གོ༌ཟུག༌ 4

4
ཀ༌ཡིན༌ནི༌ ཨ༌བེལ༌ སདས༌།
4:1-16
1ཨ༌དམ༌ དང༌ ཁོའེ༌ ན༌མ༌ ཧ༌ཝ༌ ཉིས༌ཀོ༌ ཛོམས༌ཏེ༌, ཧ༌ཝ༌ སྐྱེ༌ཅེས༌མ༌ཞིག༌ གྱུར༌། ཡང༌ བུ༌ཚ༌ ཀ༌ཡིན༌ ཟེར༌ཁན༌བོ༌ སྐྱེས༌པ༌ ཁོའེ༌ ཟེརས༌ “ཡ༌ཝ༌ དཀོན༌མཆོག༌གི༌ རོགས༌ ཉམ༌པོ༌ ང༌ བུ༌ཚ༌ཞིག༌ ཇོར༌།” 2ཏུས༌བན༌ཤིག༌གི༌ སྟིང༌ནེ༌, ཧ༌ཝའ༌ ཀ༌ཡིན༌ནི༌ ནོ༌ ཨ༌བེལ༌ སྐྱེས༌། ཁོང༌གུན༌ ཆེན༌མོ༌ སོང༌ཏེ༌, ཨ༌བེལ༌ ལུག༌རྫི༌ ཡང༌ ཀ༌ཡིན༌ ཞིང༌བད༌པ༌ཞིག༌ གྱུར༌། 3ཞག༌ཤིག༌, ཀ༌ཡིན༌ནི༌ ཁོ༌རང༌ངི༌ སྟོན༌ཐོག༌གི༌ ཁག༌ཅིག༌ ཡ༌ཝའ༌ ཆོད༌པའ༌ ཕུལས༌། 4ཡང༌ ཨ༌བེལ༌ལིའང༌ ཁོ༌རང༌ངི༌ ལུག༌ཁྱུའི༌ ནང༌ནེ༌ ཚང༌མའེ༌སང༌ རིན༌ཅན༌ གོ༌མ༌ སྐྱེས༌ཁན༌ ལུ༌གུའི༌ ཚང༌མའེ༌སང༌ གྱལ༌ལ༌ ཚིལ༌ཅན༌ནི༌ ཤ༌བོ༌ ཡ༌ཝའ༌ ཆོད༌པའ༌ ཕུལས༌། ཡ༌ཝའ༌ ཨ༌བེལ༌ལི༌ ཕུལ༌ཁན༌བོའ༌ ཐུགས༌ཐདས༌, 5ཨིན༌ནའང༌ ཀ༌ཡིན༌ནི༌ སམ༌ཚུལ༌ དང༌ ཁོའེ༌ ཕུལ༌ཁན༌བོའེ༌ཀ༌ ཐུགས༌ མ༌ཐདས༌། ཏེན༌ན༌བོའེ༌ཕིའ༌ ཀ༌ཡིན༌ལ༌ མ༌ སྲན༌ཏྲེ༌ སྲོ༌ ཡོངས༌ ཡང༌ ཏེ༌བོ༌ ཁོའེ༌ ལྡོང༌ངི༌ཀ༌ སྔོནས༌།
6ཏེ༌ནེ༌ ཡ༌ཝའེ༌ མོལས༌, “ཅི༌ཕིའ༌ སྲོ༌ ཡོང༌ངད༌, ཡང༌ ཏེ༌བོ༌ ཁྱོ༌རང༌ངི༌ ལྡོང༌ངི༌ཀ༌ ཅི༌ཕིའ༌ སྟན༌ནད༌? 7འོས༌པ༌ ཅོ༌ན༌, ཅི༌ ངའ༌ ཁྱོ༌རང༌ངི༌ཀ༌ ཐད༌པོ༌ མི༌ཆའ༌? ཨིན༌ནའང༌ ཀལ༌ཏེས༌ ཁྱོ༌རང༌ངི༌ ཀྲང༌པོ༌བོ༌ ཅོའ༌ མེད༌ན༌, ཏེ༌ནེ༌ ཤང༌ ཅོས༌, སྡིག༌པ༌ ཁྱོ༌རང༌ ཟུམ༌ཅེས༌ལ༌ ཁྱོ༌རང༌ངི༌ སྒོའེ༌ཀ༌ སྲུངས༌ཏེ༌ ཁྱོ༌རང༌ངི༌ཀ༌ ཝང༌ ཅོའ༌ལ༌ གྲལ༌གྲིག༌ དུག༌། ཨིན༌ནའང༌ ཁྱོ༌རང༌ངི༌ ཁོའ༌ ཕམ༌ཀལ༌ཏེ༌ ཁོའེ༌ཀ༌ ཝང༌ ཅོ༌གོས༌།”
