ཡེ་ཤ་ཡཱ་ཞེས་ཟེར་བའི་ལུང་སྟོན་པས་བྲིས་པའི་མདོ་ལ་བཀོད་པ་ལྟར།
དབེན་སྟོང་ཡུལ་ནང་གྲགས་པའི་འབོད་སྒྲ་ཡིས། །
གཙོ་བོའི་ཆེད་དུ་ཕེབས་ལམ་གྲ་སྒྲིག་བྱོས། །
ལམ་བུ་དེ་ནི་བདེ་བར་བཟོས་ཤིག་ཨང༌། །
རོང་རྣམས་སྙོམས་ཤིང་རི་དག་དམའ་བར་འགྱུར། །
འཁྱོག་པ་དྲང་ལ་རྩུབ་པོ་བདེ་བར་འགྱུར། །
ཀུན་གྱིས་དཀོན་མཆོག་ཐར་པ་མཐོང་བར་འགྱུར། །
ཞེས་གསུངས།