YouVersion Logo
Search Icon

ཡོ་ཧ་ནན། 12

12
ཡེ་ཤུ་བེད་ཐ་ནི་རུ།
(མད་ཐཱ། ༢༦:༦-༡༣; མར་ཀུ། ༡༤:༣-༩)
1པེ་སག་དུས་ཆེན་གྱི་ཉིན་མ་དྲུག་ཨེན་ལ་ཡེ་ཤུ་ཡིས་འཆི་བ་ནས་གསོན་པོ་མཛད་ཀྱིན་ལཱ་ཟར་གྱི་ནང་བེད་ཐ་ནི་རུ་ཁོང་པ་ཕེབས་པ་ལགས། 2ཁོང་ཀྱ་ཡིས་ཡེ་ཤུ་ཡི་ཕྱིར་ལ་དགོང་མོའི་ཞལ་ལག་བཤམས་པ་ལགས། མར་ཐཱ་ཡིས་ཞབས་ཕྱི་ཞུས་བ་ལགས། དེ་ནས་ལཱ་ཟར་གོའང་ཡེ་ཤུ་མུ་ལ་ཞལ་ལག་བཞེས་ཀྱིན་ཀྱ་ནས་གཅིག་ལགས། 3མིར་ཡམ་གྱིས་སྤང་སྤོས་ནས་བཟོས་ཟ་དྲི་ཞིམ་གོང་ཆེ་བུམ་པ་གང་ཡེ་ཤུ་ཡི་ཞབས་ལ་བླུགས་པ་ལགས། དེ་ནས་མོ་རི་སྐྲ་ཡིས་ཁོང་པ་ཡི་ཞབས་ཕི་བ་ལགས། ད་ནང་གི་རི་སྤང་སྤོས་དྲི་ཞིམ་གྱིས་ཁངས་བ་ལགས། 4ཡིན་ནའང་ཡེ་ཤུའི་ཉེ་གནས་ཀྱ་ནས་ཁོང་པ་ལ་དགྲའི་ལག་ལ་རྩི་བརྒྱབ་ཡས་ཡིན་གྱིན་ཡུ་དཱ་ཨཱིས་ཀ་རི་ཨཱོད་ཀྱིས་སྨྲས་བ་ལགས། 5འདི་དྲི་ཞིམ་དེ་དངུལ་གྱི་ཊམ་ཀ་སུམ་བརྒྱ་ལ་བཙོངས་རེ་དབུལ་སྤྲེ་ཀྱ་ལ་སྟེར་ན་འགྲིག་ཡས་འོད་ད་ལགས། 6ཁོས་དེ་དབུལ་སྤྲེ་ཀྱ་ལ་སྙིང་རྗེ་སྐྱེས་རེ་སྨྲས་བ་མ་ལགས། ཡིན་ནའང་ཁོ་ནི་རྐུན་མ་གཅིག་ལགས། དངུལ་གྱི་ཁུག་མ་གོ་ཁོས་ཉར་ར་ལགས། དེ་ནས་འོ་དེ་ནང་དུ་བླུག་གིན་ནས་ཁོ་རང་ལ་དགོས་ཀྱིན་གོ་རྐུ་བ་ལགས།
7ཡེ་ཤུ་ཡིས་གསུངས་བ་ལགས། མོ་ལ་གིའང་མ་སྨྲ། ང་དུར་ཁྲོད་དུ་སྦེད་ཡས་ཀྱི་ཕྱིར་ལ་མོས་དེ་རེ་བྱས་བ་ལགས། 8གི་བྱས་རེ་སྨྲ་ན་དབུལ་སྤྲེ་ཀྱ་ཙོག་བའི་ཁྱེད་ཀྱ་མུ་ལ་འོང་གི་ལགས། ཡིན་ནའང་ང་ཁྱེད་ཀྱི་མུ་ལ་ཙོག་བའི་འོང་གི་མ་ལགས།
ལཱ་ཟར་ལ་བསད་ཡས་ཀྱི་ཇུས་ངན།