8ཞག༌ཤིག༌, ཀ༌ཡིན༌ནི༌ རང༌ངི༌ ནོ༌ ཨ༌བེལ༌ལ༌ ཟེརས༌, “ཡོང༌ངའང༌, ང༌དང༌ ཞིང༌ངི༌ཀ༌ ཆེན༌” ཡང༌ ཁོང༌གུན༌ ཏེ༌རུ༌ ཡོད༌ ཟ༌ནེ༌, ཀ༌ཡིན༌ནི༌ ཧུན༌མེད༌ལ༌ རང༌ངི༌ ནོ༌ ཨ༌བེལ༌ལི༌ཀ༌ སྤུང༌གོལ༌ ཅོས༌ཏེ༌ སདས༌།
9སྟིང༌ནེ༌ ཡ༌ཝའེ༌ ཀ༌ཡིན༌ལ༌ བྲིའ༌ ཛདས༌, “ཁྱོ༌རང༌ངི༌ ནོ༌ ཨ༌བེལ༌ ཀ༌ནེ༌ ཡོད༌།”
ཀ༌ཡིན༌ནི༌ ཟེརས༌, “ང༌ གྱུས༌མེད༌, ཅི༌ ང༌, ངའེ༌ ནོ༌ སྲུང༌ཁན༌ ཨིན༌ནོག༌ག༌?”
10ཨིན༌ནའང༌ ཡ༌ཝའེ༌ མོལས༌, “ཁྱོ༌རང༌ངི༌ ཅི༌ ཅོས༌ཏེ༌ ཨིན༌? ཉོན༌, ས༌ཀྱད༌དི༌ ཀ༌ནེ༌ ཁྱོ༌རང༌ངི༌ ནོའེ༌ ཁྲག༌པོའེ༌ ངའ༌ བོད༌དུག༌། 11ཏ༌ ཁྱོ༌རང༌ང༌ ངན༌ ཕོག༌ཏེ༌ ཁྱོ༌རང༌ངི༌ ནོའེ༌ ཁྲག༌ ཐིམས༌ཁན༌ནི༌ ས༌ཀྱད༌པོའེ༌ ཁྱོ༌རང༌ ཕངས༌ཏེ༌ ཨིན༌། 12ཁྱོ༌རང༌ངི༌ སའེ༌ཀ༌ སྟོན༌ཐོག༌ ཏབ༌ན༌, ཏེ༌བོའ༌ སྟོན༌ཐོག༌ ཅའང༌ མི༌སྨིན༌། ཏ༌ནེ༌ཕར༌ལ༌ ཁྱོ༌རང༌ང༌ དུག༌ས༌ མེད༌པ༌ ཁྱོ༌རང༌ ས༌ཆ༌ ཅིག༌ནེ༌ ཅིག༌ག༌ ཁྱམ༌ཨིན༌ མི༌ཚེ༌ ཕུད༌གོས༌ཨིན༌།”
13ཏེ༌ནེ༌ ཀ༌ཡིན༌ནི༌ ཡ༌ཝའ༌ ཞུས༌, “ཉེ༌རང༌ངི༌ ངའ༌ ཆད༌པ༌ ཀལ༌ལ༌ ཛད༌ཁན༌བོ༌ ང༌ ཁུར༌ ཐུབ༌ཅེས༌སི༌ ཁྱུད༌དི༌ སང༌ ཐལ༌ཏེ༌ དུག༌། 14ཉེ༌རང༌ངི༌ ང༌ ས༌ཀྱད༌ དང༌ ཉེ༌རང༌ངི༌ སྐུན༌དུན༌ནེ༌ ཕང༌ང༌ ཛད༌ཏེ༌ ང༌ འི༌ ཇིག༌རྟེན༌ནི༌ཀ༌ དུག༌ས༌ མེད༌ཁན༌ནི༌ ཁྱམ༌པོ༌ཞིག༌ ཅོའ༌ ཛད༌པ༌, ངའ༌ ཐུག༌ཁན༌གུན༌ནི༌ ང༌ སད༌ད༌ནོག༌།”
