YouVersion Logo
Search Icon

མད་ཐཱ། 14

14
ལེའུ་བཅུ་བཞི།
ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་བཀྲོངས་པའི་སྐོར།
1དེ་རྒྱ་ས་གནས་དཔོན་པོ་ཧེ་རོ་དཱེ་ཁོས་ཟང་ཡེ་ཤུའི་སྐོར་གྱི་གནས་ཚུལ་ཐོས་ཕེན། 2རང་གི་གཡོག་པོ་ཀྱ་ལེ། མི་དེ་ནི་​ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གཤིན་པོ་ཡང་དང་གསོན་པོ་ནས་ལངས་ཕེན། ཁོ་ལེ་འོ་དེ་གི་ནུས་མཐུ་ཐོབ་པི་དིག་སྨྲས་པི་དིག 3-4དེ་​སྔོན་​ཧེ་རོ་དཱེ་ཁོས་​རང་གི་ནུ་བོ་​ཕི་ལིབ་​ཀྱི་​བུད་མེད་​ཧེ་རོད་ཡཱ་​ཟེར་མཁན་​མོ་མནའ་མ་​བླངས་པའི་རྐྱེན་​གྱིས། ཡོ་ཧ་ནན་​གྱིས་​ཧེ་རོ་དཱེ་​ལེ་​དཀོན་མཆོག་​གི་​ཆོས་ཁྲིམས་​ཅོག་འདྲ་​བྱས་​ནི། ནུ་བོ་​གི་​བུད་མེད་འདི་རང་གི་​མནའ་མ་​ལེ་ལེན་མི་ཆོག་འོད་དིག་སྨྲས་ཕེན། ཧེ་རོ་དཱེ་ཁོས་​ཡོ་ཧ་ནན་​འཛིན་བཟུང་བྱས་ཏེ་བཙོན་​ལེ་བཅུག་​པི་​དིག 5ཡང་ཧེ་རོ་དཱེ་​ཁོས་ཡོ་ཧ་ནན་​ལེ་​སྙིང་ནད་​བྱས་​ཏེ་​གསོད་​འདོད་​བྱུང་ནའང་། ཡུལ་མི་ཀྱ་ཀྱིས་ཡོ་ཧ་ནན་ནི་ལུང་སྟོན་པ་ཞིག་ལེ་བརྩིས་ཕེན། ཧེ་རོ་དཱེ་ཁོས་མི་ཚོགས་ཀྱ་ལེ་འཇིགས་པི་དིག 6དེ་ནས་ཧེ་རོ་དཱེའི་འཁྲུང་སྐར་གྱི་ཉིན་མོ་ལེ། ཧེ་རོད་ཡཱའི་བུ་མོ་མོས་རྒྱལ་པོ་ཧེ་རོ་དཱེ་དིང་། ཁོའི་མགྲོན་པོའི་མདུན་དུ་ཞབས་བྲོ་བརྒྱབ་ཕེན། རྒྱལ་པོ་དགའ་རི་ཆེན་པོ་བྱུང་གི་མ་ཟད། 7མོས་ཅི་དགོས་སྨྲས་པི་དེ་ཟང་སྟེར་རྒྱུ་ཡིན་དི་ཁོང་གིས་མནའ་བསྐྱལ་ལི་དིག 8ཡང་ཨ་མ་མོས་བུ་མོ་ལེ་སྨྲས་པི་ཅོག་འདྲ། ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱི་མགོ་​དེ། སྡེར་མའི་ནང་ལེ་བོར་ཏེ་ང་ལེ་སྟེར་རོགས་ཟིན་ཞུས་ཕེན། 9རྒྱལ་པོ་ཧེ་རོ་དཱེ་ཁོས་སེམས་སྡུག་བྱུང་པི་དིག