9ཡ་ཧུ་དཱ་པ་མི་ཚོགས་ཀྱིས་ཡེ་ཤུ་བེད་ཐ་ནི་རུ་བཞུགས་འདུག་སྨྲས་རེ་གོ་སྟེ་ཁོང་ཀྱ་ཁོང་པ་ལ་མཇལ་རུ་གཅིག་ཀ་མིན་ད། ཡིན་ནའང་འཆི་བ་ནས་ཁོང་པ་ཡིས་གསོན་པོ་བསླངས་ལ་ལཱ་ཟར་ལའང་ལྟ་རུ་འོངས་བ་ལགས། 10འོ་བྱས་རེ་མཆོད་དཔོན་ཆེ་ཀྱ་ཡིས་ལཱ་ཟར་ལ་ཡང་བསད་ཡས་ལ་ཇུས་ངན་བསྟིང་བ་ལགས། 11གི་བྱས་རེ་སྨྲ་ན་ལཱ་ཟར་གྱི་རྐྱེན་གྱིས་ཡ་ཧུ་དཱ་པ་དམི་ཅིག་གི་མང་ང་ཁོང་ཀྱ་ནས་ཁ་བྲལ་རེ་ཡེ་ཤུ་ལ་དད་པ་བྱས་བ་ལགས།
ཡེ་ཤུ་ཡེ་རུ་ཤ་ལེམ་དུ་ཕེབས་པ།
(མད་ཐཱ། ༢༡:༡-༡༡; མར་ཀུ། ༡༡:༡-༡༡; ལུ་ཀ། ༡༩:༢༨-༤༠)
12ཉིན་མ་གཤམ་མ་གོ་ལ་པེ་སག་གི་དུས་ཆེན་ལ་འོངས་བ་མི་ཚོགས་ཆེ་གཅིག་གིས་ཡེ་ཤུ་ཡེ་རུ་ཤ་ལེམ་དུ་ཕེབས་གུ་ལགས་སྨྲས་རེ་གོ་པ་ལགས། 13འོ་བྱས་རེ་ཁོང་ཀྱ་ཡིས་ཏ་ལའི་ཤིང་སྡོང་གི་ཡལ་ག་ཀྱ་ཁྱེར་ཏེ་ཁོང་པ་ལ་མཇལ་རུ་སོང་བ་ལགས། དེ་ནས་སྐད་བཏོན་ཏེ་སྨྲས་བ་ལགས། ཧོ་ཤ་ཨ་ནཱ། གཙོ་བོའི་མཚན་ནས་ཕེབས་མཁན་ཡིས་ར་ཨེལ་གྱི་རྒྱལ་བོ་ལ་བཀྲ་ཤིས་ཡོང་བར་ཤོག།
14དེ་ནས་ཡེ་ཤུ་ལ་བོང་ཕྲུག་གཅིག་རྙེད་དེ་འོ་དེའི་ཁར་ལ་བཅིབས་པ་ལགས། གསུང་རབ་ནང་དེ་རེ་བྲིས་ཀྱིན་གོ་འགྲུབ་པ་ལགས།
15སི་ཡོན་གྱི་བུ་མོ། མ་འཇིགས།
ཁྱེད་ཀྱི་རྒྱལ་བོ་བོང་ཕྲུག་ཁར་ལ་བཅིབས་ཏེ་ཕེབས་བའི།#ཟེ་ཀ་རི་ཡཱས། ༩:༩
16ཁོང་པ་ཡི་ཉེ་གནས་ཀྱ་ཡིས་འདི་དོན་ཨེན་ལ་ཧ་མ་གོ་པ་ལགས། ཡིན་ནའང་ཡེ་ཤུ་གཟི་བརྗིད་ལ་འཕགས་བའི་གང་ལ་འདི་ལབ་དེ་ཁོང་པ་ཡིས་སྐོར་ལ་བྲིས་བྲ་དང་། གཞན་གྱིས་ཁོང་པ་ལ་གི་བྱས་བྱ་གོ་དྲན་གསོས་བ་ལགས།
