YouVersion Logo
Search Icon

ལུ་ཀཱ། 5

5
ལེའུ་ལྔ་པ།
ཡེ་ཤུའི་​སློབ་མ་​དང་པོའི་སྐོར།
1ཡང་​ཉིན་མ་ཞིག་ཡེ་ཤུ་​གེན་ནེ་སཱ་རེལ་​ཟེར་​རི་​མཚོ་​འགྲམ་​ལེ་​བཞུགས་​ཕེན། མི་ཚོགས་​ཀྱ་​ཀྱིས་དཀོན་མཆོག་གི་བཀའ་ལེ་ཉན་​རྒྱུ་​ཆེད་དུ། འཚང་ཁ་བརྒྱབ་སྟེ་​ཁོང་​གི་མཐའ་​བསྐོར་​རྒྱ།#5.1 གེན་ནེ་སཱ་རེལ་ཟེར་རི་དེ་ལེ། ག་ལིལ་མཚོ་ཟང་ཟིན་འོད་དིག 2ཁོང་གིས་​མཚོའི་འགྲམ་​ལེ་​གྲུ་​གཉིས་​འོད་​དི་​གཟིགས་​པི་དིག ཡིན་ནའང་། ཉ་པ་དེ་​ཀྱ་​ཀྱིས་གྲུ་​ཟུར་​ལེ་​བོར་​ཏེ། དྲྭ་དེ་ཆུ་ལེ་ཆུ་​བཤལ་གཏོང་​གིན་བསྡད་​འོད་དིག 3ཁོང་​རང་གྲུ་​གཉིས་པོ་​དེའི་​ནང་​ནས་​སི་མོན་​ཟེར་མཁན་​ཁོའི་​གྲུའི་​ནང་​དུ་​ཕེབས་ཏེ། སི་མོན་​ལེ་​ང་​སྐམ་ས་​འདི་​ནས་​ཕར་​ཚོད་​མཚོའི་ནང་​ལེ་སྐྱོལ་​དང་​གསུངས་པི་དིག དེ་ནས་ཁོང་རང་​གྲུའི་​ནང་​ལེ་​བཞུགས་​ཏེ་​མི་ཚོགས་​ཀྱ་​ལེ་​ཆོས་​གསུངས་​པི་​དིག 4ཡང་​ཆོས་​གསུངས་​ཚར་​རི་​རྗེས་​ལེ། ཡེ་ཤུས་ཉ་པ་​སི་མོན་​ལེ། ཆུ་​གཏིང་​རིང་པོ་​འོད་ས་​ཞིག་ལེ་དྲྭ་​གཡུགས་​དང་ཟིན་གསུངས་​པི་​དིག 5ཡིན་ནའང་། སི་མོན་​གྱིས། སློབ་དཔོན། ཉེད་​ཀྱ་​ཀྱིས་​མཚན་​རྒྱ་དཀའ་ལས་​བརྒྱབ་​ནའང་​། ཉ་​གཅིག་​ཟང་​མ་​ཐེམས་​བྱུང་། ཡིན་ནའང་། ཁྱེད་​ཀྱིས་​གསུངས་​པི་ཅོག་འདྲ་​ངས་དྲྭ་འདི་ཆུའི་ནང་ལེ་གཡུག་གྱི་ཡིན་​ཞུས་​ཏེ། 6ཁོས་དྲྭ་​དེ་ཆུའི་​ནང་​ལེ་​གཡུགས་​ལོང་མེད་ཉ་​མང་པོ་​འཇུ་གུ་​ཐེམས་​ཕེན་​དྲྭ་​དེ་ཟང་​རལ་​འགྲོ་​འོད་དིག 7དེ་ནས་​གྲུ་​གཞན་མའི་ནང་​ལེ་​འོད་ཡོད་​རང་གི་རོགས་པོ་​ཀྱ་​ལེ་​རོགས་​བགྱིད་​དུ་​ཤོག་​ཟིན་​ལག་གཡོབ་​བྱས་​ཕེན། རོགས་པོ་དེ་ཀྱ་​ཟང་​ཚུར་​འོངས་​ཏེ་​གྲུ་​གཉིས་ཀ་​ཉ་​བཀང་​སྟེ་​ཆུའི་​ནང་​ལེ་​ཐིམ་ལྷག་བགྱིད་འོད་དིག 