ལུ་ཀཱ། 16
16
ལེའུ་བཅུ་དྲུག
གཉེར་པ་སྤྱང་པོ་ཞིག་གི་དཔེ་སྐོར།
1ཡང་ཡེ་ཤུས་རང་གི་སློབ་མ་ཀྱ་ལེ། མི་ཕྱུག་པོ་ཞིག་ལེ་གཉེར་པ་ཞིག་འོད་དིག བདག་པོ་ཁོས་རང་གི་རྒྱུ་ནོར་དེ་ནི། གཉེར་པ་ཁོས་ཕངས་མེད་གཏོང་གི་འདུག་ཟིན་ལབ་ཐོས་ཕེན། 2བདག་པོས་གཉེར་པ་ཁོ་ལེ་ཤོག་སྨྲས་ཏེ། ངས་ཁྱོད་ཀྱིས་སྐོར་ལེ་ཐོས་པའི་གཏམ་དེ་ཅི་ཡིན་གོ། ཁྱོད་ཀྱིས་ང་ལེ་རྩིས་ལེན་རྩིས་སྤྲོད་གསལ་པོ་ཞིག་བགྱིད་དགོས་འོད། ཡང་དུས་ད་ནས་ཕྱིན་ཆད། ཁྱོད་རང་ངའི་གཉེར་པ་བགྱིད་མི་དགོས་སྨྲས་པི་དིག 3གཉེར་པ་ཁོས་སེམས་པ་ལེ། ད་ང་བདག་པོས་གཉེར་པ་བགྱིད་མི་དགོས་ཟིན་བུད་དི་དིག ད་ང་ཅི་གི་བགྱིད་རྒྱུ། ས་ལས་བགྱིད་དི་ལེ་ངའི་གཟུགས་པོ་ལེ་ཤུགས་མེད། སློང་མོ་སློང་དུ་ཕྱིན་ནི་ངོ་ཚ་རྒྱུ་དྲག 4ད་བདག་པོས་ང་གཉེར་པ་ནས་བུད་དི་རྗེས་ལེ། མི་ཀྱ་ཀྱིས་ང་ཁྱིམ་ལེ་དགའ་བསུ་ཞུས་རྒྱུ་ཆེད་དུ། ཅི་གི་ཞིག་བགྱིད་དགོས་འོད་མེད་དེ་ངས་བསམ་བློ་བཏང་ཚར་རི་ཡིན་ཟིན། 5ཁོས་རང་གི་བདག་པོ་ལེ་བུ་ལོན་འཇལ་རྒྱུ་འོད་ཡོད་མི་ཀྱ་རེ་རེ་བྱས་ཏེ་ཤོག་སྨྲས་པི་དིག ཁོས་མི་སྔོན་མ་ཁོ་ལེ། ཁྱོད་ཀྱིས་ངའི་བདག་པོ་ལེ་བུ་ལོན་ཙམ་འཇལ་དགོས་འོད་དོ་ཟིན་དྲིས་ཕེན། 6ཁོས་ཁོང་ལེ། ངས་བཟའ་སྣུམ་ལི་ཊར་བརྒྱ་ཐམ་པ་འཇལ་དགོས་འོད་སྨྲས་པི་དིག ཡང་གཉེར་པ་ཁོས་ཁྱོད་རང་སྔོན་མའི་རྩིས་ཐོ་དེ་འཁྱེར་ལེད་དང་། ད་མགྱོགས་པོ་བཟའ་སྣུམ་ལི་ཊར་ལྔ་བཅུ་མ་གཏོགས་འབྱོང་དགོས་མེད་ཟིན་བྲིས་ཤིག་སྨྲས་པི་དིག 7ཡང་གཉེར་པ་ཁོས་མི་གཞན་ཞིག་ལེ་ཁྱོད་ཀྱིས་བུ་ལོན་ཙམ་འཇལ་དགོས་འོད་དོ་ཟིན་དྲིས་ཕེན། ཁོས་ཁོང་ལེ། ངས་གྲོ་བྲེ་བརྒྱ་ཐམ་པ་འཇལ་དགོས་འོད་སྨྲས་པི་དིག