ལུ་ཀཱ། 8
8
ལེའུ་བརྒྱད་པ།
བུ་མའ་ཀྱ་ཡེ་ཤུའི་རྗེས་ལེ་འབྲང་འགྲོ་བའི་སྐོར།
1ཡང་ཉིན་མ་མང་པོ་མ་འགོར་རི་རྗེས་ལེ། ཡེ་ཤུ་རྒྱལ་ས་དིང་ཡུལ་ཡེ་རེའི་བརྒྱུད་ནས་དཀོན་མཆོག་གི་རྒྱལ་ཁབ་སྐོར་གྱི་གཏམ་བཟང་ཤོད་དུ་ཕེབས་པི་དིག དེ་རྒྱ་ཁོང་གི་སྐྱེན་ལེ་སློབ་མ་བཅུ་གཉིས་ཀྱ་ཟང་འོད་དིག 2ཡང་དེ་སྔོན་ཁོང་གིས་གདོན་འདྲེ་བཏོན་པའི་མ་ཟད། ན་ཚ་དྲག་དུ་བཅུག་པའི་བུ་མའ་ཁ་ཤས་ནང་ནས། གདོན་འདྲེ་བདུན་ཞུགས་ཏེ་ཐར་དུ་བཅུག་པའི་མག་དལ་ཡུལ་གྱི་མིར་ཡམ་ཟེར་མཁན་མོ་དིང་། 3ཡང་ས་གནས་དཔོན་པོ་ཧེ་རོ་དཱེའི་ཁྱིམ་ཚང་གི་གཉེར་པ་ཀུ་སཱ་ཟེར་མཁན་གྱི་བུད་མེད་ཡོ་ཨ་ནཱ་ཟེར་མཁན་མོ་དིང་། སི་སན་ནཱ་ཟེར་མཁན་མོ་དིང་། ཡང་དེ་མ་ཟད་བུ་མའ་གཞན་མ་ཟང་མང་པོ་འོད་དིག བུ་མའ་དེ་ཀྱ་ཀྱིས་རང་གི་རྒྱུ་ནོར་ནས་ཡེ་ཤུ་དིང་ཁོང་གི་སློབ་མ་ཀྱ་ལེ་ཞབས་ཕྱི་ཞུས་པི་དིག
ས་ངོན་འདེབས་པའི་དཔེ་སྐོར།
4ཡང་ཉིན་མ་ཞིག་ཡུལ་ཡེ་རེ་ནས་ཡེ་ཤུ་ལེ་མཇལ་དུ་མི་མང་པོ་ཞིག་འོངས་པི་དིག དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ་དཔེའི་བརྒྱུད་ནས། 5ཞིང་པ་ཞིག་ཕྱི་ལེ་ཞིང་འདེབས་དུ་བུད་དི་དིག ཡང་ས་ངོན་ལ་ལ་ལམ་ལེ་འཐོར་ཕེན་རྡོག་བརྫིས་ཤོར་རི་མ་ཟད་བྱ་ཀྱ་འོངས་ཏེ་བཟས་པི་དིག 6ཡང་ས་ངོན་ལ་ལ་ནི་རྡོ་རོབ་ནང་ལེ་འཐོར་ཏེ་མགྱོགས་པོ་ཡར་ལེ་སྐྱེས་ནའང་། བརླན་གཤེར་མེད་ཕེན་བསྐམས་པི་དི་དིག 7ཡང་ས་ངོན་ལ་ལ་ནི་ཚེར་མའི་ནང་ལེ་འཐོར་ཏེ་ཚེར་མ་དིང་སྐྱེན་ལེ་སྐྱེས་ནའང་ཚེར་མས་མནན་ཏེ་འབྲས་བུ་མ་སྨིན་པི་དིག 8ཡང་ས་ངོན་ལ་ལ་ས་བཟང་པོའི་ནང་ལེ་འཐོར་ཕེན། ཡར་སྐྱེས་ཏེ་འབྲས་བུ་ལྡབ་བརྒྱ་སྨིན་པི་དིག