YouVersion Logo
Search Icon

ལུ་ཀཱ། 17

17
ལེའུ་​བཅུ་བདུན།
སློབ་མ་​ཀྱ་​ལེ་སློབ་སྟོན་གནང་བ།
1ཡང་ཉིན་མ་ཞིག་ཡེ་ཤུས་​རང་གི་​སློབ་མ་​ཀྱ་​ལེ། མི་ཀྱ་ལེ་སྡིག་པ་བགྱིད་དུ་འཇུག་རྒྱུ་ཉམས་ཚོད་དེ་ཐེབས་ལ་ལ་ཡིན་དིག ཡིན་ནའང་། སྡིག་པའི་​ལས་​བགྱིད་​དུ་​འཇུག་​མཁན་དེ་ལེ་ཆགས་སྒོ་འོང་གྱི་​དིག 2གལ་སྲིད་མི་ཞིག་གིས་དད་པ་​བརྟན་པོ་མེད་མཁན་མི་ལེ་སྡིག་པའི་ལས་བགྱིད་དུ་འཇུག་གྱོ་འོད་ནི། མི་དེའི་ཨོ་ལེ་​ལེ་​ཆུ་འཐག་​གྱི་​རྡོ་​བཏགས་​ཏེ་​མཚོའི་​ནང་​ལེ་​གཡུགས་ནི་​དགའ་ཤོས་​ཡིན་དིག་​ཟིན་གསུངས་​པི་​དིག 3ཁྱེད་​ཀྱ་​དོགས་ཟོན་​གྱིས་​ཤིག ཁྱོད་ཀྱི་​སྤུན་​གྱིས་​སྡིག་པའི་ལས་​བྱས་​ནི། ཁོ་​ལེ་​འཁྲུག་པ་​འཚོལ་​ཅིག གལ་སྲིད་​ཁོས་​སྤྱོད་ངན་​སྤངས་​ཏེ་​འགྱོད་བཤགས་བྱས་ནི། ཁྱོད་ཀྱིས་​ཁོ་​ལེ་​དགོངས་ཡངས་གཏོང་ཞིག 4ཡང་​གལ་སྲིད་​ཉིན་​ཞིག་​ལེ་​ཁོས་​ཁྱོད་​ལེ་​ལན་མ་​བདུན་​ཚོད་​སྤྱོད་ངན་​གྱི་​ལས་​བྱས་​ནའང་། ཁོས་​ཁྱོད་​ལེ་​ངས་ལས་​ངན་དེ་​སྤངས་​ཏེ་​འགྱོད་བཤགས་བགྱིད་ཀྱི་​ཡིན་​ཟིན་​ལན་མ་​བདུན་​ཁྱོད་ཀྱི་​རྩ་ལེ་འོང་ནི། ཁོ་ལེ་དགོངས་ཡངས་གཏོང་ཞིག་​ཟིན་གསུངས་​པི་​དིག
5ཡང་ཉིན་མ་ཞིག་​སྐུ་ཚབ་ཀྱ་ཀྱིས་ཁོང་​ལེ། ཇོ་བོ། ཉེད་​ཀྱ་​ཀྱི་དད་སེམས་​དེ་བརྟན་པོ་འོང་རྒྱུ་ལེ་རོགས་​རམ་གནང་རོགས་ཟིན་ཞུས་ཕེན། 6ཇོ་བོས་ཁོང་ཀྱ་ལེ། གལ་སྲིད་​ཁྱེད་​ཀྱ་​ལེ་​དད་སེམས་​ཆུང་མ་ཚུག་​གི་ས་ངོན་​ཚོད་​ཞིག་​འོད་​ནི། སྡོང་པོ་​ཆེན་པོ་​འདི་ལེ་རང་གིས་རང་​ལེ་​རྩ་བ་​ནས་​བཀོག་​སྟེ། རྒྱ་མཚོའི་​ནང་​ལེ་ཚུགས་ཤིག་​ཟིན་སྨྲས་​ནི། ཁྱེད་ཀྱ་ཀྱི་​བཀའ་ལེ་​ཉན་​གྱི་​དིག 7དཔེར་ན། མི་​ཞིག་​ལེ་​ཞིང་​རྨོ་​མཁན་​དིང་། ཡང་​ནི། རྫི་བོ་​འཚོ་​མཁན་​གཡོག་པོ་​ཞིག་​འོད་​ནི། གཡོག་པོ་དེ་ཁྱིམ་​ལེ་​སླེབས་ལོང་མེད་ཟ་མ་བཟའ་རུ་ཤོག