8ཡང་སི་མོན་​པེ་ཏྲོ་ཁོས་ཟང་​དོན་​འདི་​མཐོང་​ཕེན། ཡེ་ཤུའི་​ཞབས་དྲུང་​དུ་​པུས་མོ་​ས་ལེ་བཙུགས་ཏེ། ཁོང་ལེ། ཇོ་བོ། ང་​ནི་​མི་​སྡིག་ཅན་​ཞིག་​ཡིན། ཁྱེད་རང་ངའི་​རྩ་ལེ་བཞུགས་མ་གནང་རོགས། ཕ་​ལེ་​ཕེབས་​རོགས་​གནང་ཟིན་​ཞུས་​པི་​དིག 9ཁོའི་​སྐྱེན་​ལེ་​འོད་ཡོད་​ཉ་པ་​ཡེ་རེས་​ཐེངས་གཅིག་​ལེ་​ཉ་​མང་པོ་​འོ་འདི་གི་​འཐེམས་པི་དེ་​མཐོང་​སྟེ་ཧ་ལས་ཆེན་པོ་བྱུང་པི་དིག 10ཡང་དེ་ཅོག་འདྲ། སི་མོན་​པེ་ཏྲོའི་ལས་​རོགས་​ཟེ་བད་ཡཱ་​ཟེར་མཁན་​གྱི་བི་ས་​ཡ་ཀོབ་​དིང་​ཡོ་ཧ་ནན་​ཁོ་གཉིས་​ཟང་​དོན་དེ་ལེ་ཧ་ལས་​ཆེན་པོ་བྱུང་པི་དིག དེ་ནས་ཡེ་ཤུས་​སི་མོན་​ལེ། འཁྱར་སྣང་​བགྱིད་​མི་དགོས། དུས་ད་​ནས་​ཕྱིན་ཆད། ཁྱོད་རང་མི་​ཀྱ་​ཐར་བའི་​ལམ་ལེ་ལམ་​སྟོན་​བགྱིད་​མཁན་ལེ་བསྐོ་​གྱི་ཡིན་​ཟིན་གསུངས་​པི་​དིག#5.10 གེ་རིག་གི་སྐད་ལུགས་ནང་ལེ། ཁྱེད་ཀྱ་ཀྱིས་ཉ་ཟིན་པི་ཅོག་འདྲ་མི་ཟིན་གྱི་དིག་ཟིན་འོད་དིག 11དེ་ནས་ཁོང་ཀྱ་ཀྱིས་གྲུ་གཉིས་ཀ་གཏང་སྟེ་མཚོ་​འགྲམ་​ལེ་སླེབས་ལོང་མེད། ཡེ་རེ་གཡུགས་ཏེ་​ཡེ་ཤུའི་རྗེས་​ལེ་​འབྲངས་​པི་​དིག
ཡེ་ཤུས་​མཛེ་ནད་​ཕོག་པའི་མི་ཞིག་​དྲག་ཏུ་བཅུག་པ།
12ཡང་​ཁོང་​ཡུལ་​ཞིག་​གི་​ནང་​ལེ་​བཞུགས་གནང་རྒྱ། མཛེ་ནད་​ཕོག་པའི་​མི་​ཞིག་​གིས་​ཡེ་ཤུ་མཐོང་​ལོང་མེད་​བརྐྱངས་ཕྱག་འཚལ་​ཏེ། ཁོང་ལེ། རྒན། གལ་སྲིད་​ཁྱེད་​ཀྱི་​ཐུགས་​མཉེས་​པི་​ཡིན་​ནི། ཁྱེད་​ཀྱིས་​ངའི་​ན་ཚ་​འདི་​དྲག་​དུ་​བཅུག་​ནུས་​ཀྱི་དིག་​ཟིན་​ཞུ་བ་​ཕུལ་​ཕེན། 13ཡེ་ཤུས་རང་གི་ཕྱག་མི་དེའི་ལུས་ཀྱི་ལྟག་ལེ་བརྐྱངས་ཏེ། ང་​འདོད་པ་​འོད། ད་ཁྱོད་​དྲག་སོང་ཟིན་གསུངས་​ལོང་མེད། མི་དེའི་མཛེ་ནད་​དེ་​གཙང་མ་དྲག་​པི་​དིག 