རྣ་མཆོག་འོད་ཡོད་ཡེ་རེས་ལབ་འདི་དགའ་མོ་བྱས་ཏེ་ཉོན་ཅིག་ཟིན་གསུང་སྐད་ཆེན་པོས་ངང་ནས་གསུངས་པི་དིག 9དེ་ནས་དེའི་རྗེས་ལེ་སློབ་མ་ཀྱ་ཀྱིས་ཁོང་ལེ་དཔེ་དེའི་དོན་དག་ཅི་ཟེར་རི་གོ་ཟིན་དྲིས་ཕེན། 10ཁོང་གིས་སློབ་མ་ཀྱ་ལེ། དཀོན་མཆོག་གི་རྒྱལ་ཁབ་ཀྱི་གསང་བའི་དོན་དེ་ནི་ཁྱེད་ཀྱ་ལེ་བསྟན་འོད། ཡིན་ནའང་། མི་གཞན་མ་ཀྱ་ལེ་དོན་དེ་ཀྱ་དཔེའི་བརྒྱུད་ནས་བསྟན་པི་ཡིན།
མི་དེ་ཀྱ་ཀྱི་མིག་གིས་ལྟ་ནའང་མི་མཐོང་། །
རྣ་མཆོག་གིས་ཐོས་ནའང་དོན་མི་རྟོགས། །
ཟིན་བྲིས་འོད་དིག་ཟིན་གསུངས་པི་དིག#8.10 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 6 ཨང་ 9 ནང་ལེ་གཟིགས་རོགས། 11ད་དཔེ་དེའི་དོན་དག་དེ་ཅི་ཡིན་དིག་ཟེར་ནི། ས་ངོན་དེ་ནི་དཀོན་མཆོག་གི་བཀའ་ཡིན་དིག 12ས་ངོན་ལམ་ལེ་འཐོར་ཟེར་རི་དོན་དག་དེ་ནི། མི་ལ་ལ་དཀོན་མཆོག་གི་བཀའ་ཐོས་ཏེ་དད་པ་མི་སྐྱེ་པའི་དིང་ཐར་བ་མི་འཐོབ་པའི་ཆེད་དུ། བདུད་སཱ་ཏན་འོངས་ཏེ་ཁོང་ཀྱ་ཀྱི་སེམས་ནང་ནས་དཀོན་མཆོག་གི་བཀའ་དེ་ཕྲོགས་ཏེ་འཁྱེར་འགྲོ་བ་དིང་ཅོག་འདྲ་ཡིན་དིག 13ཡང་རྡོ་རོབ་ནང་ལེ་ས་ངོན་འཐོར་ཟེར་རི་དོན་དག་དེ་ནི། མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་ལོང་མེད་དགའ་རི་ངང་ནས་དད་པ་བྱས་ནའང་། སེམས་ནང་ལེ་དད་པ་གཏིང་ཟབ་པོ་མེད་ཕེན། དུས་ཡུན་རིང་པོ་མ་བསྡད་དེ་དད་པ་ལེ་ཉམས་ཚོད་བགྱིད་རྒྱ། ཁོང་ཀྱ་ཀྱིས་དཀོན་མཆོག་གི་བཀའ་ལེ་དད་པ་བགྱིད་རྒྱུ་ལེ་མཚམས་གཅོད་དི་དིང་ཅོག་འདྲ་ཡིན་དིག 14ཡང་ཚེར་མའི་ནང་ལེ་ས་ངོན་འཐོར་ཟེར་རི་དོན་དག་དེ་ནི། མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་ནའང་རྗེས་ལེ་རང་གི་འཚོ་བའི་སྐོར་ལེ་སེམས་ཁྲལ་དིང་། རྒྱུ་ནོར་དིང་འདོད་པ་སྣ་ཚོགས་ཀྱིས་མནན་ཏེ་བཀའ་དེ་ལེ་འབྲས་བུ་མ་སྨིན་པི་དིང་ཅོག་འདྲ་ཡིན་དིག 