YouVersion Logo
Search Icon

ལུ་ཀཱ། 15

15
ལེའུ་བཅོ་ལྔ།
ལུག་​བསྐྱུར་རི་དཔེ་སྐོར།
1ཁྲལ་​སྡུད་མཁན་དིང་། མི་སྡིག་ཅན་​ཡེ་རེ་​ཡེ་ཤུའི་​དྲུང་དུ་​ཆོས་ལེ་ཉན་​དུ་​འོང་​འོད་དིག 2དེ་ནས་​ཕཱ་རུ་ཤི་པ་​དིང་​ཆོས་ཁྲིམས་མཁས་པ་​ཀྱ་ཀྱིས་མི་དེ་​ནི། མི་​སྡིག་ཅན་​ཀྱ་​དིང་​སྐྱེན་​ལེ་​བཟའ་བཏུང་བགྱིད་འདུག་​ཟིན་གཅིག་​གིས་​གཅིག་ལེ། ཡེ་ཤུའི་སྐོར་ལེ་མི་དགའ་བའི་གཏམ་གླེང་བགྱིད་​འོད་དིག 3འོ་དེ་ལེ་བརྟེན་ཏེ། ཡེ་ཤུས་​དཔེ་​ཞིག་​སྟོན་​ཏེ། 4ཁྱེད་​ཀྱ་​ནང་​ནས་​མི་​ཞིག་​ལེ་​ལུག་​བརྒྱ་​འོད་​དི་​དིང་། ཡང་ལུག་​བརྒྱ་པོ་དེའི་ནང་​ནས་​གཅིག་​བསྐྱུར་​རི་​ཡིན་​ནི། ལུག་​དགུ་བཅུ་གོ་དགུ་​དེ་རྩྭ་ཐང་​ལེ་​གཡུགས་​ཏེ། བསྐྱུར་​རི་​ལུག་​གཅིག་​དེ་​མ་​རྙེད་​བར་དུ་​མི་​འཚོལ་​འོད་​དི་​གས། 5-6གལ་སྲིད་​ལུག་​དེ་​རྙེད་​དི་​ཡིན་​ནི། ཁོ་​རང་དགའ་རི་​ཆེན་པོ་​བྱུང་​སྟེ། ལུག་​དེ་​ཕྲག་པའི་​ལྟག་ག་ལེ་བོར་​ཏེ་ཁྱིམ་​ལེ་སླེབས་​ཕེན། ཁོས་རང་གི་​རོགས་པོ་​ཀྱ་དིང་ཁྱིམ་མཚེས་​ཀྱ་ཤོག་​སྨྲས་​ཏེ། ངའི་བསྐྱུར་རི་ལུག་​དེ་ད་ལྟ་​རྙེད་​བྱུང་། ད་ཁྱེད་​ཀྱ་ཟང་​ངའི་​སྐྱེན་​ལེ་​དགའ་​སྤྲོ་གྱིས་དང་​ཟེར་​གྱི་​དིག 7ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། དཔེ་​དེ་​ཅོག་འདྲ། འགྱོད་བཤགས་བགྱིད་​མི་​དགོས་པའི་​དྲང་བདེན་​གྱི་​མི་​དགུ་བཅུ་གོ་དགུ་​དེ་ལས། མི་​སྡིག་ཅན་​གཅིག་​གིས་​སྤྱོད་ངན་ཀྱ་སྤངས་ཏེ་འགྱོད་བཤགས་བགྱིད་མཁན་ཁོའི་ཆེད་དུ། ནམ་མཁའི་ཞིང་ཁམས་​ལེ་​བཞུགས་​མཁན་ཀྱ་ཟང་དེ་ལས་ལྷག་ཚོད་དགའ་​སྤྲོ་ཆེན་པོ་​བགྱིད་ཀྱི་​དིག་ཟིན་​གསུངས་​པི་​དིག
དངུལ་​གྱི་​ཊང་ཀ་​བསྐྱུར་རི་དཔེ་སྐོར།