ཡང་གཉེར་པ་ཁོས་ཁྱོད་རང་སྔོན་མའི་རྩིས་ཐོ་དེ་འཁྱེར་ལེད་དང་། ད་མགྱོགས་པོ་གྲོ་བྲེ་བརྒྱད་བཅུ་མ་གཏོགས་འབྱོང་དགོས་མེད་ཟིན་བྲིས་ཤིག་སྨྲས་པི་དིག 8དྲང་པོ་མི་བགྱིད་མཁན་གཉེར་པ་ཁོས་མགོ་གྲུང་པོའི་ངང་ནས་ལས་འོད་དེ་གི་བྱས་པི་རྐྱེན་གྱིས་བདག་པོས་ཁོ་ལེ་བསྟོད་ར་བཏང་པི་དིག ཅི་ལེ་ཟེར་ནི། འོད་ཟེར་གྱི་བུ་ཕྲུག་ཀྱ་ལས་ལྷག་ཚོད། འཇིག་རྟེན་པ་འདིའི་བུ་ཕྲུག་ཀྱ་ཀྱིས་རང་གི་རོགས་པོ་ཀྱ་ལེ་ལས་དོན་སྒྲུབ་རྒྱུ་དེ་མཁས་པ་ཆེན་པོ་འོད་དིག་ཟིན་གསུངས་པི་དིག 9ང་ཁྱེད་ཀྱ་ལེ་ཟེར་རོ། འཇིག་རྟེན་འདིའི་རྒྱུ་ནོར་གྱིས་མི་ཀྱ་ལེ་རོགས་གྱིས་ཤིག དེ་ནས་རྒྱུ་ནོར་རྫོགས་རྒྱ། མི་དེ་ཀྱ་ཀྱིས་ཁྱེད་ཀྱ་ལེ་དུས་རྟན་དུ་གནས་སའི་ཞིང་མཁས་ལེ་ཕེབས་བསུ་ཞུ་གྱི་དིག 10ཡང་མི་སུ་ཡིན་ནའང་། དོན་ཆུང་མ་ཞིག་ལེ་སེམས་དྲང་པོ་བྱས་ནི། དོན་ཆེན་པོ་ལེ་དྲང་པོ་བགྱིད་ཀྱི་དིག ཡིན་ནའང་། དོན་ཆུང་མ་ལེ་སེམས་དྲང་པོ་མ་བྱས་ནི་དོན་ཆེན་པོ་དེ་ལེ་སེམས་དྲང་པོ་མི་བགྱིད་འོད་དིག 11འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་འཇིག་རྟེན་གྱི་རྒྱུ་ནོར་འདི་ལེ་སེམས་དྲང་པོ་མ་བྱས་ནི། ནམ་མཁའ་ཞིང་ཁམས་ཀྱི་བདེན་པའི་རྒྱུ་ནོར་དེ་སུས་ཁྱེད་ཀྱ་ལེ་བཅོལ་གྱོ་འོད་དི་གོ། 12ཡང་གལ་སྲིད་ཁྱེད་ཀྱ་ཀྱིས་མི་གཞན་གྱི་རྒྱུ་ནོར་དེ་ལེ་དྲང་པོ་མ་བྱས་ནི། མི་སུས་རང་ལེ་ཅི་འོད་ཡོད་རྒྱུ་ནོར་དེ་ཁྱེད་ཀྱ་ཀྱི་ལག་ལེ་འབོར་གྱོ་འོད་དིག་གོ། 13དཔེར་ན། གཡོག་པོ་ཞིག་གིས་བདག་པོ་གཉིས་ལེ་གཡོག་པོ་རྒྱུག་མི་ནུས་འོད་དིག ཅི་ལེ་ཟེར་ནི། ཁོས་གཅིག་ལེ་དགྲ་སྡང་པོ་དིང་། གཅིག་ལེ་གཅེས་པོ་བགྱིད་ཀྱི་དིག ཡང་ནི། གཅིག་ལེ་བརྩི་བཀུར་དིང་དིང་། གཅིག་ལེ་མཐོང་ཆུང་བགྱིད་ཀྱི་དིག འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་དཀོན་མཆོག་དིང་རྒྱུ་ནོར་གཉིས་ཀ་སྐྱེན་ལེ་ཞབས་ཕྱི་ཞུ་མི་ནུས་འོད་དིག་ཟིན་གསུངས་པི་དིག