15ཡང་ས་བཟང་པོའི་ནང་ལེ་ས་ངོན་འཐོར་ཟེར་རི་དོན་དག་དེ་ནི། མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་ཏེ་བཟང་པོ་དིང་། དྲང་སེམས་ཀྱིས་ངང་ནས་བཀའ་དེ་ལེ་དམ་པོ་འཇུས་ཏེ། བཟོད་སྒོམ་བྱས་ཏེ་འབྲས་བུ་སྨིན་དུ་འཇུག་མཁན་ཀྱ་དིང་ཅོག་འདྲ་ཡིན་དིག་ཟིན་གསུངས་པི་དིག
མཆོད་མེའི་དཔེ་སྐོར།
16ཡང་ཁོང་གིས། མི་སུ་ཡིན་ནའང་། མཆོད་མེ་སྤར་ཏེ་བྲེ། ཡང་ནི། ཉལ་ཁྲིའི་འོག་ལེ་མི་འབོར་འོད་དིག དེའི་ཚབ་ལེ་ཁྱིམ་ནང་ལེ་འོང་མཁན་མི་ཀྱ་ཀྱིས་འོད་དེ་མཐོང་རྒྱུ་ཆེད་དུ་མཆོད་མེ་དེ་མཐོ་ས་ལེ་བོར་གྱོ་འོད་དིག 17ཅི་ལེ་ཟེར་ནི། ད་ལྟ་སྦས་པི་དོན་ཡེ་རེ་མཐོང་མི་ནུས་པི་ཅི་གང་མེད་དིག གསང་བའི་དོན་ཡེ་རེ་ཟང་མཐོང་མི་ནུས་པི་དིང་མི་ཤེས་པི་ཅི་གང་མེད་དིག 18འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་ཅི་ཐོས་པི་དེ་ལེ་གཟབ་གཟབ་བྱས་ཏེ་ཉོན་ཅིག ཅི་ལེ་ཟེར་ནི། མི་སུ་ཞིག་གིས་ཐོས་འདོད་དིང་ཧ་གོ་འདོད་བགྱིད་མཁན་དེ་ལེ་གནང་གྱི་དིག ཡང་ཧ་གོ་འདོད་མི་བགྱིད་མཁན་དེ་ལེ་ཅི་འོད་ཡོད་དེ་ཟང་ཕ་ལེ་འཁྱེར་འགྲོ་གྱི་དིག་ཟིན་གསུངས་པི་དིག
བདེན་པའི་སྤུན་མཆེད།
19དེ་ནས་ཡང་ཉིན་མ་ཞིག་ཡེ་ཤུའི་ཡུམ་དིང་། ཁོང་གི་སྐུ་མཆེད་ཀྱ་ཡེ་ཤུ་ལེ་ཐུག་ཏུ་འོངས་ནའང་། ས་ཆ་དེ་རུ་མི་མང་པོ་འཛོམས་འོད་ཕེན་ཁོང་གི་དྲུང་དུ་འགྲོ་མ་ཐུབ་པི་དིག 20ཡང་མི་ཞིག་གིས་ཡེ་ཤུ་ལེ། ཁྱེད་ཀྱི་ཡུམ་དིང་སྐུ་མཆེད་ཀྱ་སླེབས་ཏེ། ཁྱེད་ལེ་འཚོལ་གནང་གི་འདུག་ཟིན་ཞུས་པི་དིག 21ཡིན་ནའང་། ཁོང་གིས་རང་གི་མདུན་དུ་འཛོམས་པའི་མི་ཀྱ་ལེ། དཀོན་མཆོག་གི་བཀའ་ལེ་ཉན་པི་མ་ཟད། བཀའ་དེ་ཅོག་འདྲ་ལག་ལེན་བགྱིད་མཁན་མི་ཀྱ་ནི་ངའི་ཡུམ་དིང་སྤུན་ཡིན་དིག་ཟིན་གསུངས་པི་དིག
