1
ཡོ་ཧ་ནན། 15:5
Tibetan, Modern, gSungrab གསུང་རབ།
ང་ནི་རྒུན་འབྲུམ་ཤིང་ཡིན་ཏེ་ཁྱེད་ཚོ་ཡལ་ག་ཡིན། སུ་ཡང་ངའི་ནང་དུ་གནས་ཏེ་ང་ཡང་ཁོའི་ནང་དུ་གནས་ན། དེ་ལ་འབྲས་བུ་མང་པོ་སྐྱེ། ང་དང་བྲལ་ན་ཁྱེད་ཚོས་ཅི་ཡང་བྱེད་མི་ཐུབ་པའི་ཕྱིར་རོ།
Palyginti
Naršyti ཡོ་ཧ་ནན། 15:5
2
ཡོ་ཧ་ནན། 15:4
ང་ཁྱེད་རྣམས་ཀྱི་ནང་ན་གནས་པ་ལྟར་ཁྱེད་རྣམས་ངའི་ནང་ན་གནས་ཤིག ཡལ་ག་ནི་རྒུན་འབྲུམ་ཤིང་ལ་མི་གནས་ན་རང་བཞིན་གྱིས་འབྲས་བུ་མི་སྐྱེ་བ་ལྟར། ཁྱེད་ཚོའང་ངའི་ནང་དུ་མི་གནས་ན་འབྲས་བུ་ཆགས་པར་མི་སྲིད།
Naršyti ཡོ་ཧ་ནན། 15:4
3
ཡོ་ཧ་ནན། 15:7
གལ་ཏེ་ཁྱེད་ཚོ་ངའི་ནང་ན་གནས་པ་དང༌། ངས་བཤད་པའི་བཀའ་ཡང་ཁྱེད་ཀྱི་ནང་དུ་གནས་ན། ཁྱེད་ཀྱིས་གང་འདོད་པ་དེ་ཞུས་ནས་འགྲུབ་པར་འགྱུར།
Naršyti ཡོ་ཧ་ནན། 15:7
4
ཡོ་ཧ་ནན། 15:16
ཁྱེད་ཚོས་ང་མ་བདམས། ངས་ཁྱེད་ཚོ་བདམས་ཏེ་བསྐོས་པ་ཡིན་པས། ཁྱེད་ཚོ་སོང་ནས་འབྲས་བུ་སྐྱེ་བ་སྟེ། འབྲས་བུ་དེ་རྟག་ཏུ་གནས་པའི་ཕྱིར་རོ། དེ་ནས་ངའི་མིང་ཐོག་ནས་ཡབ་ལ་གང་ཞུས་པ་དེ་ཁྱེད་ཚོ་ལ་གནང་བར་འགྱུར།
Naršyti ཡོ་ཧ་ནན། 15:16
5
ཡོ་ཧ་ནན། 15:13
མི་ཞིག་གིས་རང་གི་གྲོགས་པོའི་དོན་དུ་རང་སྲོག་བཏང་ན་དེ་ནི་བྱམས་པ་རབ་ཡིན།
Naršyti ཡོ་ཧ་ནན། 15:13
6
ཡོ་ཧ་ནན། 15:2
ཁོང་གིས་ངའི་ནང་ན་འབྲས་བུ་མ་སྐྱེས་པའི་ཡལ་ག་རེ་བཅད་ནས་དབྱུག་ཅིང༌། ངའི་ནང་ན་འབྲས་བུ་སྐྱེས་པའི་ཡལ་ག་རེ་རེར་འབྲས་བུ་འཕེལ་བའི་ཕྱིར་དེ་ཤིང་བཅོས་མཛད།
Naršyti ཡོ་ཧ་ནན། 15:2
7
ཡོ་ཧ་ནན། 15:12
ངས་ཁྱེད་ཚོ་ལ་བྱམས་པ་བྱས་པ་ལྟར། ཁྱེད་ཚོས་ཀྱང་ཕན་ཚུན་བྱམས་པར་གྱིས་ཤིག་ཅེས་པ་དེ་ནི་ངའི་བཀའ་ཡིན་ནོ།
