོབ༌ཕྲུགས༌ མང༌པོའེ༌ ཡེ༌ཤུ༌ སྤངས༌།
6:60-71
60གཙོ༌བོ༌ ཡེ༌ཤུའི༌ ཞལ༌ཏ༌གུན༌ ཚོར༌ཏེ༌ ཁོང༌ངི༌ ལོབ༌ཕྲུགས༌ མང༌པོའེ༌ ཟེརས༌, “ཁོང༌ངི༌ ལབ༌ཞ༌གུན༌ མ༌ ཀགས༌པོ༌ དུག༌ སུའི༌ ཉན༌ཏེ༌ ཏེ༌བོའེ༌ཀ༌ གྲུལ༌ ཐུབ༌ཨིན༌?”
61ལོབ༌ཕྲུགས༌གུན༌ནི༌ ཡེ༌ཤུའི༌ མོལ༌ཁན༌གུན༌ནི༌ གྱབ༌གལ༌ལ༌ ཟེར༌གྱུ༌ ཏང༌ཁན༌བོ༌ ཁོང༌ངི༌ ཁྱེན༌ པ༌སང༌, ཁོང༌གུན༌ལ༌ མོལས༌, “ངའེ༌ སྤེ༌ར༌ ཟེར༌ཁན༌གུན༌ ཁྱོ༌ཞའ༌ ཁམ༌ལོག༌ ཚོར༌ར༌? 62ཀལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ མི༌རིགས༌སི༌བུ༌ ནམ༌ཁའ༌ སྟག༌ག༌ལ༌ ཐོང༌ན༌ ཀ༌རུ༌ ཁོ༌ སྔུན༌ལ༌ ཡོད༌པིན༌, ཏེ༌ནེ༌ ཅི༌ སམ༌ཨིན༌? 63དཀོན༌མཆོག༌གི༌ ཐུག༌ཉིད༌དི༌ ཐའ༌མེད༌པའེ༌ མི༌ཚེ༌ སལ༌ལ༌ནོག༌, མིའི༌ རྩོན༌གྲུས༌ གྱུད༌ཏེ༌ ཏེ༌བོ༌ ཐོབ༌ཅེས༌ མེད༌ཀྱག༌། ངའེ༌ ཁྱོ༌ཞའ༌ ཟེར༌ཁན༌གུན༌ དཀོན༌མཆོག༌གི༌ ཐུག༌ཉིད༌ནེ༌ ཨིན༌ ཡང༌ ཚེ༌ སལ༌ལ༌ནོག༌། 64ཏེ༌ནེའང༌ ཁྱོ༌ཞ༌གུན༌ནི༌ ཕྲོ༌ནེ༌ ཁ༌ཅིག༌གི༌ ངའེ༌ཀ༌ ཏད༌པ༌ མ༌ཅོས༌།” ༼སུའི༌ ཁོང༌ངི༌ཀ༌ ཏད༌པ༌ མི༌ཅོ༌ ཡང༌ སུའི༌ ཁོང༌ང༌ ངོ༌ལོག༌ ཅོ༌ཅེས༌པོ༌ ཡེ༌ཤུའ༌ གོ༌མ༌ནེ༌ ཕར༌ལ༌ ཐུག༌གྱུས༌ ཡོད༌པིན༌།༽ 65ཡེ༌ཤུའི༌ མོལས༌, “ཏེན༌ན༌བོའེ༌ཕིའ༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཟེར༌པིན༌, སུ༌ཞིག༌གིའང༌ ངའེ༌ཀ༌ ཏད༌པ༌ ཁྱོང༌ མི༌ཉན༌ ནམ༌ཚོག༌པ༌ ངའེ༌ ཡབ༌བི༌ ཁོ༌ ངའ༌ མི༌སལ༌།”
66ཏེ༌བོ༌ ཚོར༌ར༌ཅིག༌ ཁོང༌ངི༌ ལོབ༌ཕྲུགས༌ མང༌པོའེ༌ ཁོང༌ ཕངས༌ཏེ༌ ཁོང༌ངི༌ སྟིང༌རང༌ནེ༌ མ༌བྲངས༌། 67ཏེ༌ནེ༌ ཡེ༌ཤུའི༌ ལོབ༌ཕྲུགས༌ རྕུག༌ཉིས༌པོའ༌ མོལས༌, “ཁྱོ༌ཞ༌གུན༌ནའང༌ ང༌ ཕངས༌ཏེ༌ ཆའ༌ ཐད༌ད༌ རག༌ག༌?”
68ཤི༌མོན༌ པི༌ཏྲར༌རི༌ ཟེརས༌, “གཙོ༌བོ༌ལེ༌, ང༌ཞའ༌ སུའི༌ཀ༌ ཆའ༌? ཐའ༌མེད༌པའེ༌ མི༌ཚེ༌ སལ༌ཁན༌ནི༌ ཞལ༌ཏ༌ ཉེ༌རང༌ང༌ དུག༌། 69ཉེ༌རང༌ དཀོན༌མཆོག༌གི༌ ཆོགས༌ནེ༌ སྐྱོད༌ཁན༌ནི༌ ཏམ༌པ༌ ཨིན༌ཁན༌བོ༌ ང༌ཞའ༌ ཨིད༌ཤེས༌ ཡང༌ གྱུས༌ཡོད༌།”
70ཡེ༌ཤུའི༌ ལན༌སལས༌, “ཁྱོ༌ཞའ༌ རྕུག༌ཉིས༌པོ༌ ངའེ༌ ང༌རང༌ངི༌ ལོབ༌ཕྲུགས༌ག༌ མ༌ལྡམས༌ས༌? ཨིན༌ནའང༌ ཁྱོ༌ཞའེ༌ ཕྲོ༌ནེ༌ ཅིག༌ཅིག༌ རྡུད༌གུན༌ནི༌ གོ༌བའེ༌ ཝང༌ངི༌ ཡོག༌ག༌ དུག༌།” 71༼ཁོང༌ངི༌ ཤི༌མོན༌ ཀར༌ཡོད༌པའེ༌ བུ༌ཚ༌ ཡུ༌དཱའེ༌ སྐོར༌ལ༌ མོལ༌ཏེ༌ ཨིན༌ནོག༌, ཁོ༌ རྕུག༌ཉིས༌སི༌ ཕྲོ༌ནེ༌ ཅིག༌ ཨིན༌ཏེའང༌ སྟིང༌ནེ༌ ཡེ༌ཤུའ༌ ངོ༌ལོག༌ ཅོས༌ཏེ༌ ཨིན༌པིན༌།༽

Subratllat

Comparteix

Copia

None

Vols que els teus subratllats es desin a tots els teus dispositius? Registra't o inicia sessió