ཡེ་ཤུས་རླུང་འཚུབ་དིང་རྦ་རླབས་ཞི་འཇམ་དུ་བཅུག་པ།
22ཡང་ཉིན་མ་ཞིག་ཡེ་ཤུས་སློབ་མ་ཀྱ་ལེ། ད་འོ་རང་ཀྱ་མཚོའི་ཕར་ཀན་ལེ་འགྲོ་ཟིན་གསུངས་ཏེ། ཁོང་ཀྱ་གྲུ་ལེ་བཞོན་ཏེ་བུད་དི་དིག 23དེ་ནས་ཁོང་ཀྱ་གྲུ་ལེ་བཞོན་ཏེ་འགྲོ་རྒྱ། ཡེ་ཤུ་ཁོང་རང་གྲུ་མཇུག་དུ་གཟིམས་བཞུགས་པི་དིག དེ་ལོང་མེད་རླུང་འཚུབ་ཆེན་པོ་ཞིག་ལངས་ཏེ། རྦ་རླབས་གྲུ་ལེ་ཕོག་སྟེ་གྲུའི་ནང་ལེ་ཆུས་ཁེངས་ཏེ་ཐིམ་འགྲོ་རྒྱུ་ལེ་ཉེན་ཁ་ཆེན་པོ་འོད་དིག 24དེ་ནས་སློབ་མ་ཀྱ་ཀྱིས་ཁོང་ལེ། སློབ་དཔོན། སློབ་དཔོན། ཉེད་ཀྱ་ཤི་རྒྱུ་ལེ་ཉེན་ཁ་ཆེན་པོ་འདུག་ཟིན་ཁོང་ཡར་གཉིད་དཀྲོགས་པི་དིག དེ་ལོང་མེད་ཁོང་ཡར་བཞེངས་ཏེ། རླུང་དིང་རྦ་རླབས་ལེ་བཀའ་བཀྱོན་གནང་ཕེན། རླུང་འཚུབ་དིང་རྦ་རླབས་ཞི་འཇམས་པི་དིག 25དེ་ནས་ཁོང་གིས་སློབ་མ་ཀྱ་ལེ། ཁྱེད་ཀྱ་ཀྱི་དད་སེམས་དེ་ག་ན་ཟིན་གསུངས་ཕེན། སློབ་མ་ཀྱ་འཁྱར་རི་མ་ཟད། ཡ་མཚན་སྐྱེས་ཏེ་ཕན་ཚུན་གཅིག་གིས་གཅིག་ལེ་མི་འདི་སུ་ཡིན་ནེ། རླུང་དིང་རྦ་རླབས་ཀྱིས་ཟང་ཁོའི་བཀའ་ལེ་ཉན་གྱི་འདུག་ཟིན་འོད་དིག
གདོན་འདྲེ་ཞུགས་པའི་མི་ཞིག་དྲག་ཏུ་བཅུག་པ།
26དེ་ནས་ཡང་ཁོང་ཀྱ་གྲུ་ལེ་བཞོན་ཏེ་མཚོ་ག་ལིལ་ཕར་ཀན་ལེ་འོད་ཡོད་གེ་ར་སཱ་ཟེར་རི་ལུང་པ་ལེ་ཕེབས་པི་དིང་། 27ས་ཆ་དེ་རུ་གདོན་འདྲེ་མང་པོ་ཞུགས་པའི་མི་ཞིག་ཡེ་ཤུ་ལེ་ཐུག་པི་དིག མི་དེ་ནི་སྔོན་མ་ནས་ལུས་ལེ་གོས་མི་གྱོན་འོད་དི་མ་ཟད། ཁང་པའི་ནང་ལེ་ཟང་མ་བསྡད་དེ་དུར་ཁྲོད་ལེ་པ་རྐྱང་སྡོད་གྱོ་འོད་དིག 