Naršyti ཡོ་ཧ་ནན། 15:12
8
ཡོ་ཧ་ནན། 15:8
ཁྱེད་ཚོར་འབྲས་བུ་མང་པོ་སྐྱེས་ན་ཁྱེད་ནི་ངའི་ཉེ་གནས་དངོས་ཡིན་པ་དང༌། དེའི་སྒོ་ནས་ངའི་ཡབ་ཀྱི་གཟི་བརྗིད་མངོན་པར་འགྱུར།
Naršyti ཡོ་ཧ་ནན། 15:8
9
ཡོ་ཧ་ནན། 15:1
དེ་ནས་ཡེ་ཤུས་ཉེ་གནས་ཚོར་“ང་ནི་བདེན་པའི་རྒུན་འབྲུམ་ཤིང་ཡིན་ཞིང༌། ངའི་ཡབ་ནི་རྒུན་ཤིང་ལྡུམ་ར་གསོ་སྐྱོང་གནང་མཁན་ཡིན།
Naršyti ཡོ་ཧ་ནན། 15:1
10
ཡོ་ཧ་ནན། 15:6
ངའི་ནང་ན་མི་གནས་པ་དེ་ནི་ཕྱི་རུ་འཕངས་པའི་ཡལ་ག་ལྟར་སྐམ་པོར་འགྱུར། ཡལ་ག་དེ་ཚོ་བསྡུས་ནས་མེ་ལ་བཏབ་སྟེ་འཚིག
Naršyti ཡོ་ཧ་ནན། 15:6
11
ཡོ་ཧ་ནན། 15:11
“ངས་ཁྱེད་ཚོ་ལ་བཤད་པ་འདི་རྣམས་ནི་ངའི་དགའ་སྤྲོ་ཁྱེད་ཚོའི་སེམས་ལ་གནས་པ་དང་ཁྱེད་ཀྱི་དགའ་སྤྲོ་ཁེངས་པའི་ཕྱིར་རོ།
Naršyti ཡོ་ཧ་ནན། 15:11
12
ཡོ་ཧ་ནན། 15:10
ངས་ཡབ་ཀྱི་བཀའ་རྣམས་བསྲུངས་ཡོད་པ་དང༌། ཁོང་གི་བྱམས་པའི་ནང་གནས་པ་ལྟར། ཁྱེད་ཀྱིས་ཀྱང་ངའི་བཀའ་རྣམས་བསྲུངས་ན་ངའི་བྱམས་པའི་ནང་གནས་པར་འགྱུར།”
Naršyti ཡོ་ཧ་ནན། 15:10
13
ཡོ་ཧ་ནན། 15:17
ཁྱེད་ཚོས་ཕན་ཚུན་བྱམས་པར་གྱིས་ཤིག འདི་ནི་ངའི་བཀའ་ཡིན་ནོ་”ཞེས་གསུངས།
Naršyti ཡོ་ཧ་ནན། 15:17
14
ཡོ་ཧ་ནན། 15:19
གལ་ཏེ་ཁྱེད་ཚོ་འཇིག་རྟེན་ལ་གཏོགས་ན། འཇིག་རྟེན་གྱིས་རང་གི་ཡིན་པ་དེ་ལ་གཅེས། འོན་ཀྱང་ངས་ཁྱེད་ཚོ་འཇིག་རྟེན་གྱི་ནང་ནས་བདམས་པས། ཁྱེད་ཚོ་འཇིག་རྟེན་འདིར་མ་གཏོགས། དེའི་ཕྱིར་འཇིག་རྟེན་གྱིས་ཁྱེད་ཚོ་ལ་སྡང༌།
Naršyti ཡོ་ཧ་ནན། 15:19
Pradžia
Biblija
Planai
Vaizdo įrašai