17ཡེ་ཤུ་ཡིས་ལཱ་ཟར་ལ་དུར་ཁྲོད་ནས་བོས་རེ་འཆི་བ་ནས་གསོན་པོ་མཛད་དེ་གང་ལ། ཁོང་པ་མུ་ལ་འོད་མཁན་མི་ཚོགས་ཀྱིས་ཁོང་པ་ཡི་སྐོར་ལ་དཔང་པོ་སྟེར་ཇིག་བྱས་བ་ལགས། 18ཁོང་པ་ཡིས་འདི་རྟགས་དེ་སྟོན་གྱིན་གོ་གོ་སྟེ་མི་ཚོགས་ཀྱ་ཁོང་པ་ལ་མཇལ་རུ་སོང་བ་ལགས། 19ཕཱ་རུ་ཤི་པ་ཀྱ་ཡིས་གཅིག་གིས་གཅིག་ལ་སྨྲས་བ་ལགས། ལྟོས་དང་། འཇིག་རྟེན་འོད་ལེ་ཁོའི་གཤམ་ལ་འབྲང་བའི། འོ་རི་གིའང་བྱེད་ཐུབ་ཡས་མེད་ད་ལགས།
ཡེ་ཤུ་ལ་གྷི་རིག་ཀྱ་ཡིས་མཇལ་འདོད།
20པེ་སག་གི་དུས་ཆེན་ལ་ཡེ་རུ་ཤ་ལེམ་དུ་མཆོད་པ་འབུལ་རུ་འོང་གིན་ཀྱ་ནས་མི་རིང་འགའ་གྷི་རིག་འོད་ད་ལགས། 21དེ་ནས་ག་ལིལ་ཡུལ་ཕྱོགས་ཀྱི་བེད་སད་དཱ་ཡུལ་དུ་བསྡད་ཀྱིན་ཕི་ལིབ་རྩ་རུ་ཁོང་ཀྱ་འོངས་རེ་ཞུས་བ་ལགས། སློབ་དཔོན་ལགས། འེ་ཀྱ་ཡེ་ཤུ་ལ་མཇལ་འདོད་འོད། 22ཕི་ལིབ་སོང་རེ་ཨན་དྲི་ཡཱ་ལ་བཤད་པ་ལགས། དེ་ནས་ཨན་དྲི་ཡཱ་ཕི་ལིབ་མུ་ལ་སོང་རེ་ཡེ་ཤུ་ལ་ཞུས་བ་ལགས།
23ཡེ་ཤུ་ཡིས་ཁོང་གཉིས་བོ་ལ་ལན་གནང་བ་ལགས། མིའི་བུ་གཟི་བརྗིད་ལ་མངོན་ཡས་ཀྱི་དུས་ཚོད་རན་སོང་། 24ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། གྲོའི་འབྲུ་རྡོག་སའི་ནང་ལ་ལྷིམ་ཏེ་མི་ཤི་ན་འོ་དེ་གཅིག་ཀ་ལས་ཀྱི་ལགས། ཡིན་ནའང་འོ་དེ་འབྲུ་རྡོག་གོ་ཤི་ན་འོ་དེ་ནས་འབྲས་བུ་མང་ང་སྐྱེས་ལ་ལགས། 25རང་གི་སྲོག་ལ་ཆགས་མཁན་གྱིས་འོ་དེ་སྟོར་དུ་བཅུག་བ་ལགས། དེ་ནས་འཇིག་རྟེན་དུ་རང་གི་སྲོག་ལ་མེད་ཆགས་མཁན་གྱིས་འོ་དེ་མཐའ་མེད་པའི་ཚེ་སྲོག་གི་ཕྱིར་ལ་སྐྱོབ་བ་ལགས། 26སུས་ང་ལ་ཞབས་ཏོག་ཞུས། འོ་དེས་ངའི་གཤམ་ལ་འབྲང་དགོས་གུ་ལགས། དེ་ནས་ང་ག་རུ་འོད་ས་རུ་ངའི་ཞབས་ཕྱི་གོའང་ཡོང་གི་ལགས། སུས་ང་ལ་ཞབས་ཏོག་ཞུ་ན། འོ་དེ་ལ་ཡབ་ཀྱིས་བཀུར་སྟི་མཛད་ཀྱི་ལགས།