14དེ་ནས་ཡེ་ཤུས་​མི་​ཁོ་​ལེ་​གནས་ཚུལ་འདི་མི་​གཞན་​སུ་​ལེ་​ཟང་​མ་​ཟེར་​ཅིག ད་​ཁྱོད་རང་​རྒྱུགས། རང་གི་​ལུས་པོ་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་​ལེ་​སྟོན། ཁོང་ཀྱ་ལེ་བདེན་དཔང་བགྱིད་རྒྱུ་ཆེད་དུ། ལུང་སྟོན་པ་​མོ་ཤེས་བཀའ་གནང་པི་ཅོག་འདྲ། ཁྱོད་རང་ན་ཚ་​དྲག་​པི་རྟགས་​ལེ་​མཆོད་པ་ཞིག་ཕུལ་ལེད་​ཟིན་གསུངས་​པི་​དིག 15ཡིན་ནའང་། ཁོང་​གི་​མཚན་​སྙན་གྲགས་​དེ་​ནི་སྔོན་མ་​ལས་​ཟང་​ལྷག་ཚོད་​ཁྱབ་​ཕེན། མི་​མང་པོ་​ཁོང་​གི་​གསུང་​ལེ་​ཉན་​རྒྱུ་དིང་། ཡང་ནད་​དྲག་རྒྱུ་​ཆེད་དུ་​ཁོང་གི་དྲུང་དུ་མི་ཚོགས་​མང་པོ་​འཛོམས་​འོངས་པི་དིག 16ཡིན་ནའང་། ཡེ་ཤུ་གསོལ་བ་སྨོན་ལམ་འདེབས་རྒྱུ་ཆེད་དུ་ནམ་རྒྱུན་​ཅོག་འདྲ་​ས་​དབེན་སྟོང་​ཞིག་​ལེ་​ཕེབས་​པི་​དིག
ཡེ་ཤུས་​མི་​རྐང་པ་ཞ་རིལ་​ཞིག་​དྲག་ཏུ་བཅུག་པ།
17ཡང་​ཉིན་མ་​ཞིག་​ཁོང་​གིས་​ཆོས་​གསུང་གནང་རྒྱ​། ག་ལིལ་​ལུང་པ་​དིང་​ཡ་ཧུ་དཱ་​ལུང་པའི་​ཡུལ་ཕྱོ​གས་​ཀུན་​གྱི་​མི་དིང་། ཡང་​ཡེ་རུ་ས་གླིང་​རྒྱལ་ས་​ནས་​འོངས་པའི་ཕཱ་རུ་ཤི་པ་​དིང་། ཆོས་ཁྲིམས་​མཁས་པ་​ཁ་ཤས་ཟང་​ས་ཆ་​དེ་རུ་​བསྡད་​འོད་དི་མ་ཟད། ན་ཚ་དྲག་ཏུ་འཇུག་རྒྱུ་དཀོན་མཆོག་​གི་​ནུས་མཐུ་དེ་ནི་ཡེ་ཤུའི་​སྐྱེན་​གནས་འོད་དིག 18ཡང་མི་​ཁ་ཤས་ཞིག་གིས་རྐང་པ་ཞ་རིལ་བྱུང་བའི་མི་དེ་གདན་​དིང་​སྐྱེན་​ལེ་ཁུ​ར་​འོངས་​ཏེ་​ཡེ་ཤུའི་དྲུང་​དུ་​འོངས་པི་དིག 19ཡིན་ནའང་། ས་ཆ་​དེ་རུ་​མི་ཚོགས་​མང་པོ་​འཛོམས་འོད་དེ་རྐྱེན་​གྱིས་​ཁང་པའི་​ནང་​དུ་​མ་​ཐར་​ཕེན། ཁང་ཐོག་​ལེ་​འཛེགས་​ཏེ་ཐོག་བཀོག་སྟེ་ཨི་ཁུང་ནས་མར་ནད་པ་​ཁོ་​གདན་​དིང་​སྐྱེན་ལེ་​མར་​ལེ་​ཡེ་ཤུ་​དྲུང་​དུ་​བརྫངས་ཕེན། 