1
ཡོ་ཧ་ནན། 4:24
Tibetan, Modern, gSungrab གསུང་རབ།
དཀོན་མཆོག་ནི་ཐུགས་ཉིད་ཡིན་པས། ཁོང་ལ་བསྙེན་བཀུར་བྱེད་མཁན་རྣམས་ཀྱིས་དམ་པའི་ཐུགས་ཉིད་དང་བདེན་པ་ཉིད་ཀྱི་སྒོ་ནས་བསྙེན་བཀུར་བྱེད་དགོས་”ཞེས་གསུངས།
Palyginti
Naršyti ཡོ་ཧ་ནན། 4:24
2
ཡོ་ཧ་ནན། 4:23
འོན་ཀྱང་བཅོས་མིན་གྱི་བསྙེན་བཀུར་བྱེད་པ་རྣམས་ཀྱིས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་དང་བདེན་པ་ཉིད་ཀྱི་སྒོ་ནས་ཡབ་དཀོན་མཆོག་ལ་བསྙེན་བཀུར་ཞུ་བའི་དུས་ཤིག་འོང་བར་འགྱུར་ལ། འོང་བཞིན་པ་ཡང་ཡིན། ཡབ་དཀོན་མཆོག་ནི་དེ་ལྟ་བུའི་མི་རྣམས་ལ་དགྱེས་ཤིང་གཟིགས་སོ།
Naršyti ཡོ་ཧ་ནན། 4:23
3
ཡོ་ཧ་ནན། 4:14
འོན་ཏེ་སུས་ཀྱང་ངས་སྟེར་བའི་ཆུ་དེ་ལས་བཏུངས་ན་ནམ་ཡང་མི་སྐོམ་སྟེ། ངས་སྟེར་བའི་ཆུ་དེ་ཁོའི་ནང་ན་དཔག་ཏུ་མེད་པའི་ཚེ་ལ་ཆུ་འཕྱུར་བའི་ཆུ་མིག་ཅིག་ལྟ་བུ་ཡིན་པར་འགྱུར་”ཞེས་གསུངས།
Naršyti ཡོ་ཧ་ནན། 4:14
4
ཡོ་ཧ་ནན། 4:10
ལན་དུ་ཡེ་ཤུས་ཁོ་མོར་“གལ་ཏེ་ཁྱོད་ཀྱིས་དཀོན་མཆོག་གི་གནང་སྦྱིན་དང༌། ཁྱོད་ལ་ཆུ་སྟེར་རོགས་ཟེར་མཁན་དེ་སུ་ཡིན་པ་ཤེས་ན། ཁྱོད་ཀྱིས་ཁོང་ལ་ཞུས་ནས་ཁོས་ཁྱོད་ལ་གསོན་པའི་ཆུ་སྟེར་བ་ཡིན་”ཞེས་གསུངས།
Naršyti ཡོ་ཧ་ནན། 4:10
5
ཡོ་ཧ་ནན། 4:34
ཡེ་ཤུས་ཁོ་ཚོར་“ང་མངགས་མཁན་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་བྱེད་པ་དང་ཁོང་གི་འཕྲིན་ལས་སྒྲུབ་པ་ནི་ངའི་ཟས་ཡིན།
Naršyti ཡོ་ཧ་ནན། 4:34
6
ཡོ་ཧ་ནན། 4:11
ལན་དུ་བུད་མེད་དེས་“སྐུ་ཞབས་ལགས། ཁྲོན་པ་འདི་གཏིང་རིང་པོ་ཡིན་ཞིང་ཁྱེད་ལ་ཆུ་འཆུ་བའི་སྣོད་ཀྱང་མི་འདུག་པས་གསོན་པའི་ཆུ་དེ་གང་ནས་ལེན།
Naršyti ཡོ་ཧ་ནན། 4:11
7
ཡོ་ཧ་ནན། 4:25-26
བུད་མེད་དེས་ཁོང་ལ་“སྐྱབས་མགོན་མཱ་ཤི་ཀ་(ཁོང་ནི་ཁི་རིའི་སི་ཐོ་ཡང་ཟེར་) ཕེབས་ཡོད་པར་ངས་ཤེས། ཁོང་ཕེབས་སྐབས་ང་ཚོར་དོན་ཐམས་ཅད་སྒྲོག་པར་འགྱུར་”ཞེས་བཤད། ཡེ་ཤུས་ཁོ་མོར་“ང་ནི་ཁྱེད་དང་གླེང་མོལ་བྱེད་མཁན་སྐྱབས་མགོན་མཱ་ཤི་ཀ་དེ་ཡིན་ནོ་”ཞེས་གསུངས།
Naršyti ཡོ་ཧ་ནན། 4:25-26
8
ཡོ་ཧ་ནན། 4:29
“ཤོག་ལ་ལྟོས་དང༌། འདི་ལ་མི་ཞིག་ཡོད་དེ་ངས་བྱས་པའི་ལས་ཀ་ཐམས་ཅད་ང་ལ་གསུངས་བྱུང་བས། སྐྱབས་མགོན་མཱ་ཤི་ཀ་ཡིན་སྲིད་དམ་”ཞེས་སྨྲས་པ་དང༌།
Naršyti ཡོ་ཧ་ནན། 4:29
Pradžia
Biblija
Planai
Vaizdo įrašai