1
ལུ་ཀཱ 17:19
Tibetan, Modern, gSungrab གསུང་རབ།
ཡང་ཁོང་གིས་ཁོ་ལ་“ཡར་ལངས་ནས་སོང་དང༌། ཁྱོད་ཀྱི་དད་པས་ཁྱོད་རང་ཐར་བར་བྱས་སོ་”ཞེས་གསུངས།
Palyginti
Naršyti ལུ་ཀཱ 17:19
2
ལུ་ཀཱ 17:4
ཡང་ཉིན་གཅིག་ལ་ཁོས་ཁྱེད་ལ་ཉེས་པ་ལན་བདུན་བྱས་ནས་ངས་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་ཞེས་ལན་བདུན་བཤད་དེ་ཁྱེད་རྩར་ཕྱིར་ལོག་ན་གུ་ཡངས་གཏོང་དགོས་”ཅེས་གསུངས།
Naršyti ལུ་ཀཱ 17:4
3
ལུ་ཀཱ 17:15-16
ནད་དག་པ་མཐོང་སྟེ་ཁོ་ཚོ་ལས་མི་གཅིག་ཕྱིར་ལོག་ནས་སྐད་ཆེན་པོས་དཀོན་མཆོག་ལ་བསྟོད་པ་ཕུལ། ཡེ་ཤུའི་མདུན་དུ་ཕྱག་འཚལ་བ་དང༌། ཁོང་ལ་བཀའ་དྲིན་ཆེ་ཞེས་ཞུས། ཁོ་ནི་ས་མར་ཡཱ་པ་ཞིག་ཡིན།
Naršyti ལུ་ཀཱ 17:15-16
4
ལུ་ཀཱ 17:3
དོགས་ཟོན་གྱིས་ཤིག ཁྱེད་ཀྱི་སྤུན་གྱིས་ཉེས་པ་བྱས་ན་ཁོ་ལ་བཀའ་བཀྱོན་གཏོང་ཞིག གལ་ཏེ་ཁོས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་ན་གུ་ཡངས་གཏོང་ཞིག
Naršyti ལུ་ཀཱ 17:3
5
ལུ་ཀཱ 17:17
དེ་ནས་ཡེ་ཤུས་“མི་བཅུ་པོ་མཛེ་ནད་ལས་དག་པར་མ་གྱུར་རམ། གཞན་དགུ་པོ་དེ་ཚོ་གང་དུ་ཡོད།
Naršyti ལུ་ཀཱ 17:17
6
ལུ་ཀཱ 17:6
གཙོ་བོས་“གལ་སྲིད་ཁྱེད་ཀྱི་དད་སེམས་ཡུངས་འབྲུ་རྡོག་པོ་ཆུང་ངུ་གཅིག་ཙམ་ཡོད་ན་ཁྱེད་ཀྱིས་ཤིང་སྡོང་ཆེན་པོ་འདི་ལ། རང་གིས་རང་རྩ་བཀོག་བཏང་ནས་རྒྱ་མཚོར་འཚུགས་པར་འགྱུར་ཞིག་ཅེས་སྨྲས་ན་དེས་ཁྱེད་ཀྱི་བཀའ་ལ་ཉན་པར་འགྱུར།
Naršyti ལུ་ཀཱ 17:6
7
ལུ་ཀཱ 17:33
སུ་ཡང་རང་གི་སྲོག་ལ་ཆགས་པ་དེ་བརླག་པར་འགྱུར། སུ་ཡང་རང་གི་སྲོག་བཏང་ན་དེ་སྐྱོབ་པར་འགྱུར།
Naršyti ལུ་ཀཱ 17:33
8
ལུ་ཀཱ 17:1-2
ཡེ་ཤུས་ཉེ་གནས་རྣམས་ལ་“སླུ་བའི་རྒྱུ་མི་འབྱུང་བར་མི་སྲིད། འོན་ཀྱང་སླུ་བར་བྱེད་མཁན་ལ་ཆད་པ་ཕོག་པར་འགྱུར་ངེས་ཡིན། ཆུང་ངུ་འདི་རྣམས་ལས་གཅིག་སླུ་བར་བྱེད་པ་ལས་མི་དེ་ཉིད་ཀྱི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་ཞིག་བཏགས་ནས་རྒྱ་མཚོའི་ནང་དུ་དབྱུགས་ན་ཁོ་ལ་ལེགས་སོ།
Naršyti ལུ་ཀཱ 17:1-2
9
ལུ་ཀཱ 17:26-27
ཡང་མེས་པོ་ནོ་ཨ་ཡི་དུས་ལ་བྱུང་བ་ལྟར། མིའི་རིགས་ཀྱི་བུ་ཡི་དུས་ལ་ཡང་འབྱུང་བར་འགྱུར། ནོ་ཨ་གྲུ་ཆེན་གྱི་ནང་དུ་མ་ཞུགས་པའི་བར་དུ་ཁོ་ཚོས་བཟའ་བ་དང་བཏུང་ཞིང༌། བག་མ་གཏོང་ལེན་བྱེད་བཞིན་ཡོད། དེ་ནས་ཆུ་ལོག་ཆེན་པོ་བྱུང་ནས་ཁོ་ཚོ་ཚང་མ་འཇིག་པར་གྱུར།
Naršyti ལུ་ཀཱ 17:26-27
Pradžia
Biblija
Planai
Vaizdo įrašai