15ཨིན༌ནའང༌ ཡ༌ཝའེ༌ ཁོའ༌ མོལས༌, “ཏེ༌ཟུག༌ མ༌ནེ༌ མི༌ཆ༌, ཀལ༌ཏེས༌ སུ༌ཞིག༌གི༌ ཁྱོ༌རང༌ སད༌ན༌ ཏེ༌བོའ༌ ཆད༌པ༌, ཁྱོ༌རང༌ངི༌ སང༌ རྡུན༌ལྡབ༌ མང༌ང༌ ཕོག༌ཨིན༌།” སུ༌ཞིག༌གིའང༌ ཀ༌ཡིན༌ མི༌སད༌ཅེས༌སི༌ ཕིའ༌ ཡ༌ཝའེ༌ ཁོའེ༌ཀ༌ སྟགས༌ གྱབ༌བ༌ ཛདས༌། 16ཏེ༌ནེ༌ ཀ༌ཡིན༌ ཡ༌ཝའེ༌ སྐུན༌དུན༌ནེ༌ བེ༌ཏེ༌ སོང༌, ཡང༌ ཨི༌དན༌ནི༌ ཤར༌ ཆོགས༌སི༌ ནས༌ས༌ ནོདྲ༌ ཡང༌ན༌ “ཁོར༌ཨིན༌ དུག༌ཁན༌གུན༌ནི༌ ནས༌ས༌” ཟེར༌སའེ༌ ནང༌ང༌ དུགས༌།
ཀ༌ཡིན༌ནི༌ པུར༌གྱུད༌།
4:17-24
17ཏུས༌བན༌ཤིག༌གི༌ སྟིང༌ནེ༌, ཀ༌ཡིན༌ ཁོ༌རང༌ངི༌ ན༌མ༌ ཉམ༌པོ༌ ཛོམས༌ཏེ༌, ཁོའེ༌ ན༌མ༌ སྐྱེ༌ཅེས༌མ༌ཞིག༌ གྱུར༌, ཡང༌ ཨེ༌ནོག༌ ཟེར༌ཁན༌ནི༌ བུ༌ཚ༌ཞིག༌ སྐྱེས༌། ཀ༌ཡིན༌ནི༌ གྱལ༌ས༌ཞིག༌ རྩིགས༌ཏེ༌ ཏེ༌བོའ༌ ཁོ༌རང༌ངི༌ བུ༌ཚའེ༌ མིང༌ ཙོགས༌, ཨེ༌ནོག༌ ཏགས༌། 18ཨེ༌ནོག༌ག༌ ཨི༌རད༌ ཟེར༌ཁན༌ནི༌ བུ༌ཚ༌ཞིག༌ ཡོད༌པིན༌། ཨི༌རད༌ ནི༌ མེ༌ཧུ༌ཇེལ༌ལི༌ ཨ༌བ༌, ཡང༌ མེ༌ཧུ༌ཇེལ༌ ནི༌ མེ༌ཐུ༌ཤེལ༌ལི༌ ཨ༌བ༌, མེ༌ཐུ༌ཤེལ༌ ནི༌ ལ༌མེག༌གི༌ ཨ༌བ༌ ཨིན༌པིན༌།
19ལ༌མེག༌གི༌, ཨ༌ད༌ དང༌ ཟི༌ལ༌ བུ༌མོ༌ གུན༌ ཉམ༌པོ༌ ན༌མ༌ ཅོས༌། 20ཨ༌ད༌ལ༌, ཡ༌བལ༌ ཟེར༌ཁན༌ནི༌ བུ༌ཚ༌བོ༌ སྐྱེས༌། ཡ༌བལ༌ ནི༌ སེམས༌ཅན༌ སྲལ༌ཨིན༌, ཀུར༌རི༌ ནང༌ང༌ དུག༌ཁན༌ ཏང༌པོ༌ མི༌བོ༌ ཨིན༌པིན༌། 21ཁོའེ༌ ནོ༌ ཡུ༌བལ༌ ཟེར༌ཁན༌བོ༌ ཏར༌ཅན༌ནི༌ རོལ༌མོ༌ དང༌ ལིང༌བུ༌ ཕུ༌ཁན༌གུན༌ནི༌ མི༌ ཏང༌པོ༌བོ༌ ཨིན༌པིན༌། 22ལ༌མེག༌གི༌ ན༌མ༌ ཟི༌ལའ༌ ཏ༌བུལ༌ཀ༌ཡིན༌ ཟེར༌ཁན༌ནི༌ བུ༌ཚ༌བོ༌ སྐྱེས༌། ཁོའེ༌ ལྕགས༌ དང༌ ཟངས༌སི༌ ལག༌ཆ༌གུན༌ ཅོའད༌པིན༌། ཡང༌ ཏ༌བུལ༌ཀ༌ཡིན༌ནི༌ ནོ༌མོ༌ ནི༌ ནའ༌མཧ༌ ཟེར༌ཁན༌བོ༌ ཨིན༌པིན༌། 23ལ༌མེག༌གི༌ རང༌ངི༌ ན༌མ༌ ཉིས༌ཀོའ༌ ཟེརས༌,
“ཨ༌ད༌ དང༌ ཟི༌ལ༌, ངའེ༌ སྤེ༌ར༌ ཉོན༌ཤིག༌།
ལ༌མེག༌གི༌ ན༌མ༌གུན༌ ངའེ༌ ཟེར༌ཁན༌བོའ༌ ཉོན༌ཤིག༌།
ངའེ༌ ངའ༌ སྤུང༌གོལ༌ ཅོ༌ཁན༌ནི༌ མི༌ཞིག༌ སད༌པིན༌,
ང༌ མ༌ཁའ༌ ཕིང༌ཁན༌ནི༌ ཁྱོག༌ཏོང༌ཞིག༌།
24ཀལ༌ཏེས༌ ཀ༌ཡིན༌ སད༌ཁན༌བོའ༌
རྡུན༌ ལྡབ༌བི༌ ཆད༌པ༌ ཕོག༌ན༌
ཏེ༌ནེ༌ ངའ༌ སད༌ཅེས༌སི༌ རྩོན༌གྲུས༌ ཅོ༌ཁན༌བོའ༌
ཏེ༌བོའེ༌ རྡུན༌ཅུ༌དོན༌རྡུན༌ ལྡབ༌བི༌ ཆད༌པ༌ ཕོག༌ཨིན༌།”
སེད༌།
4:25-26
25ཨ༌དམ༌ རང༌ངི༌ ན༌མ༌ ཉམ༌པོ༌ ཡང༌སྐྱར༌ ཛོམས༌པ༌, ཁོའེ༌ ན༌མ༌ བུ༌ཚ༌ སེད༌ ཟེར༌ཁན༌ཞིག༌ ཇོར༌། ཧ༌ཝའེ༌ ཟེརས༌, “ཀ༌ཡིན༌ནི༌ སད༌ཁན༌ ཨ༌བེལ༌ལི༌ ཚབས༌ལ༌ དཀོན༌མཆོག༌གི༌ ངའ༌ ཡང༌ བུ༌ཚ༌ཞིག༌ སལ༌ལ༌ ཛདས༌།” 26སེད༌ ཆེན༌མོ༌ སོང༌ཏེ༌ ཁོའེ༌ ན༌མའ༌ བུ༌ཚ༌ཞིག༌ སྐྱེས༌, ཡང༌ ཁོའེ༌ མིང༌ང༌ ཨེ༌ནོཤ༌ ཏགས༌། ཏེ༌ཏུས༌ནེ༌ ཕར༌ལ༌ མི༌གུན༌ནི༌ དཀོན༌མཆོག༌ག༌ ཡ༌ཝ༌ ཟེར༌ཨིན༌ ཅོལ༌ཅེས༌ གོ༌ཟུག༌།

ハイライト

シェア

コピー

None

すべてのデバイスで、ハイライト箇所を保存したいですか? サインアップまたはサインインしてください。