8ཡང་​དང་ཡེ་ཤུས་དཔེ་གཞན་མ་ཞིག་བསྟན་ཏེ། བུ་མའ་​ཞིག་​ལེ་​དངུལ་​གྱི་​ཊང་ཀ་​བཅུ་འོད་​དིག ཊང་ཀ་​བཅུ་པོ་དེའི་ནང་ནས་གཅིག་སྐྱུར་​རི་ཡིན་ནི། མོས་མཆོད་མེ་སྤར་ཏེ་ནང་​ཡེ་རེ་གད་​བརྒྱབ་​ཏེ་མ་རྙེད་​བར་དུ་​མོས་མི་​འཚོལ་​འོད་​དི་གས། 9གལ་སྲིད་​མོའི་​དངུལ་​ཊང་བསྐྱུར་རི་​དེ་​བཙལ་​ཏེ་​རྙེད་​དི་​ཡིན་​ནི། མོས་རང་གི་​རོགས་ཀྱ་དིང་​ཁྱིམ་མཚེས་​ཀྱ་​ཤོག་​སྨྲས་​ཏེ། ངའི་​དངུལ་​གྱི་​ཊང་ཀ་​ཞིག་བསྐྱུར་​སོང་། ད་ལྟ་​ང་རང་​ལེ་​རྙེད་​བྱུང་། འོ་དེ་ལེ་བརྟེན་ཏེ། ཁྱེད་​ཀྱ་​ངའི་​སྐྱེན་​ལེ་​དགའ་སྤྲོ་​གྱིས་​དང་​ཟེར་​གྱི་​དིག 10ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། དཔེ་​དེ་ཅོག་འདྲ་​མི་​སྡིག་ཅན་​ཞིག་​གིས་​སྤྱོད་ངན་དེ་སྤངས་​ཏེ་​འགྱོད་བཤགས་བྱས་པི་ཡིན་ནི། དཀོན་མཆོག་གི་ཕོ་ཉ་ཀྱ་ཟང་མི་དེས་འགྱོད་བཤགས་བྱས་པའི་རྐྱེན་གྱིས་དགའ་སྤྲོ་ཆེན་པོ་​གནང་གྱི་​དིག་ཟིན་​གསུངས་​པི་​དིག
བི་ས་​འཁྱམ་པོའི་དཔེ་སྐོར།
11དེ་ནས་​ཡང་​དང་ཡེ་ཤུས་​དཔེ་​གཞན་མ་ཞིག་བ​སྟན་​ཏེ། ཨ་ཀྱི་​ཞིག་​ལེ་​བི་ས་​གཉིས་​འོད་དིག 12ཉིན་མ་ཞིག་བི་ས་​ཆུང་ཤོས་​ཁོས་​རང་གི་ཨ་ཀྱི་​ལེ། ང་རང་​ལེ་​འཐོབ་​རྒྱུ་ཡིན་དི་ནོར་​སྐལ་​དེ་སྟེར་​རོགས་​གྱིས་​སྨྲས་​ཕེན། ཨ་ཀྱིས་​ཟང་​བི་ས་​གཉིས་པོ་ལེ་​རྒྱུ་ནོར་​དེ་བགོ་བཤའ་བརྒྱབ་​པི་དིག 13དེ་ནས་​ཉིན་མ་ཁ་ཤས་ཀྱི་རྗེས་ལེ། བི་ས་​ཆུང་ང་ཁོས་​རྒྱུ་ནོར་​ཡེ་རེ་འཁྱེར་​ཏེ་​ཐག་རིང་​གི་ལུང་པ་ཞིག་​ལེ་​བུད་​དི་​དིག ལུང་པ་​དེ་རུ་​ཁོས་རང་གི་​འདོད་པ་​ཅི་​ཡོད​་བྱས་​ཏེ་​རྒྱུ་ནོར་​ཡེ་རེ་​ཕངས་​མེད་​བཏང་​པི་​དིག 14དེ་ནས་​ཁོས་​རྒྱུ་ནོར་​ཡེ་རེ་​ཕངས་​མེད་​བཏང་​སྟེ་​རྫོགས་​པི་དིག ཡང་དུས་དེ་རྒྱ་ཁོ་རང་སྡོད་སའི་ལུང་པ་དེ་ལེ་ཟང་​མུ་གེ་​ཚབས་​ཆེན་པོ་​ཞིག་བྱུང་​ཕེན། ད་ཁོ་རང་​ལེ་​ཟ་རྒྱུ་​མེད་​ཕེན་​གྲོད་པ་​ལྟོགས་​ཏེ་​སྡུག་པོ་​འཇུ་གུ་​བྱུང་པི་དིག 15དེ་ནས་ཁོས་​ལུང་པ་དེའི་​མི་​ཚང་ཞིག་གི་ནང་ལེ་​ལས་ཀ་​འཚོལ་​དུ་བུད་དི་དིག ཡང་མི་​ཚང་དེས་ཁོ་ལེ་​ཞིང་​ལེ་​འོད་ཡོད་​ཕག་ཚང་​ནང་​ལེ་​ཕག་​ལེ་​ཟ་མ་​སྟེར་​རྒྱུ་​ལས་​ཀ་ཞིག་གཏད་དི་​དིག 