དེ་ཡང་དཀོན་མཆོག་གིས་བུ་ཆུང་ཞིག་ངུ་བའི་སྐད་གསན༌ཏོ། །དཀོན་མཆོག་གི་ཕོ་ཉས་ནམ་མཁའི་ཞིང་ཁམས་ནས་ཧ་གར་གྱི་མིང་ནས་བོས་ཏེ་འདི་སྐད༌དུ། ཧ༌གར། ཁྱོད་ཀྱིས་འདི་ལྟར་བྱེད་དོན༌ཅི། ཁྱོད་རང་འཇིགས་མི་དགོས༌ཏེ། དཀོན་མཆོག་གིས་བུ་ཆུང་གི་སྐད་གསན༌ཏོ།། ཡར་ལོངས༌དང༌། བུ་ཡར་བསྐྱོར་ནས་ཁོའི་ལག་པར་འཇུས༌ཤིག ཅིའི་ཕྱིར་ཞེ༌ན། བདག་གིས་བུའི་རིགས་རྒྱུད་ལ་རྒྱལ་ཁབ་ཆེན་པོ་ཞིག་འཛུགས་པར་བྱ་ངེས་ཡིན་ཞེས་གསུངས༌སོ།།