20ཡེ་ཤུས་​མི་​དེ་​ཀྱ་​ཀྱི་​དད་སེམས་​དེ་ལེ་གཟིགས་​ཏེ། མི་​རྐང་པ་ཞ་རིལ་​ཁོ་​ལེ། བི་སོའོ། ཁྱོད་ཀྱི་​སྡིག་ཉེས་བསལ་ཚར་དིག་​ཟིན་གསུངས་​པི་​དིག 21ཡིན་ནའང་​། མི་ཚོགས་ཀྱི་ནང་ལེ་འོད་ཡོད་ཆོས་ཁྲིམས་མཁས་པ་​ཁ་ཤས་​དིང་​། ཕཱ་རུ་ཤི་པ་​ཀྱ་​ཀྱིས་​སེམས་པ་​ལེ། དཀོན་མཆོག་​ལེ་​སྐུར་བ་​འདེབས་མཁན་​མི་འདི་​སུ་​ཡིན་​ནེ། ཅི་​ལེ་ཟེར་​ནི། དཀོན་མཆོག་གིས་པ་རྐྱང་མ་གཏོགས་མི་​གཞན་​སུ་ཞིག་གིས་​ཟང་​སྡིག་ཉེས་སེལ་མི་ཐུབ་​འོད་​དིག་​བསམས་པི་​དིག 22ཡིན་ནའང་། ཡེ་ཤུས་​མི་འདི་​ཀྱ་​ཀྱི་​བསམ་ཚུལ་​དེ་མཁྱེན་​ཏེ། ཁྱེད་​ཀྱ་​ཀྱིས་བསམ་བློ་​ཅི་​ལེ་​འོ་དེ་གི་​གཏོང་​གི་​ཡིན་​དོ། 23ཁྱེད་​ཀྱ་​ཀྱིས་​སྡིག་ཉེས་བསལ་ཚར་སོང་​ཟེར་རི་དེ་​ལས་​སླ་​འདུག་གོ། ཡང་​ནི། ཁྱོད་རང་​ཡར་​ལོངས་དང་ཟེར་རི་​དེ་ལས་སླ་​འདུག་​གོ། 24ཡིན་ནའང་​། མིའི་​བི་ས་ལེ་འཇིག་རྟེན་གྱི་​སྡིག་པ་​དེ་སེལ་ལི་དབང་ཆ་​འོད་​དི་ཁྱེད་​ཀྱ་​ཀྱིས་ཧ་གོ་རྒྱུ་ཆེད་དུ་ཡིན་​ཟིན་​གསུངས་​པི་རྗེས་​ལེ། ཁོང་​གིས་​མི་​རྐང་པ་ཞ་རིལ་​ཁོ་​ལེ། ང་​ཁྱོད་​ལེ་​ཟེར་རོ། ཡར་​ལེ་​ལོངས་​དང་​། རང་གི་གདན་​ཁུར་​ཏེ་​ནང་​ལེ་​ལོག་​རྒྱུགས་​ཤིག་ཟིན་​བཀའ་​གནང་​ལོང་མེད། 25མི་དེས་ཁོང་ཀྱ་ཀྱི་​མདུན་​ནས་​ཡར་​ལེ་​ལངས་​ཏེ་གདན་​ཁུར་​ཏེ་དཀོན་མཆོག་​ལེ་​བསྟོད་པ་འབུལ་གིན་འབུལ་གིན་ནང་​ལེ་​ལོག་​བུད་​དི་​དིག 26ཡང་ས་ཆ་འདི་རུ་​འོད་ཡོད་​མི་​ཡེ་རེ་ཧ་ལས་​ཆེན་པོ་བྱུང་སྟེ། དཀོན་མཆོག་​ལེ་​བསྟོད་པ་​ཕུལ་ལི་​མ་ཟད། དཀོན་མཆོག་ལེ་གུས་ཞུམ་ཞུམ་བྱས་ཏེ། ཉེད་​ཀྱ་​ཀྱིས་​སྔོན་མ་​ནས་​ཕེན་མཐོང་​མྱོང་​མེད་མེད་ཞིག་​ད་རིང་​མཐོང་​བྱུང་​ཟིན་​འོད་དིག
ཡེ་ཤུས་ལེ་ཝི་​ཟེར་མཁན་མི་ཞིག་སློབ་མ་ལེ་བོས་པ​།
27དེའི་​རྗེས་​ལེ། ཡེ་ཤུ་​ཡུལ་​དེ་ནས་​ཐོན་​ཏེ་​ཕེབས་​གནང་རྒྱ། ཁྲལ་སྡུད་​མཁན་མིང་​ལེ་​ལེ་ཝི་​ཟེར་མཁན་​ཞིག་འོད་དིག མི་དེ་ནི་ཁྲལ་​སྡུད་​ས་​ལེ་​བསྡད་​འོད་​དི་​ཡེ་ཤུས་གཟིགས་ཏེ། ཡེ་ཤུས་​ཁོ་ལེ་​ཁྱོད་རང་​ངའི་​རྗེས་​ལེ་འབྲོངས་ལེད་ཟིན་གསུངས་​ཕེན། 28ཁོས་​ཟང་​ཡེ་རེ་གཡུགས་ཏེ་ཁོང་​གི་​རྗེས་​ལེ་​འབྲངས་པི་​དིག 29དེ་ནས་ལེ་ཝི་ཁོས་​རང་གི་​ཁྱིམ་​ལེ་​ཡེ་ཤུ་བོས་ཏེ་​མགྲོན་པོ་​ཆེན་པོ་​བཤམས་​པི་དིག ཡང་ཁོའི་ནང་ལེ་མགྲོན་པོ་གཞན་མ་ཟང་མང་པོ་འོད་དི་མ་ཟད། ཁྲལ་​སྡུད་མཁན་ཀྱ་ཟང་ཁོང་ཀྱ་ཀྱིས་​སྐྱེན་​ལེ་​བཞེས་ལག་​མཆོད་གྱོ་འོད་​དིག 30དེ་རྒྱ་ཕཱ་རུ་ཤི་པ་​དིང་​ཆོས་ཁྲིམས་མཁས་པ་​ཀྱ་​ཀྱིས་​ཡེ་ཤུའི་སློབ་མ་ཀྱ་​ལེ། ཁྱེད་​ཀྱ་​མི་​སྡིག་ཅན་​དིང་​། ཁྲལ་​སྡུད་མཁན་​ཀྱ་​ཀྱི་སྐྱེན་​ལེ་ཅི་ལེ་​བཟའ་​འཐུང་བགྱིད་​དི་​ཡིན་དོ་ཟིན་མི་འཐད་པའི་གཏམ་གླེང་བྱས་ཕེན། 31ཡེ་ཤུས་​མི་​དེ་​ཀྱ་​ལེ་​གཟུགས་པོ་​བདེ་མོ་​འོད་ཡོད་ཀྱ་​ལེ་ཨེམ་ཆི་​དགོས་​པ་མེད་དིག ཡིན་ནའང་། ནད་པ་​ཀྱ་ལེ་​ཨེམ་ཆི་དགོས་པ་​འོད་དིག 32འོ་དེ་ཅོག་འདྲ། ང་​རང་ནི་མི་​བཟང་པོ་​ཞིག་​ཡིན་​ཟེར་མཁན་​ཀྱ་​ཀྱི་​ཆེད་དུ་​འོངས་​པི་​མན། ང་​རང་ནི་​མི་​སྡིག་ཅན་​ཀྱ་ལེ་​སྤྱོད་པ་ངན་​པ་དེ་སྤངས་​ཏེ་​འགྱོད་བཤགས་གྱིས་ཤིག་ཟེར་དུ་འོངས་​པི་​ཡིན་​ཟིན་གསུངས་​པི་​དིག
ཡེ་ཤུས་​སྨྱུང་​གནས་​སྐོར་ལེ་ཆོས་​གསུངས་པ།