16མི་སུ་ཞིག་གིས་ཟང་ཁོ་ལེ་ཟ་མ་མི་སྟེར་འོད་ཕེན། ཁོ་རང་​གྲོད་པ་འཇུ་གུ་ལྟོགས་ཏེ་ཕག་​གི་ཟ་མ་དེ་བཟའ་​འདོད་​བྱུང་​པི་​དིག 17དེ་ནས་​ཁོ་རིག་པ་​ཤར་​ཏེ། ངའི་​ཨ་ཀྱིའི་​གཡོག་པོ་​ཡེ་རེ་​ལེ་​ཟ་​རྒྱུ་​འོད་​དེ་​མ་ཟད། ནང་ལེ་འཁྱེར་​རྒྱུ་​ཟང་​འོད་དིག ཡིན་ནའང་​། ང་​འདི་​རུ་​ལྟོགས་​ཏེ་​ཤི་​རྒྱུ་​ཉེན་ཁ་​འདུག 18ད་ང་རང་​ཨ་ཀྱི་​འོད་ས་​ལེ་​ལོག་​སྟེ། ངས་ཨ་ཀྱི་ཁྱེད་དིང་དཀོན་མཆོག་ལེ་​སྡིག་ཉེས་བྱས་ཕེན། 19དུས་​ད་​ནས་ཕྱིན་​ཆད། ང་​ནི་ཁྱེད་​ཀྱི་བི་ས་ཡིན་ཟེར་མི་འོས་པ་ཞིག་ཡིན། ཁྱེད་ཀྱིས་ང་ནི་མི་གླག་​ཞིག་གི་​མཐོང་ལེ་རྩིས་​རོགས་​གྱིས་​ཟེར་​དགོས་​བསམས་​པི་དིག 20དེ་ནས་​ཁོ་རང་​ཡར་​ལངས་​ཏེ། ཨ་ཀྱི་འོད་​ས་​ལེ་​ལོག་​བུད་དི་དིག ཡིན་ནའང་། ཨ་ཀྱི་​ཁོས་​ཟང་​རྒྱང་​རིང་པོ་​ནས་​བི་ས་​ལོག་​འོང་གི་མཐོང་​ཕེན། རྙིང་​རྗེ་ཆེན་པོ་སྐྱེས་ཏེ། བི་སའི་​མདུན་​ལེ་​རྒྱུགས་འོངས་​ཏེ། ཁོ་​ལེ་​དབུ་གཏུགས་བྱས་ཏེ་འཐམ་​པི་དིག 21དེ་ནས་​བི་ས་​ཁོས་ཨ་ཀྱི་ལེ། ངས་དཀོན་མཆོག་​དིང་​ཨ་ཀྱི་​ཁྱེད་​གཉིས་​ལེ་སྡིག་ཉེས་ཆེན་པོ་​བྱས་​པི་ཡིན། དུས་​ད་ནས་ཕྱིན་ཆད། ཁྱེད་​ཀྱིས་​ང་​ལེ་​ངའི་​བི་ས་​ཟིན་​མ་​ཟེར་​རོགས་​གྱིས་​སྨྲས་​པི་དིག 22ཡིན་ནའང་། ཨ་ཀྱིས་རང་གི་​གཡོག་པོ་​ཀྱ་​ལེ་​ད་ལྟ་​རང་​ཕྱུ་པ་​དགའ་ཤོས་​དེ་​མགྱོགས་པོ་འཁྱེར་​ཏེ་ཁོ་​ལེ་​སྐོན་​ཅིག ཁོའི་མཛུ་གུ་​ལེ་​སོར་གདུབ་​དིང་​རྐང་པ་​ལེ་​ཟོམ་པ་​སྐོན་​ཅིག 23ཡང་བེའུ་རྒྱགས་པ་ཞིག་​ཤ་བོ་​སོད་དང་། ད་རིང་​འོ་རང་​ཀྱ་​ཕོ་ལེ་​བགྱིད་​རོ། 24ཅི་ལེ་​ཟེར་​ནི། ངའི་​བི་ས་​འདི་​ཤི་པི་​དིག་​བསམས་​བྱུང་། ད་​ཁོ་​གསོན་པོ་​ལེ་​ལོག་​སླེབས་​བྱུང་། ཁོ་​བསྐྱུར་​རི་​དིག་​བསམས་​བྱུང་། ད་​ཁོ་རྙེད་བྱུང་ཟིན་​ཁོང་​ཀྱ་​ཡེ་རེ་​ཕོ་ལེ་བཏང་སྟེ་དགའ་སྤྲོ་བྱས་པི་དིག 25དེ་རྒྱ་བི་ས་​ཆེ་བ་​ཁོ་​ཞིང་ལས་​བགྱིད་​དུ་​ཕྱིན་​ཏེ་ལོག་འོང་འོད་དིག དེ་ནས་ཁོ་རང་ཁང་པའི་​ཉེ་འགྲམ་​ལེ་​སླེབས་རྒྱ། ཁོས་གླུ་​རིང་​ཞབས་བྲོའི་སྒྲ་​ཐོས་ཕེན། 26ཁོས་​གཡོག་པོ་​ཞིག་ལེ་སྐད་བཏང་སྟེ། དེའི་དོན་ཅི་ཡིན་གོ་ཟིན་དྲིས་​ཕེན། 27གཡོག་པོ་​ཁོས། ཁྱེད་​ཀྱི་​ནུ་བོ་​སྐུ་གཟུགས་​བདེ་མོའི་​ངང་​ནས་​ལོག་​སླེབས་འོད་ཕེན། ཁྱེད་​ཀྱི་​ཨ་ཀྱིས་བི་ས་​བདེ་མོ་​བྱས་​ཏེ་​སླེབས་​པི་​དེ་​ལེ། བེའུ་​རྒྱགས་པ་​ཞིག་​ཤ་བོ་​བསད་​དེ་​ཕོ་ལེ་​གཏོང་གྱོ་འོད་དིག་​ཟིན་སྨྲས་​པི་​དིག 28དེ་ནས་​བི་ས་ཆེ་བ་ཁོས་དོན་དེ་ལེ་​ཁྲོས་​ཏེ། ཕོ་ལེ་​བགྱིད་​དུ་​ནང་​ལེ་​འཛུལ་​མ་འོང་ཕེན། ཨ་ཀྱི་​ཁོ་རང་ཕྱི་​ལེ་​འོངས་​ཏེ། བི་སོའོ། ནང་​ལེ་​ཤོག་དང་​སྨྲས་​པི་དིག 29ཡིན་ནའང་། བི་ས་ཆེ་བ་ཁོས་​ཨ་ཀྱི་​ལེ། ལྟོས་​དང་། ཁྱེད་ཀྱི་བཀའ་ལེ་མ་འགལ་​ལི་ངས་ལོ་མང་པོ་རིང་ལེ་ཁྱེད་ཀྱི་གཡོག་པོ་ཅོག་འདྲ་བྱས་ཏེ། ཁྱེད་རང་ལེ་ཞབས་ཕྱི་ཞུས་པི་ཡིན། ཡིན་ནའང་། ཁྱེད་​ཀྱི་​ང་​ལེ་​རོགས་པོ་​ཀྱ་​སྐྱེན་​ལེ་​ཕོ་ལེ་​གྱིས་​ཟིན་​རེའུ་​ཞིག་​ཟང་​སྟེར་​མྱོང་མེད་དིག 30ཡིན་ནའང་། ཁོས་​སྨད་འཚོང་​ཀྱ་​སྐྱེན་​ལེ་​ཁྱེད་​ཀྱི་​རྒྱུ་ནོར་​ཕངས་མེད་​བཏང་​སྟེ་​ལོག་​འོང་རྒྱ། ཁོའི་ཆེད་དུ་ཁྱེད་​ཀྱིས་​བེའུ་བསད་དེ་ཕོ་ལེ་​རྒྱ་​ཆེན་པོ་​གཏོང་​གི་འདུག་སྨྲས་པི་དིག 31དེ་ནས་ཨ་ཀྱིས་ངའི་​བི་སོའོ། ཁྱོད་རང་ནི་དུས་​རྒྱུན་དུ་ངའི་​སྐྱེན་​ལེ་​འོད་དི་མ་ཟད། ང་​ལེ་​ཅི་འོད་ཡོད་རྒྱུ་ནོར་​དེ་ཡེ་རེ་​ཁྱོད​་ཀྱི་ཡིན་དིག 32ཡིན་ནའང་། ཁྱོད་ཀྱི་​ནུ་བོ་​ཤི་​པི་​དིག་​བསམས་​བྱུང་། ད་​ཁོ་​གསོན་པོ་​ལོག་​སླེབས་བྱུང་། ཁོ་བསྐྱུར་​རི་​དིག་​བསམས་​བྱུང་། ད་​ཁོ་​རྙེད་​བྱུང་། ད་​ཤོག་​དང་​འོ་རང་​ཡེ་རེ་​ཕོ་ལེ་​བགྱིད་​རོ་​སྨྲས་​པི་​དིག་ཟིན་ཡེ་ཤུས་སྒྲུང་དེ་མི་ཀྱ་ལེ་གསུངས་​པི་​དིག །

Currently Selected:

ལུ་ཀཱ། 15: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in