ཅི་ལེ་ཟེར་ནི། རྒྱལ་པོ་ཁོས་མགྲོན་པོ་ཀྱ་ཀྱི་​མདུན་​དུ། མོས་ཅི་དགོས་སྨྲས་པི་དེ་སྟེར་རྒྱུ་མནའ་བསྐྱལ་འོད་ཕེན། རྒྱལ་པོས་བཀའ་གཏང་སྟེ། 10-11སྲུང་དམག་ཞིག་ལེ་ཡོ་ཧ་ནན་​གྱི་​མགོ་​ཁྱེར་​ལེད་ཟིན་བཙོན་ཁང་ལེ་བརྫངས་པི་དིག དེ་ནས་སྲུང་དམག་ཁོས་ཟང་​བཙོན་​ལེ་​ཕྱིན་​ཏེ། ཡོ་ཧ་ནན་གྱི་མགོ་བཅད་དེ་སྡེར་མའི་​ནང་​ལེ་ཁྱེར་​འོངས་ཏེ་བུ་མོ་​ལེ་​གཏད་ཕེན། བུ་​མོ་མོས་ཟང་མགོ་དེ་ཨ་མ་​ལེ་​གཏད་​དི་​དིག 12དེ་ནས་​ཡོ་ཧ་ནན་​གྱི་​སློབ་མ་​ཀྱ་​འོངས་ཏེ། ཁོང་​གི་​སྐུ་ཕུང་​དུར་ཁྲོད་​ལེ་​སྦས་པའི་རྗེས་ལེ། ཡེ་ཤུ་ལེ་ཡོ་ཧ་ནན་ལེ་ཅི་བྱུང་བའི་གནས་ཚུལ་དེ་ཡེ་ཤུ་ལེ་ཞུ་རྒྱུ་ཆེད་དུ་བུད་དི་དིག
ཡེ་ཤུས་མི་ལྔ་སྟོང་གི་གྲོད་པ་འགྲང་དུ་བཅུག་པ།
13དེ་ནས་ཡེ་ཤུས་གནས་ཚུལ་འདི་ཐོས་ཕེན། ཁོང་​རང་གྲུའི་​ནང་​ལེ་​བཞུགས་​ཏེ་​ས་ཆ་དབེན་པོ་​ཞིག་​ལེ་​ཕེབས་གནང་པི་དིག ཡུལ་མི་ཡེ་རེས་ཟང་ཁོང་ཀྱ་ཕེབས་འགྲོ་བ་ཐོས་ཕེན། ཐག་རིང་པོ་ནས་གོམ་པ་བརྒྱབ་སྟེ་ཁོང་གི་རྗེས་ལེ་འབྲངས་པི་དིག 14ཁོང་​གྲུ་ནས་བབས་འོང་རྒྱ། མི་ཚོགས་མང་པོ་བསྒུགས་བསྡད་འོད་དི་གཟིགས་ཕེན། ཁོང་གིས་བྱམས་​སྙིང་རྗེ་​ངང་​ནས་​མི་​ཚོགས་ཀྱི་ནང་ལེ་འོད་ཡོད་ནད་པ་ཀྱ་ན་ཚ་ནས་དྲག་ཏུ་བཅུག་གནང་པི་དིག 15ཡང་ཉི་མ་​མ་​ནུབ་​ཚོད་​ལེ་​སློབ་མ་​ཀྱ་​ཁོང་​གི་​དྲུང་​དུ་​འོངས་ཏེ། ད་​ནམ་​ལ་​ཟང་​ཕྱི་མོ་​སླེབས་​འོད་དི་མ་ཟད། ས་ཆ་​འདི་​ནི་​དབེན་སྟོང་ཞིག་​ཡིན་ཕེན། མི་​ཚོགས་འདི་ཀྱ་མཐའ་འཁོར་གྱི་ཡུལ་ལེ་​རང་སོ་སོའི་ཆེད་དུ་ཟ་མ་​ར་ཉོ་རུ་རྫོངས་རོགས་ཟིན་​ཞུས་​ཕེན། 16ཡེ་ཤུས་སློབ་མ་ཀྱ་ལེ། ཁོང་ཀྱ་འགྲོ་དགོས་མེད་དིག ཁྱེད་ཀྱ་ཀྱིས་མི་ཚོགས་འདི་ཀྱ་ལེ་ཟ་མ་སྦྱིན་དང་ཟིན་གསུངས་པི་དིག 17དེ་ནས་སློབ་མ་​ཀྱ་​ཀྱིས་​ཡེ་ཤུ་ལེ། ཉེད་​ལེ་​སྒོར་ཕྱེ་​ལྔ་​དིང་​ཉ་ཤ་​གཉིས་​མ་གཏོགས་​མེད་ཞུས་ཕེན། 