ཕཱ་རུ་ཤི་པ་ལེ་བཀའ་བཀྱོན་གནང་བ།
14ཕཱ་རུ་ཤི་པ་ཀྱ་ནི་རྒྱུ་ནོར་ལེ་འདོད་རྔམ་ཆེན་པོ་བགྱིད་འོད་ཕེན། གསུང་འདི་ཐོས་ལོང་མེད། ཁོང་ལེ་འཕྱམ་ཆ་གཏོང་གྱོ་འོད་དིག 15ཡིན་ནའང་། ཡེ་ཤུས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་མི་ཀྱ་ཀྱི་མདུན་དུ་རང་དྲང་པོ་ཡིན་ཚུལ་བགྱིད་འོད་དིག ཡིན་ནའང་། དཀོན་མཆོག་གིས་ཁྱེད་ཀྱ་ཀྱི་སེམས་པ་དེ་ཅི་གི་ཞིག་ཡིན་དི་མཁྱེན་གནང་གྱོ་འོད་དིག འཇིག་རྟེན་པ་ཀྱ་ཀྱིས་མཐོང་ཆེན་པོ་བརྩི་ས་དེ་ཀྱ་ནི། དཀོན་མཆོག་གི་སྤྱན་སྔར་ལེ་སྐྱུག་བྲོ་མོ་ཡིན་དིག 16ཡང་ལུང་སྟོན་པ་མོ་ཤེ་ལེ་དཀོན་མཆོག་གིས་གནང་བའི་ཆོས་ཁྲིམས་དེ་ནི། ལུང་སྟོན་པ་གཞན་མ་ཀྱ་ཀྱིས་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་བར་དུ་བཤད་དི་དིག དུས་དེ་ནས་ཕྱིན་ཆད། དཀོན་མཆོག་གི་རྒྱལ་ཁབ་སྐོར་གྱི་གཏམ་བཟང་ཤོད་གྱོ་འོད་དི་མ་ཟད། མི་ཡེ་རེ་ཟང་རྒྱལ་ཁབ་དེའི་ནང་དུ་འགྲོ་རྒྱུ་ལེ་བརྩོན་འགྲུས་ནན་ཏན་བགྱིད་འོད་དིག 17ཡིན་ནའང་། དཀོན་མཆོག་གི་ཆོས་ཁྲིམས་ཀྱི་མདོ་ནང་ལེ་འོད་ཡོད་སྣེ་མོ་ཞིག་རྩ་མེད་འགྲོ་བ་ལས། གནམ་ས་རྡིབ་སྟེ་རྩ་མེད་འགྲོ་རྒྱུ་དེ་ལས་སླ་འོད་དིག་ཟིན་གསུངས་པི་དིག 18ཡང་མི་སུ་ཞིག་ཡིན་ནའང་། རང་གི་བུད་མེད་དིང་ཁ་བྲལ་ཏེ། བུ་མའ་གཞན་མ་ཞིག་མནའ་མ་བླངས་པི་ཡིན་ནི། མི་དེས་བྱི་བོ་བྱས་པི་དིག ཡང་ནང་ཚང་ཁ་བྲལ་ལི་བུད་མེད་དེ། རང་གི་མནའ་མ་བླངས་ནི་མི་ཁོས་ཟང་བྱི་བོ་བྱས་པི་དིག