ཁྱོད་མར་སྡོད་ཟིན་​འོད་​དི་​གས། 8དེའི་ཚབ་ལེ་བདག་པོ་ཁོས་གཡོག་པོ་​ཁོ་​ལེ། ད་​ཁྱོད་​མར་​ལེ་མ་སྡོད། དགོང་མོའི་​ཟ་མ་​གྲ་སྒྲིག་​གྱིས་ཤིག ངས་བ​ཟའ་བཏུང་​བྱས་མ་​ཚར་​བར་དུ། ཁྱོད་ཀྱིས་རང་གི་ཕུ་ལུང་​བརྫེས་​ཏེ་​ང་ལེ་གཡོག་པོ་རྒྱུགས་ཤིག ངས་​བཟའ་གཏུང་བགྱིད་རྒྱ། ཁྱོད་རང་​བཟའ་བཏུང་བགྱིད་མི་ཆོག་འོད་ཟིན་​མི་​ཟེར་​འོད་དི་​གས། 9གཡོག་པོ་ཁོས་​ཟང་​བདག་པོའི་བཀའ་​ཅོག་འདྲ་​བསྒྲུབས་​པི་བྱས་ནའང་​། ད་རུང་བདག་པོ་​ཁོས་གཡོག་པོ་དེ་​ལེ་​བཀའ་དྲིན་​སྐྱངས་​བྱུང་ཟིན་འོད་དི་གས། 10འོ་དེ་ཅོག་འདྲ། ཁྱེད་​ཀྱ་​ཀྱིས་​ཟང་​ངའི་​བཀའ་​གསུང་ཡེ་རེ་​བསྒྲུབས་​ནུས་པི་​རྗེས་​ལེ། ཉེད་​ཀྱ་​ནི་ཕན་ཐོགས་མེད་མེད་​གཡོག་པོ་​ཞིག་ཡིན་ནའང་། ཉེད་​ཀྱ་​ཀྱིས་​བསྒྲུགས་དགོས་པའི་ལས་འགན་​དེ་པ་རྐྱང་​བྱས་པི་ཡིན་ཟེར་དགོས་འོད་དིག་ཟིན་གསུངས་​པི་​དིག
མཛེ་ནད་​ཕོག་​འོད་ཡོད་མི་​བཅུ་​དྲག་​དུ་​བཅུག་པ།
11ཡང་ཉིན་མ་ཞིག་ཡེ་ཤུ་དིང་སློབ་མ་​ཀྱ་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་འགྲོ་རྒྱ། སཱ་མར་ཡཱ་​ལུང་པ་​དིང་། ག་ལིལ་ལུང་པ་​དེ་གཉིས་​ཀྱི་​ས་མཚམས་​བརྒྱུད་ནས་བྱས་ཏེ་བུད་དི་དིག 12-13དེ་ནས་ཁོང་ཀྱ་ཡུལ་​ཞིག་​གི་​ནང་ལེ་སླེབས་ཕེན། ཡུལ་དེའི་ཉེ་འཁོར་​ལེ་མཛེ་ནད་​ཕོག་​འོད་ཡོད་མི་​བཅུ་​པོ་དེ་ཀྱ་རྒྱང་རིང་པོ་ནས་ཡེ་ཤུ་ལེ་​མཇལ་​ཁ་ཞུས་​ཏེ། སྐད་​ཆེན་པོས་ངང་ནས། སློབ་དཔོན་ཡེ་ཤུ​། ཉེད་​ཀྱ་​ལེ་​ཐུགས་རྗེ་​གཟིགས་​རོགས་​གནང་​ཟིན་ཞུས་ཕེན། 14ཁོང་​གིས་​མི་​དེ་​ཀྱ་​ལེ་​གཟིགས་​ཏེ། ད་​ཁྱེད་ཀྱ་ཕ་​ལེ་​ལོག་​རྒྱུགས་ཤིག མོ་ཤེའི་ཆོས་ཁྲིམས་ནང་ལེ་འོད་ཡོད་ཅོག་འདྲ། རང་གི་​གཟུགས་པོ་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་​ཀྱ་ལེ་​སྟོན་​ཅིག་​ཟིན་གསུངས་​པི་དིག དེ་ནས་མཛེ་ནད་ཕོག་པའི་མི་དེ་ཀྱ་​ཟང་​ཕ་ལེ་ལོག་​འགྲོ་རྒྱ། ཁོང་ཀྱ་ལེ་ཕོག་འོད་ཡོད་མཛེ་ནད་​དེ་ཟང་གཙང་མ་​དྲག་​པི་དིག 15དེ་ནས་​མི་​བཅུ་པོ་​དེ་ཀྱ་​ནང་​ནས་​མི་​གཅིག་​གིས་​རང་གི་​མཛེ་ནད་​དྲག་​པི་དེ་ལེ་​དགའ་རི་​ཆེན་པོ་བྱུང་ཕེན། ཡེ་ཤུ་​དྲུང་དུ་​ཚུར་རྒྱུགས་​འོངས་ཏེ། སྐད་​ཆེན་པོས་​ངང་​ནས་​དཀོན་མཆོག་​ལེ་​བསྟོད་པ་​ཕུལ་​ལི་​དིག 16ཡང་​མི་དེས་ཡེ་ཤུ་​དྲུང་དུ་​བརྐྱངས་ཕྱག་​འཚལ་ཏེ། ཁོང་​ལེ་​ཐུགས་རྗེ་​ཆེ་​ཞུས་​པི་​དིག མི་​དེ་ནི་​སཱ་མར་ཡཱ་​ལུང་པའི་​མི་​ཞིག་​ཡིན་དིག 17དེ་ནས་​ཡེ་ཤུས་མི་ཁོ་ལེ། མི་བཅུ་མཛེ་ནད་ནས་དྲག་གི་མ་​གས། ཡིན་ནའང་​། མི་དགུ་པོ་​གཞན་མ་དེ་​ཀྱ་​ག་ན། 18ཕྱི་མི་འདི་མ་གཏོགས། མི་གཞན་མ་​སུ་ཞིག་གིས་​ཟང་​དཀོན་མཆོག་​ལེ་​བསྟོད་པ་​འབུལ་​མཁན་​མེད་དིག་གས་​ཟིན་གསུངས་​པི་​དིག 19ཡང་ཁོང་​གིས་​མི་​དེ་ལེ། ད་ཁྱོད་རང་ཡར་​ལོངས་​དང་། ལོག་​རྒྱུགས་ཤིག ཁྱོད་ཀྱི་དད་པས་​ཁྱོད་རང་​ལེ་​བསྐྱབས་​པི་​དིག་​ཟིན་གསུངས་​པི་​དིག
དཀོན་མཆོག་​གི་​རྒྱལ་ཁབ་​འོང་​རྒྱུ་སྐོར།
20ཡང་ཉིན་མ་ཞིག་ཕཱ་རུ་ཤི་པ་​ཀྱ་​ཀྱིས་​ཡེ་ཤུ​་ལེ། དཀོན་མཆོག་​གི་​རྒྱལ་ཁབ་​དེ་དུས་ཚོད་ཅི་ལེ་འབྱུང་རྒྱུ་ཡིན་དི་སྐོར་ལེ་བཀའ་དྲིས་​ཞུས་​ཕེན། ཁོང་​གིས་མི་དེ་ཀྱ་ལེ། དཀོན་མཆོག་​གི་​རྒྱལ་ཁབ་​དེ་ནི་མིག་​གིས་​མཐོང་​རྒྱུ་འོད་ཡོད་​རྟགས་​ཅོག་འདྲ་​མེད་དིག 21མི་​སུ་ཞིག་གིས་​ཟང་​ལྟོས་​དང་​འདི་རུ་​འདུག ཡང་​ནི། དེ་རུ་འདུག་ཟེར་​མི་​ནུས་​འོད་དིག ཅི་ལེ་​ཟེར་​ནི། དཀོན་མཆོག་​གི་​རྒྱལ་ཁབ་​དེ་ནི། ཁྱེད་​ཀྱ་​ཀྱི་ནང་ལེ་​འོད་དིག་​ཟིན་གསུངས་​པི་​དིག 22དེ་ནས་​ཡང་​ཁོང་​གིས་​སློབ་མ་​ཀྱ་​ལེ། ཁྱེད་ཀྱ་ཀྱིས་མིའི་​བི་ས་​འོང་གི་ཉིན་མ་​དེ་ཀྱ་ནང་ནས། ཉིན་མ་གཅིག་​རང་གཅིག་​མཐོང་​འདོད་འཇུ་གུ་བྱས་​ནའང་​། མཐོང་ཐུབ་ཀྱི་མ་དིག 23མི་​ཀྱ་​ཀྱིས་​ཁྱེད་​ཀྱ་ལེ་​ལྟོས་​དང་​འདི་རུ་​འདུག ཡང་​ནི། དེ་རུ་​འདུག་​ཟེར་​གྱི་དིག ཡིན་ནའང་། ཁྱེད་​ཀྱ་ཀྱིས་མི་དེ་ཀྱ་ཁ་​ལེ་​འབྲང་སྟེ་མ་​འགྲོ་​ཅིག 24ཅི་​ལེ་​ཟེར་​ནི། གློག་དམར་འཁྱུག་​སྟེ། ནམ་མཁའི་​ཕྱོགས་ག​ཅིག་​ནས་​ཕྱོགས་​གཞན་​ལེ་​འོད་​རྒྱག་གི་ཅོག་འདྲ། མིའི་​བི་ས་​ཟང་འཇིག་རྟེན་​འདི་རུ་​འོང་​གི་​ཉིན་མོ་​དེ་​ལེ་​ཟང་རྟགས་འོ་དེ་​ཅོག་འདྲ་​འོང་​གྱི་​དིག 25ཡིན་ནའང་​། བི་ས་ཁོ་རང་​ལེ་​དེའི་​སྔོན་​ལེ་​དཀའ་ངལ་​མང་པོ་​མྱང་​དགོས་​པི་མ་ཟད། མི་རབས་​འདིའི་​མི་​ཀྱ་​ཀྱིས་​ཁོང་​ལེ་​ཁས་ལེན་​བགྱིད་​ཀྱི་མ་དིག 26སྔར་སྔ་མོའི་​མེས་མེས་​ནོ་ཨཱའི་དུས་​ལེ་ཅི་​བྱུང་པི་​ཅོག་འདྲ། མིའི་​བི་ས་​འོང་​གི་དུས་དེ་ལེ་ཟང་​དེ་ཅོག་འདྲ་འོང་​གྱི་​དིག​#17.26 ནོ་ཨཱའི་​དུས་​ལེ་​མི་ཡེ་རེ་​ངན་པའི་ལས་​པ་རྐྱང་​བྱས་​ཕེན། དཀོན་མཆོག་​གྱིས་​མི་ཡེ་རེ་​རྩ་མེད་གཏོང་རྒྱུ་​ཆེད་དུ​་​འཇིག་རྟེན་ལེ་​ཆུ་ལོག་​བརྫངས་​པི་​དིག​ 27ནོ་ཨཱ་ཁོ་རང་​གྲུ་​གཟིངས་དེའི་ནང་​ལེ་​མ་​ཞུགས་​བར་དུ། མི་​ཡེ་རེས་ཕོ་ལེ་​བགྱིད་​འོད་དི་​མ་ཟད​། མནའ་མའི་​ནོར་​སྐལ་​ཚུར་​ལེན་ཕར་​བསྐྱེལ་​བགྱིད་རྒྱ། ཆུ་ལོག་​ཆེན་པོ་​ཞིག་སླེབས་ཏེ། མི་​ཡེ་རེ་​རྩ་​མེད་​བཏང་པི་དིག 28ཡང་དེ་​ཅོག་འདྲ་​སྔར་སྔ་མོའི་​མེས་མེས་​ལོད་ཐུའི་དུས་​ལེ་​ཟང་། མི་​ཀྱ་​ཀྱིས་​དཀོན་མཆོག་​སྣང་མེད་​བཏང་​སྟེ། ཕོ་ལེ་བགྱིད་འོད་དི་མ་ཟད། ཉོ་​འཚོང་། ཞིང་​ལས། ཡང་མི་ཁ་ཤས་​ཁང་པ་​བཟོ་​འོད་དིག 29ཡིན་ནའང་​། ལོཌ་ད་ཁོ་རང་​སཱ་དོམ་​ཟེར་​རི་​རྒྱལ་ས་​ནས་​ཕ་​ལེ་​འགྲོ་རྒྱ། ནམ་མཁའ་​ནས་​མེ་​དིང་​མུ་ཟིའི་​ཆར་བ་​བབས་ཏེ་མི་​དེ་ཀྱ་ཡེ་རེ་​རྩ་མེད་​བཏང་པི་དིག 30ཡང་མིའི་​བི་ས་​ཟང་​མངོན་སུམ་​འོང་​གི་​ཉིན་མོ་དེ་​ལེ་ཟང་། འོ་དེ་ཅོག་འདྲ་འོང་གྱི་དིག 31ཉིན་མོ་​དེ་​ལེ་​ཁང་​ཐོག་​ལེ་འོད་མཁན་ཀྱ་རང་གི་ཅ་ལག་​ལེན་རྒྱུ་​ཆེད་དུ་​མར་​ལེ་​འབབ་​མ་​འགྲོ་​ཅིག ཡང་​དེ་​ཅོག་འདྲ། ཞིང་ལེ་​འོད་མཁན་​ཀྱ་​ཟང་​ཕ་ལེ་ལོག་​མ་​འགྲོ་​ཅིག 32ཁྱེད་​ཀྱ་​ཀྱིས་​སྔར་སྔ་མོའི་​མེས་མེས་​ལོཌ་དའི་​བུད་མེད་​ལེ་བྱུང་བའི་གནས་ཚུལ་དེ་ལེ་དྲན་པ་གྱིས་ཤིག#17.32 ཚིགས་བཅད་འདི་ནི་བཀོད་པ་མདོ་ལེའུ་ 19 ཨང་ 26 ནང་ལེ་གཟིགས་རོགས། 33རང་གི་སྲོག་​སྐྱབ་མཁན་མི་སུ་ཞིག་ཡིན་ནའང་། དེའི་རང་སྲོག་ཤོར་​གྱི་དིག ངའི་ཆེད་དུ་རང་སྲོག་​བློས་​གཏོང་​མཁན་​མི་སུ་ཞིག་ཡིན་ནའང་། དེའི་རང་གི་སྲོག་​སྐྱོབ་​གྱི་​དིག་​ཟིན་གསུངས་​པི་​དིག 34ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། ཉིན་དེའི་མཚན་མོ་ཉལ་ཁྲི་​ཞིག་​ལྟག་ག་ལེ་​མི་​གཉིས་​ཉལ་​འོད་​ནི། མི་​གཅིག་ཡར་​འཁྱེར་འགྲོ་གྱི་དིག མི་གཅིག་​གཡུགས་​འབོར་​གྱི་​དིག 35ཡང་ལག་སྐོར་​འཐག་​མཁན་​བུ་མའ་​གཉིས་འོད་ནི། བུ་མའ་​གཅིག་​ཡར་​འཁྱེར་འགྲོ་གྱི་དིག གཅིག་གཡུགས་​འབོར་​གྱི་དིག་ཟིན་གསུངས་པི་དིག 36#17.36 ལུ་ཀཱས་བྲིས་པའི་གཏམ་བཟང་གི་བཤུས་ཡིག་སྔ་ཤོས་ནང་ལེ་བྲིས་པའི་ཚིགས་བཅད་འདི་མེད་དིག ཡིན་ནའང་། མི་མཁས་པ་ཀྱ་ཀྱིས་ཨང་ 36 ནང་གི་ཚིགས་བཅད་འདི་ནི། ཚོད་ཕག་བྱས་ཏེ་མི་​གཉིས་​ཞིང་​ལེ་​འོད་​ནི། མི་​གཅིག་​ཡར་​ལེ་​འཁྱེར་​ཏེ། གཅིག་​གཡུགས་​འབོར་​གྱི་​དིག་​ཟིན་བྲིས་པི་དིག 37དེ་ནས་​སློབ་མ་​ཀྱ་​ཀྱི་​ཁོང་​ལེ། ཇོ་བོ། དོན་​དེ་ཀྱ་​ས་ཆ་ག་ན་ལེ་འོང་​འོད་​དི་​གོ་​ཟིན་​ཞུས་​ཕེན། ཁོང་​གིས་​སློབ་མོ་ཀྱ་ལེ། ཤི་རོ་​ག་ན་ལེ་འོད་ནི། དེ་​རུ་​བྱ་རྒྱལ་​འཁོར་​གྱོ་འོད་དིག་ཟིན་གསུངས་​པི་​དིག །

Currently Selected:

ལུ་ཀཱ། 17: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in