28ཡང་གདོན་འདྲེ་ཞུགས་པའི་མི་དེས་ཡེ་ཤུའི་དྲུང་དུ་ཕྱག་འཚལ་ཏེ་སྐད་ཆེན་པོས་ངང་། བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ། ཁྱེད་དིང་ང་བར་ལེ་འབྲེལ་བ་ཅི་འོད་དོ། ངས་ཁྱེད་ལེ་ཞུ་བ་འབུལ་གྱོ་འོད། ཁྱེད་ཀྱིས་ང་ལེ་མནར་གཅོད་མ་གཏོང་རོགས་ཟིན་ཞུས་པི་དིག 29ཅི་ལེ་ཟེར་ནི། ཡེ་ཤུས་གདོན་འདྲེ་དེ་ལེ་མིའི་ལུས་ནས་ཕྱི་ལེ་རྒྱུགས་ཟིན་སྔོན་མ་ནས་བཀའ་གནང་ཚར་རི་དིག མ་གཞི་གདོན་འདྲེ་དེ་མི་ཁོ་ལེ་ལན་མ་མང་པོ་ཞུགས་པི་མ་ཟད། མི་ཀྱ་ཀྱིས་ཁོ་ལེ་ལྕགས་ཐག་གིས་བཀྱིགས་ཏེ་བསྲུངས་ནའང་། གདོན་འདྲེ་དེས་ལྕགས་ཐག་ཡེ་རེ་བཅད་དེ་མི་མེད་ལུང་སྟོང་ལེ་འཁྲིད་འགྲོ་འོད་དིག 30ཡང་ཡེ་ཤུས་གདོན་འདྲེ་དེ་ལེ། ཁྱོད་ཀྱི་མིང་ལེ་ཅི་ཟིན་དོ་ཟིན་དྲིས་ཕེན། གདོན་འདྲེ་དེས་ངའི་མིང་ལེ་དམག་ཁྱུ་ཟིན་འོད་སྨྲས་པི་དིག ཅི་ལེ་ཟེར་ནི། མི་དེའི་ནང་ལེ་གདོན་འདྲེ་མང་པོ་ཞུགས་འོད་ཕེན། 31གདོན་འདྲེ་ཀྱ་ཀྱིས་ཡེ་ཤུ་ལེ། ཉེད་ཀྱ་ཉེས་པ་གཏོང་ས་དམྱལ་བའི་ཡུལ་ལེ་མ་རྫོངས་རོགས་གནང་ཟིན་ཞུ་བ་མང་པོ་ཕུལ་ལི་དིག 32དུས་དེ་རྒྱ་རི་ཁྲོད་ལེ་ཕག་ཁྱུ་ཆེན་པོ་ཞིག་འོད་དིག དེ་ནས་གདོན་འདྲེ་དེ་ཀྱ་ཀྱིས་ཡེ་ཤུ་ལེ། ཉེད་ཀྱ་ཕག་ཁྱུ་དེའི་ནང་ལེ་ཞུགས་རྒྱུ་ཆེད་དུ་ཆོག་མཆན་ཞུས་ཕེན། ཁོང་གིས་གདོན་འདྲེ་དེ་ཀྱ་ལེ་ཆོག་མཆན་གནང་པི་དིག 33གདོན་འདྲེ་དེ་ཀྱ་ཟང་མི་འདིའི་ཁོག་ནས་ཕྱི་ལེ་ཐོན་ཏེ་ཕག་ཁྱུ་དེའི་ནང་ལེ་ཞུགས་ཏེ། ཕག་ཁྱུ་དེ་ཡེ་རེ་གཡང་རོང་ནས་མར་མཆོངས་ཏེ་མཚོའི་ནང་ལེ་ཐིམ་སྟེ་ཤི་པི་དིག 34དེ་ནས་ཕག་རྫི་ཀྱ་ཀྱིས་ཡ་མཚན་དེ་མཐོང་སྟེ་ཡུལ་ལེ་བྲོས་ཏེ་ཡུལ་མི་ཀྱ་ལེ་གནས་ཚུལ་དེ་བཤད་ཕེན། 35མི་ཀྱ་ཟང་ཅི་བྱས་འོད་མེད་ལྟ་རུ་སླེབས་པི་དིག དེ་ནས་དེ་སྔོན་གདོན་འདྲེ་ཞུགས་པའི་མི་དེ་དྲག་སྟེ། ཡེ་ཤུའི་ཞབས་ཀྱི་མདུན་དུ་གོས་གྱོན་ཏེ་ས་ལེ་ཙོག་ཙོག་བྱས་ཏེ་བསྡད་འོད་དི་མི་ཀྱ་ཀྱིས་མཐོང་ཕེན། མི་འདི་ཀྱ་འཇུ་གུ་འཁྱར་རི་དིག 36ཡང་གནས་ཚུལ་དེ་མཐོང་མཁན་མི་ཀྱ་ཀྱིས་གདོན་འདྲེ་ཞུགས་པའི་མི་དེ་ཅི་གི་བྱས་ཏེ་དྲག་པི་ཡིན་མིན་གྱི་སྐོར་དེ་མི་གཞན་མ་ཀྱ་ལེ་སྨྲས་པི་དིག 37ཡང་གེ་ར་སཱ་ཡུལ་དིང་དེའི་མཐའ་འཁོར་གྱི་ཡུལ་མི་ཡེ་རེ་ཟང་འཇུ་གུ་འཁྱར་རི་མ་ཟད། ཡུལ་མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ། ཁྱེད་ཡུལ་འདི་རུ་མ་སྡོད་ཅིག ས་ཆ་གཞན་མ་ལེ་འགྲོ་རོགས་གྱིས་ཟིན་ཞུ་བ་ཕུལ་ཕེན། ཡེ་ཤུ་དིང་སློབ་མ་ཀྱ་གྲུའི་ནང་ལེ་བཞོན་ཏེ་མཚོ་ཚུར་ཀན་ལེ་རང་འཇགས་ཕེབས་གནང་པི་དིག 38ཡིན་ནའང་། གདོན་འདྲེ་བཏོན་སའི་མི་དེས་ཡེ་ཤུ་ལེ། ང་ཟང་ཁྱེད་ཀྱི་སྐྱེན་ལེ་ཁྲིད་རོགས་གནང་ཟིན་ཞུ་བ་ཕུལ་ནའང་། ཡེ་ཤུས་མི་དེ་ལེ། 39ཁྱོད་རང་ནང་ལེ་ལོག་རྒྱུགས་ཤིག དཀོན་མཆོག་གིས་ཁྱོད་ལེ་ཅི་མཛད་པ་དེ་མི་ཀྱ་ལེ་ཤོད་ཅིག་ཟིན་བཀའ་གནང་ཕེན། ཁོ་རང་ནང་ལེ་ལོག་སྟེ་ཡེ་ཤུས་རང་ལེ་ཅི་མཛད་པའི་གནས་ཚུལ་ཡེ་རེ་ནང་མི་དིང་ཡུལ་ཕྱོགས་ཀུན་ལེ་བཤད་དི་དིག
ཤི་ཚར་རི་བུ་མོ་ཞིག་ཡང་དང་གསོན་དུ་བཅུག་པ།
40ཡང་མཚོ་ག་ལིལ་ཚུར་ཀན་རུ་མི་ཚོགས་ཀྱ་ཀྱིས་ཟང་ཡེ་ཤུ་ལེ་བསྒུགས་ཏེ་བསྡད་འོད་དིག ཡེ་ཤུ་དིང་སློབ་མ་ཀྱ་ཚུར་ཀན་ལེ་ཕེབས་འོངས་ཕེན། མི་ཚོགས་ཀྱ་ཀྱིས་ཟང་དགའ་སྤྲོ་ངང་ནས་ཁོང་ཀ་ཕར་ན་ཧུམ་ལེ་ཕེབས་བསུ་ཞུས་པི་དིག 41དུས་དེ་རྒྱ་ཡ་ཧུ་དཱ་པའི་ཚོགས་ཁང་གི་འགོ་ཁྲིད་ཡ་ཨིར་ཟེར་མཁན་མི་ཞིག་ཟང་མི་ཚོགས་དེའི་སྐྱེན་ལེ་འོད་དིག མི་དེས་ཡེ་ཤུའི་ཞབས་ལེ་གཏུག་སྟེ་བརྐྱངས་ཕྱག་འཚལ་ལི་མ་ཟད། ཁྱེད་རང་ངའི་ཁྱིམ་ལེ་ཕེབས་རོགས་གནང་ཟིན་ཞུ་བ་ཕུལ་ལི་དིག 42ཅི་ལེ་ཟེར་ནི། མི་དེ་ལེ་ལོ་བཅུ་གཉིས་ཡིན་མཁན་བུ་མོ་གཅིག་རང་དེ་ཤི་ལྷག་འོད་དིག དེ་ནས་ཡེ་ཤུས་མི་དེའི་ཁྱིམ་ལེ་ཕེབས་གནང་རྒྱ། མི་ཚོགས་ཀྱ་ཀྱིས་ཡེ་ཤུ་ལེ་མཐའ་བསྐོར་ཏེ་འཚང་ཁ་བརྒྱབ་པི་དིག 43དུས་དེ་རྒྱ་ལོ་བཅུ་གཉིས་ཚོད་ཟླ་ནད་འཐོན་ཐག་ཆོད་མེད་མེད་བུ་མའ་ཞིག་འོད་དིག མོས་ཨེམ་ཆི་མང་པོ་ལེ་བསྟན་ཏེ་རང་ལེ་འོད་ཡོད་རྒྱུ་ནོར་ཡེ་རེ་ཟང་རྫོགས་པི་དིག ཡིན་ནའང་། མི་སུ་ཞིག་གིས་ཟང་མོའི་ན་ཚ་དེ་བཅོས་མ་ཐུབ་ཕེན། 44བུ་མའ་དེ་ཡེ་ཤུའི་རྒྱབ་ལེ་འོངས་ཏེ། ཁོང་གི་ན་བཟའི་ཕོད་འཛར་ལེ་ལག་ག་ཐུག་ཚོད་བྱས་ལོང་མེད་ཁྲག་ཐག་བཅད་དི་དིག 45ཡེ་ཤུས། ང་ལེ་ལག་ག་གཏུག་མཁན་དེ་སུ་ཡིན་གོ་ཟིན་དྲིས་ཏེ། མི་སུ་ཞིག་གིས་ཟང་ཁས་ལེན་མ་བྱས་ཕེན། པེ་ཏྲོས་ཁོང་ལེ། སློབ་དཔོན། མི་ཚོགས་འདི་ཀྱ་ཀྱིས་ཁྱེད་ཀྱི་མཐའ་བསྐོར་ཏེ། འཚང་ཁ་རྒྱག་གི་འདུག་སྨྲས་པི་དིག 46ཡིན་ནའང་། ཡེ་ཤུས་ངའི་ལུས་ལེ་ལག་ག་གཏུག་སྟེ་ནུས་མཐུ་ཞིག་ཕྱི་ལེ་ཐོན་ཏེ་མི་ཞིག་དྲག་པི་དེ་ངའི་ཚོར་བྱུང་ཟིན་གསུངས་པི་དིག 47ཡང་བུ་མའ་དེས་དོན་དེ་གསང་མི་ཐུབ་འོད་དི་ཧ་གོ་སྟེ། འཇུ་གུ་འཇིགས་ཕེན། མོས་ཡེ་ཤུའི་དྲུང་དུ་བརྐྱངས་ཕྱག་འཚལ་ཏེ། ཁོང་ལེ་ལག་ག་གཏུག་དགོས་པའི་རྒྱུ་མཚན་དིང་། གཏུག་ལོང་མེད་ཅི་གི་བྱས་ཏེ་ན་ཚ་དྲག་པའི་དོན་དེ་མི་ཚོགས་ཀྱི་མདུན་དུ་ཁོང་ལེ་ཞུས་པི་དིག 48ཡང་ཡེ་ཤུས་བུ་མའ་མོ་ལེ། བུ་མོ། ཁྱོད་ཀྱི་དད་པས་ཁྱོད་རང་ལེ་བསྐྱབས་པི་དིག ད་ཁྱོད་རང་བློ་བདེ་མོ་བྱས་ཏེ་ལོག་རྒྱུགས་ཟིན་གསུང་པི་དིག 49དེ་རྒྱ་ཚོགས་ཁང་གི་འགོ་ཁྲིད་ཀྱི་ཁྱིམ་ནས་མི་ཞིག་འོངས་ཏེ། ཁྱོད་ཀྱི་བུ་མོ་ཤི་ཚར་སོང་། ད་སློབ་དཔོན་ཁོང་ལེ་འོ་བརྒྱལ་བཟོས་ཏེ་ཅི་བགྱིད་རྒྱུ་ཟིན་སྨྲས་ཕེན། 50ཡེ་ཤུས་མི་དེ་ཀྱ་ཀྱིས་ཅི་ཟེར་དེ་ཐོས་ནའང་། ཡ་ཨིར་ཁོ་ལེ། ཁྱོད་རང་འཁྱར་སྣང་མ་བགྱིད། དད་པ་པ་རྐྱང་གྱིས་དང་། བུ་མོ་དྲག་འོང་གྱི་དིག་ཟིན་གསུངས་པི་དིག 51ཡང་ཡེ་ཤུ་འགོ་ཁྲིད་ཀྱི་ཁྱིམ་ལེ་ཕེབས་རྒྱ། ཁོང་གིས་སློབ་མ་པེ་ཏྲོ། ཡ་ཀོབ། ཡོ་ཧ་ནན་ཁོང་གསུམ་པོ་དིང་། བུ་མོའི་ཕ་མ་གཉིས་མ་གཏོགས་གཞན་མི་སུ་ཞིག་ཟང་ཁྱིམ་ནང་ལེ་འཛུལ་དུ་མ་བཅུག་པི་དིག 52ཡང་མི་ཡེ་རེས་ཟང་བུ་མོའི་ཆེད་དུ་སྡུག་བསྔལ་དིང་ངུ་སི་ལྡིང་ངེ་བསྡད་འོད་དིག ཡང་ཁོང་གིས་མི་དེ་ཀྱ་ལེ། ཁྱེད་ཀྱ་མ་ངུ་ཅིག བུ་མོ་མ་ཤི་བའི་གཉིད་ཤོར་བསྡད་འདུག་ཟིན་གསུངས་པི་དིག 53མི་དེ་ཀྱ་ཀྱིས་བུ་མོ་ཤི་ཚར་རི་ཡིན་དི་ཧ་གོ་འོད་ཕེན། ཡེ་ཤུ་ལེ་ཁྲེལ་དགོད་རྒྱག་གྱོ་འོད་དིག 54ཡིན་ནའང་། ཡེ་ཤུས་བུ་མོའི་ལག་ག་ནས་འཇུས་ཏེ། བུ་མོའོ། ཡར་ལོངས་དང་ཟིན་གསུངས་ལོང་མེད། 55བུ་མོ་དེའི་སེམས་ཉིད་དེ་ཚུར་ལོག་སྟེ་ཡར་ལངས་ཕེན། ཁོང་གིས་བུ་མོ་འདི་ལེ་ཟ་མ་ཞིག་སྦྱིན་དང་ཟིན་གསུངས་པི་དིག 56དེ་ནས་བུ་མོའི་ཕ་མ་གཉིས་ཀྱིས་དོན་འདི་མཐོང་ཕེན་ཡ་མཚན་ཆེན་པོ་བྱུང་པི་དིག ཡིན་ནའང་། ཡེ་ཤུས་ཕ་མ་གཉིས་ལེ་གནས་ཚུལ་འདི་མི་གཞན་སུ་གཅིག་ལེ་ཟང་མ་ཤོད་ཅིག་ཟིན་བཀའ་གནང་པི་དིག །
Currently Selected:
ལུ་ཀཱ། 8: DLPO
Highlight
Share
Copy
![None](/_next/image?url=https%3A%2F%2Fimageproxy.youversionapistaging.com%2F58%2Fhttps%3A%2F%2Fweb-assets.youversion.com%2Fapp-icons%2Fen.png&w=128&q=75)
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.