ལཱ་ཟར་དིང་མི་ཕྱུག་པོ་ཞིག་གི་སྐོར།
19ཡང་ཡེ་ཤུས་མི་ཕྱུག་པོ་ཞིག་གིས་རང་གི་ལུས་ལེ་གོས་ཆེན་རྒྱུ་སྨུག་དིང་རས་སྤུས་མ་གྱོན་ཏེ་མཆོར་གཟབ་པི་མ་ཟད། ཉིན་གྲངས་ཕོ་ལེ་སྤྲོ་སྐྱིད་བྱས་ཏེ་སྡོད་གྱོ་འོད་དིག 20ཡང་མིང་ལེ་ལཱ་ཟར་ཟེར་མཁན་སྤྲང་ལོང་ཞིག་འོད་དིག སྤྲང་ལོང་དེའི་གཟུགས་པོ་ཡེ་རེ་ལེ་རྨ་ཡིས་ཁྱབ་འོད་དི་མ་ཟད། མི་ཀྱ་ཀྱིས་སྤྲང་ལོང་ཁོ་ཉིན་གྲངས་མི་ཕྱུག་པོ་ཁོའི་རྒྱལ་སྒོ་ལེ་འབོར་གྱོ་འོད་དིག 21སྤྲང་ལོང་དེས་ཕྱུག་པོའི་ཅོག་ཙེ་ནས་ས་ལེ་འཛར་རི་ཟས་ལྷག་ཟ་རྒྱུ་ལེ་འདོད་པ་བགྱིད་འོད་དི་མ་ཟད། ཁྱི་ཀྱ་ཟང་འོངས་ཏེ་ཁོའི་གཟུགས་པོའི་རྨ་ལེ་བལྡགས་གྱོ་འོད་དིག 22ཡང་ཉིན་མ་ཞིག་སྤྲང་ལོང་དེ་ཤི་ཕེན། དཀོན་མཆོག་གི་ཕོ་ཉ་ཀྱ་ཀྱིས་སྤྲང་ལོང་དེ་ནི། མེས་མེས་ཨབ་ར་ཧམ་གྱི་དྲུང་དུ་དྲངས་པི་དིག ཡང་ཉིན་མ་ཞིག་མི་ཕྱུག་པོ་དེ་ཟངཤི་ཕེན། ཁོའི་རོ་དེ་དུར་ཁྲོད་ལེ་བསྐུངས་པི་དིག 23དེ་ནས་མི་ཕྱུག་པོ་དེས་དམྱལ་བའི་དཀའ་ངལ་ཆེན་པོ་དེ་མྱོང་གྱོ་འོད་དི་མ་ཟད། ཁོས་མིག་ཡར་བལྟས་ཏེ། ཐག་རིང་པོ་ནས་མེས་མེས་ཨབ་ར་ཧམ་མཐོང་པི་དིག ཡང་ཁོང་གི་སྐྱེན་ལེ་སྤྲང་ལོང་ལཱ་ཟར་ཁོ་ཟང་འོད་དི་མཐོང་སྟེ། 24ཁོས་ངའི་མེས་མེས་ཨབ་ར་ཧམ། ང་ལེ་ཐུགས་རྗེ་གཟིགས་རོགས་གནང་། ང་ནི་དམྱལ་བའི་མེ་དཔུང་འདིའི་ནང་ལེ་དཀའ་ངལ་ཆེན་པོ་མྱོང་གྱི་འདུག ངའི་ལྕེ་མོ་བསིལ་པོ་འོང་རྒྱུ་ཆེད་དུ། ལཱ་ཟར་གྱི་མཛུག་གུ་རྩེ་ཆུ་ལེ་བཅུག་སྟེ། ང་འོད་ས་ལེ་ཁོ་རྫོངས་རོགས་ཟིན་སྐད་ཆེན་པོ་བརྒྱབ་པི་དིག 25ཡིན་ནའང་། ཨབ་ར་ཧམ་གྱིས་ཁོ་ལེ། བི་སོའོ། ཁྱོད་རང་གསོན་པོ་ཡིན་རྒྱ། ཁྱོད་ལེ་དགའ་སྐྱིད་དིང་། ལཱ་ཟར་ལེ་སྡུག་པོ་ཐོབ་པི་དེ་ལེ། ཁྱོད་ཀྱིས་དྲན་པ་གྱིས་ཤིག