རང་གི་འཆི་བའི་སྐོར་ལ་ཡེ་ཤུ་ཡི་མངོན་ཤེས།
27ད་ངའི་སེམས་འཁྲུགས་འདུག། ང་གི་སྨྲ་གུ། ཀྱེ་ཡབ། འདི་དུས་ཚོད་དེ་ནི་ང་ལ་སྐྱོབ་བ་མཛད། མ་ལགས། ང་དོན་འདིའི་ཕྱིར་ལ་རང་འདི་དུས་ཐུག་པའི་འོངས་བ་ཡིན། 28ཡབ་ལགས། ཁྱེད་ཀྱི་རང་གི་མཚན་ལ་གཟི་བརྗིད་དང་ལྡན་པར་མཛད་རོགས།
དེ་ནས་ནམ་མཁའི་ཞིང་ཁམས་ནས་གསུང་སྐད་གཅིག་གིས་གསུངས་བ་ལགས། ངས་གཟི་བརྗིད་དང་ལྡན་པར་བྱས་འོད། དེ་ནས་ལྡབ་ལེ་གཟི་བརྗིད་དང་ལྡན་པར་བྱེད་ཡས་ཡིན།
29འོ་དུ་རུ་ལངས་རེ་བསྡད་ད་མི་ཚོགས་ཀྱིས་འདི་གོ་སྟེ་སྨྲས་བ་ལགས། འབྲུག་ལྡིར་རི། གཞན་མ་ཀྱ་ཡིས་སྨྲས་བ་ལགས། དཀོན་མཆོག་གི་བང་ཆེན་གྱིས་ཁོང་པ་མུ་ལ་བཀའ་མོལ་གསུངས་ང་ལགས།
30ཡེ་ཤུ་ཡིས་ལན་གནང་བ་ལགས། གསུང་སྐད་འདི་ངའི་ཕྱིར་ལ་མིན་ད་ཁྱེད་ཀྱ་ཡི་ཕྱིར་ལ་བྱུང་བ་ལགས། 31ད་འཇིག་རྟེན་གྱི་ཁྲིམས་བཅད་ཡས་ཀྱིས་དུས་བབ་འདུག། ད་འདི་འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་ཕི་ལ་གཡུག་གི་ལགས། 32དེ་ནས་ང་ས་གཞི་ནས་ཡར་འཕག་བའི་གང་ལ་ངས་གི་རི་ལ་རང་གི་དྲུང་དུ་སྡུད་ཡས་ཡིན། 33རང་གི་མྱངས་དགོས་ཡས་ཀྱི་འཆི་བའི་སྐོར་ལ་ཁོང་པ་ཡིས་དེ་རེ་གསུངས་བ་ལགས།
34མི་ཚོགས་ཀྱིས་ཞུས་བ་ལགས། མཱ་ཤི་ཀ་གོ་རྒྱུན་ནས་རྒྱུན་དུ་གནས་ཀྱི་ལགས་སྨྲས་རེ་འི་ཀིས་ཆོས་ཁྲིམས་ནས་གོ་སོང་། མིའི་བུ་ཡར་འཕགས་ཀྱི་ལགས་སྨྲས་རེ་ཁྱེད་རང་གིས་གང་བྱས་རེ་གསུངས་ཐུབ་བ་ལེ། མིའི་བུ་དེ་སུ་ལེ།
35ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འོད་དེ་ཁྱེད་ཀྱ་ཡི་མུ་ལ་དུས་ཐུང་ཐུང་ཞིག་གནས་ཀྱི་ལགས། མུན་ནག་གི་དབང་འོག་ཏུ་མི་ཆུད་ཡས་ལ་འོད་འོད་དེ་གང་ལ་རང་ཐར་ར་བྱེད། མུན་ནག་གི་ནང་ལ་འགྲོ་མཁན་གྱིས་ག་རུ་འགྲོ་གིན་གོ་མེད་ཤེས་ལ་ལགས། 36འོད་འོད་དེ་གང་ལ་རང་ཁྱེད་ཀྱ་འོད་ཀྱི་སྲས་དང་སྲས་མོ་ཀྱ་འབྱུང་ཡས་ལ་འོད་གོ་ལ་དད་པ་བྱེད།
མི་མང་ཀྱ་ཡི་དད་པ་མེད་ཀྱིན་གྱི་སྐོར་ལ།
ཡེ་ཤུ་ཡིས་དེ་གསུངས་ཚར་ཏེ་ཁོང་པ་འོ་དེ་ནས་ཕེབས་ཏེ་ཁོང་ཀྱ་ནས་ཡིབ་སྟེ་བཞུགས་པ་ལགས།
37ཁོང་པ་ཡིས་མི་ཀྱ་ཡི་གདོང་དུ་རྟགས་མང་ང་སྟོན་ད་མཛད་དེའང་། དེ་ཀྱ་ཡིས་ཁོང་པ་ལ་དད་པ་མ་བྱས་བ་ལགས། 38འོ་བྱས་རེ་མངོན་ཤེས་མཁན་ཡེ་ཤ་ཡཱའི་ཐོག་ནས་གསུངས་ཀྱིན་དེ་འགྲུབ་པ་ལགས།
གཙོ་བོ། འི་ཀི་གཏམ་བཟང་ལ་སུས་ཡིད་ཆེས་བྱེད་ཡས།
སུ་ལ་གཙོ་བོས་རང་གི་ནུས་མཐུ་མངོན་མཛད་དོ།
39འོ་བྱས་རེ་ཁོང་ཀྱ་ཡིས་དད་པ་བྱས་མ་ཐུབ་པ་ལགས། གི་བྱས་རེ་སྨྲ་ན་ཡེ་ཤ་ཡཱ་ཡིས་ཡང་དེ་རེ་གསུངས་འོད་ད་ལགས།
40དཀོན་མཆོག་གིས་ཁོང་ཀྱ་ཡི་མིག་ཞ་ར་མཛད་དེ།
དེ་ནས་ཁོང་ཀྱ་ཡིས་སེམས་མཁྲེགས་བ་མཛད་པ་ལགས།
དེ་རེ་མ་མཛད་འོད་ན། ཁོང་ཀྱ་ཡི་མིག་གིས་མཐོང་ཡས་དང་།
ཁོང་ཀྱ་ཡི་སེམས་ཀྱིས་ཧ་གོ་ཡས་འོད།
དེ་ནས་ངའི་རྩ་རུ་ལོག་ཡས་འོད། དེ་ནས་ངས་ཁོང་ཀྱ་ལ་གསོ་ཡས་འོད།#ཡེ་ཤ་ཡཱ། ༦:༡༠
41ཡེ་ཤ་ཡཱ་ཡིས་ཡེ་ཤུའི་གཟི་བརྗིད་མཐོང་རེ་ཁོང་པ་ཡི་སྐོར་ལ་དེ་རེ་གསུངས་བ་ལགས།
42དེ་རེ་བྱས་རེའང་ཡ་ཧུ་དཱ་པ་དཔོན་རིགས་ནང་ནས་མང་ང་ཡིས་ཡེ་ཤུ་ལ་དད་པ་བྱས་བ་ལགས། ཡིན་ནའང་ཁོང་ཀྱ་ལ་ཡ་ཧུ་དཱ་པའི་ཚོགས་ཁང་ནས་བུད་གྲོ་སྨྲས་རེ་ཕཱ་རུ་ཤི་པ་ཀྱ་ལ་འཇིགས་ཏེ་ཁས་ལེན་མ་བྱས་བ་ལགས། 43གི་བྱས་རེ་སྨྲ་ན་ཁོང་ཀྱ་དཀོན་མཆོག་གིས་བཀུར་སྟི་ལས་ལྷག་མིས་བཀུར་སྟི་ལ་ཆགས་པ་ལགས།
ཡེ་ཤུ་འཇིག་རྟེན་སྐྱོབ་ཏུ་ཕེབས་པ།
44དེ་ནས་ཡེ་ཤུ་ཡིས་གསུང་སྐད་ཆེའི་ཐོག་ནས་གསུངས་བ་ལགས། ང་ལ་དད་པ་བྱེད་ཀྱིན་གྱིས་ང་ལ་མིན་ད་ང་ལ་མངགས་མཁན་ལ་དད་པ་བྱེད་ད་ལགས། 45དེ་ནས་ང་ལ་མཐོང་མཁན་གྱིས་ང་ལ་མངགས་མཁན་ཁོང་པ་ལ་མཇལ་གྱི་ལགས། 46ང་ལ་དད་པ་བྱེད་མཁན་ཀྱ་མུན་ནག་གི་ནང་དུ་མི་ལུས་ལ། ང་ནི་འོད་བྱུང་རེ་འཇིག་རྟེན་དུ་འོངས་བ་ཡིན། 47ངའི་བཀའ་ཀྱ་མཉན་ཏེ་འོ་དེ་སྲུང་མཁན་ཀྱ་ལ་ང་ཁྲིམས་མེད་བཏང་། གི་བྱས་རེ་སྨྲ་ན་ང་འཇིག་རྟེན་དུ་སྐྱོན་འཛུགས་དུ་འོང་བ་མིན། ཡིན་ནའང་འཇིག་རྟེན་སྐྱོབ་ཡས་ཀྱི་ཕྱིར་ལ་འོང་བ་ཡིན། 48ང་ལ་ངོ་ལོག་བྱེད་མཁན་དང་ངའི་བཀའ་ཀྱ་ཁས་མེད་ལེན་མཁན་ཀྱ་ལ་ཁྲིམས་དཔོན་གཅིག་འོད་ད་ལགས། ངས་བཤད་ཀྱིན་བཀའ་ཡིས་རང་མཐའ་མའི་ཉིན་མོ་ལ་འོ་དེའི་ཁྲིམས་བཏང་གི་ལགས། 49གི་བྱས་རེ་སྨྲ་ན་ངས་ང་རང་གི་ཐོག་ནས་བཤད་ད་མིན། ཡིན་ནའང་ང་ལ་མངགས་ཀྱིན་ཡབ་ཀྱིས་རང་ངས་གི་སྨྲ་དགོས་ཀྱིན་དང་། བཤད་དགོས་ཀྱིན་གྱི་བཀའ་ང་ལ་གནང་འོད་ད་ལགས། 50ཁོང་གི་གནང་གིན་བཀའ་དེ་མཐའ་མེད་པའི་ཚེ་སྲོག་ཡིན་གྱིན་གོ་ངས་ཤེས་སོང་། འོ་བྱས་རེ་ངས་གི་བཤད་ཀྱིན་གོ་ཡབ་ཀྱིས་ང་ལ་གསུངས་ཀྱིན་གོ་རང་བཤད་ད་ཡིན།།

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in

Free Reading Plans and Devotionals related to ཡོ་ཧ་ནན། 12

YouVersion uses cookies to personalize your experience. By using our website, you accept our use of cookies as described in our Privacy Policy