33ཡང་​མི་དེ་ཀྱ་​ཀྱིས་​ཁོང་​ལེ། ཁྲུས་གསོལ་​བགྱིད་​མཁན་​ཡོ་ཧ་ནན་​གྱི་​སློབ་མ་​ཀྱ་​ཀྱིས་​ལན་མ་​མང་པོ་​སྨྱུང་​གནས་སྲུང་གྱོ་འོད་དི་མ་ཟད། གསོལ་བ་​སྨོན་ལམ་འདེབས་​ཀྱི་འདུག ཕཱ་རུ་ཤི་པའི་​སློབ་མ་​ཀྱ་​ཀྱིས་​ཟང་​དེ་​ཅོག་འདྲ་​སྨྱུང་​གནས་​སྲུང་​གྱོ་​འོད་དིག ཡིན་ནའང་​། ཁྱེད་ཀྱི་​སློབ་མ་​ཀྱ་​ཀྱིས་​བཟའ་འཐུང་བགྱིད་འདུག་སྨྲས་​ཕེན། 34ཡེ་ཤུས་མི་དེ་ཀྱ་ལེ། མག་པ་​དིང་​བག་གཡོག་​སྐྱེན་​ལེ་​འོད་​རྒྱ། བག་གཡོག་​ཀྱ་​སྨྱུང་​གནས་​ཅི་གི་​བྱས་​ཏེ་​སྲུང་དུ་འཇུག་​ཐུབ་​རྒྱུ། 35ཡིན་ནའང་​། མག་པ་​དིང་​བག་གཡོག་​ཀྱ་​ཁ་འབྲལ་​གཏོང་​གི་​དུས་​ཞིག་​འོང་གྱི་དིག དེ་རྒྱ་​བག་གཡོག་​ཀྱ་​ཀྱིས་​སྨྱུང་གནས་​སྲུང་​གྱི་​དིག་​ཟིན་གསུངས་​པི་​དིག 36ཡང་​ཁོང་​གིས་​མི་དེ་​ཀྱ་​ལེ་​དཔེ་​ཞིག་​བསྟན་​ཏེ། མི་​སུ་​ཞིག་ཡིན་ནའང་​། གོས་​གསར་པ་​བཅད་​དེ་​གོས་​རྙིང་པ་​ལེ་​ལྷན་པ་​མི་རྒྱག་​འོད་དིག གལ་སྲིད་​ལྷན་པ་​བརྒྱབ་​པི་ཡིན་ནི། གོས་གསར་པ་དེ་རལ་​འགྲོ་འོད་དི་མ་ཟད། གསར་པ་དིང་རྙིང་པ་མ་མཐུན་ཕེན། གཉིས་ཀ་ཕན་​ཐོགས་མེད་​མེད་འགྲོ་གྱི་​དིག་​ཟིན་གསུངས་​པི་​དིག 37ཡང་​མི་​སུ་​ཞིག་གིས་ཟང་རྒུན་ཆང་གསར་པ་དེ་​རྐྱལ་པ་​རྙིང་པའི་​ནང་​ལེ་མི་བསྙལ་འོད་དིག གལ་སྲིད་​བསྙལ་​ལི་​ཡིན་​ནི་རྒུན་​ཆང་​འཕེལ་​ཏེ། རྐྱལ་པ་​རྡོལ་ཕེན་ཆང་​དིང་རྐྱལ་པ་​གཉིས་ཀ་​འཕྲོག་བརླག་​འགྲོ་​གྱི་​དིག 38རྒུན་​ཆང་​གསར་པ་​དེ་རྐྱལ་པ་​གསར་པའི་​ནང་​དུ་​བསྙལ་​དགོས་​འོད་དིག 39ཡང་​མི་​སུ་​ཞིག་ཡིན་ནའང་​། རྒུན་ཆང་རྙིང་པ་བཏུངས་ཕེན། རྒུན་ཆང་​གསར་པ་དེ་འཐུང་​འདོད་མི་བགྱིད་འོད་དིག ཁོས་​རྟག་ཏུ་​རྒུན་ཆང་རྙིང་པ་དེ་​ཞིམ་པོ་​འདུག་​ཟེར་​གྱི་​དིག་​ཟིན་གསུངས་​པི་​དིག །

Currently Selected:

ལུ་ཀཱ། 5: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in