ད་ལྟ་ལཱ་ཟར་ལེ་འདི་རུ་སེམས་གསོ་ཐོབ་འོད་དི་དིང་། ཁྱོད་ལེ་དཀའ་ངལ་འདི་མྱོང་གྱོ་འོད་དི་མ་ཟད། 26ཁྱོད་དིང་ཉེད་ཀྱ་ཀྱི་བར་ཀ་ལེ་གཡང་ཆེན་པོ་ཞིག་འོད་ཕེན། འདི་ནས་ཁྱོད་ཀྱི་རྩ་ལེ་འགྲོ་འདོད་འོད་ནའང་། ཡང་དེ་ནས་ཉེད་ཀྱི་རྩ་ལེ་འོང་འདོད་འོད་ནའང་འགྲོ་མི་ཐུབ་འོད་དིག་ཟིན་སྨྲས་པི་དིག 27ཡང་ཕྱུག་པོ་ཁོས། མེས་མེས་ཨབ་ར་ཧམ། ལཱ་ཟར་ངའི་ཨ་ཀྱིའི་ཁྱིམ་ལེ་རྫོངས་དང་། 28ཅི་ལེ་ཟེར་ནི། ང་ལེ་ད་རུང་སྤུན་ལྔ་འོད། ཁོང་ཀྱ་ཟང་དཀའ་ངལ་ཆེན་པོའི་གནས་འདི་རུ་མི་འོང་བའི་ཆེད་དུ། ལཱ་ཟར་སྔོན་ལེ་ཁོང་ཀྱ་ལེ་ཉེན་བརྡ་གཏོང་དུ་འཇུག་རོགས་ཟིན་ཞུ་བ་ཕུལ་ལི་དིག 29ཡིན་ནའང་། ཨབ་ར་ཧམ་གྱིས་ཁོང་ཀྱ་ལེ། ལུང་སྟོན་པ་མོ་ཤེ་དིང་། ལུང་སྟོན་པ་ཀྱ་ཀྱིས་བྲིས་པའི་མདོ་དེ་ཀྱ་འོད་ཕེན། ཁོང་ཀྱ་ཀྱིས་མདོ་དེ་ལེ་ཉན་དུ་བཅུག་སྨྲས་ནའང་། 30ཕྱུག་པོ་ཁོས་མེས་མེས་ཨབ་ར་ཧམ། ཁོང་ཀྱ་ཀྱིས་མདོ་དེ་ལེ་ཉན་གྱི་མ་དིག གལ་སྲིད་གཤིན་པོ་ཀྱ་ནང་ནས་ཞིག་ཡང་དང་གསོན་པོ་ལངས་ཏེ། ཁོང་ཀྱ་ཀྱི་རྩ་ལེ་འོངས་པི་ཡིན་ནི། ཁོང་ཀྱ་ཀྱིས་སྡིག་པའི་ལས་དེ་ཀྱ་སྤངས་ཏེ་འགྱོད་བཤགས་བགྱིད་ཀྱི་དིག་ཟིན་སྨྲས་པི་དིག 31ཡང་ཨབ་ར་ཧམ་གྱིས་ཁོ་ལེ། ལུང་སྟོན་པ་མོ་ཤེ་དིང་། ལུང་སྟོན་པ་ཀྱ་ཀྱིས་བྲིས་པའི་མདོ་དེ་མ་ཉན་ནི། གཤིན་པོ་ཀྱ་ནང་ནས་སུ་ཞིག་ཡང་དང་གསོན་པོ་ལངས་ནའང་། མི་དེ་ཀྱ་ཀྱིས་ཡིད་ཆེས་བགྱིད་ཀྱི་མ་དིག་ཟིན་ཡེ་ཤུས་རང་གི་སློབ་མ་ཀྱ་ལེ་དཔེ་དེ་གསུངས་པི་དིག །
Currently Selected:
ལུ་ཀཱ། 16: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.

: