བདག་གིས་ཁྱོད་ལ་བྱིན་རླབས་ཆེན་པོ་གནང་ངེས༌ཤིང༌། ཁྱོད་ཀྱི་བུ་རྒྱུད་ནི་ནམ་མཁའི་སྐར་མ་དང་རྒྱ་མཚོའི་འགྲམ་གྱི་བྱེ་མ་ཇི་བཞིན་མང་དུ་འཕེལ་བར༌བྱ། ཁྱོད་ཀྱི་བུ་རྒྱུད་ཀྱིས་རང་གི་དགྲ་བོ་རྣམས་ཀྱི་མཁར་འཛིན་པ༌དང༌། ཁྱོད་ཀྱིས་བདག་གི་གཏམ་ལ་མཉན་པའི༌ཕྱིར། ཁྱོད་ཀྱི་བུ་རྒྱུད་བརྒྱུད་ནས་ས་སྟེང་གི་མི་རིགས་ཐམས་ཅད་ལ་བྱིན་རླབས་འཐོབ་པར་འགྱུར་ཞེས་གསུངས༌སོ།།