18ཁོང་གིས་སློབ་མ་ཀྱ་ལེ། འོ་དེ་ཀྱ་ང་འོད་ས་ལེ་འཁུར་ལེད་དང་ཟིན་གསུངས་པི་རྗེས་ལེ། 19ཁོང་གིས་མི་ཚོགས་དེ་ཀྱ་ལེ་སྤང་ལེ་སྡོད་ཟིན་བཀའ་གནང་པི་དིག ཡང་སྒོར་ཕྱེ་ལྔ་དིང་ཉ་ཤ་གཉིས་དེ་ཕྱག་ལེ་བསྣམས་ཏེ་ནམ་མཁའ་ལེ་གཟིགས་ཏེ། དཀོན་མཆོག་ལེ་བཀའ་དྲིན་ཆེ་ཟིན་ཞུས་ནུས་པི་རྗེས་ལེ། ཁོང་གིས་སྒོར་ཕྱེ་དུམ་བུ་བཏང་སྟེ་སློབ་མ་ཀྱ་ལེ་གཏད་ཕེན། ཁོང་ཀྱ་ཀྱིས་ཟང་མི་ཚོགས་ཀྱ་ལེ་བགོས་པི་དིག 20དེ་ནས་​མི་ཡེ་རེས་​གྲོད་པ་​འགྲང་​འགྲང་​བཟས་​པི་​མ་ཟད། སློབ་མ་​ཀྱ་​ཀྱིས་​ཟས་ལྷག་རྐོན་པ་​བཅུ་གཉིས་​བསྡུས་​པི་​དིག 21དེ་རྒྱ་ཟ་མ་བཟའ་​མཁན་​བུ་མའ་དིང་ཕྲུ་གུ་​མ་བ​རྩིས་ཏེ་སྐྱེས་པ་​པ་རྐྱང་​ལྔ་​སྟོང་​ཚོད་​འོད་དིག
ཡེ་ཤུས་ཆུ་ལྟག་ག་ལེ་ཞབས་ཐང་ཕེབས་པ།
22དེ་ནས་དེའི་རྗེས་ལེ། ཡེ་ཤུས་དེ་ལོང་མེད་སློབ་མ་ཀྱ་གྲུ་ལེ་ཞོན་དུ་བཅུག་སྟེ། ཁོང་རང་གི་ངའི་སྔོན་ལེ་མཚོའི་ཕར་ཀན་ལེ་འགྲོ་རུ་བཅུག་པི་དིག ཡང་མི་ཚོགས་དེ་ཀྱ་ཟང་ཕ་ལེ་ལོག་བརྫངས་པི་རྗེས་ལེ། 23ཁོང་གཅིག་རང་རི་ཞིག་ལྟག་ག་ལེ་གསོལ་བ་སྨོན་ལམ་འདེབས་ཏུ་ཕེབས་པི་དིག ཡང་ཉི་མ་ནུབ་རྒྱ་ཟང་ཁོང་གཅིག་རང་དེ་རུ་བཞུགས་པི་དིག 24དེ་རྒྱ་སློབ་མ་​ཀྱ་ཞོན་སའི་​གྲུ་​དེ་​མཚོའི་​དཀྱིལ་​ལེ་​སླེབས་འོད་དིག དེ་ནས་འུར་པོས་རྐྱེན་གྱིས་གྲུའི་མདུན་ལེ་རྦ་རླབས་ཤུགས་ཆེན་པོ་བརྒྱབ་ཕེན་གྲུ་ཕར་གཡོ་ཚུར་གཡོ་བྱས་པི་དིག 25དེ་ནས་ནམ་ཐོ་​རེངས་​ཚོད་​ལེ་​ཡེ་ཤུ་ཁོང་​རང་མཚོའི་​ལྟག་ག་ལེ་​ཞབས་​ཐང་ལེ་སློབ་​མ་​ཀྱ་​ཀྱི་​རྩ་ལེ་ཕེབས་​འོངས་​པི་​དིག 26ཡང་སློབ་མ་ཀྱ་ཀྱིས་ཟང་ཡེ་ཤུས་མཚོའི་ལྟག་ག་ལེ་ཞབས་ཐང་ལེ་ཕེབས་འོང་གི་མཐོང་ཕེན། གདོན་འདྲེ་ཞིག་འདུག་ཟིན་འཁྱར་ཏེ་སྐད་ཤོར་ལོང་མེད། 27ཡེ་ཤུས་སློབ་མ་ཀྱ་ལེ། ཁྱེད་ཀྱ་སེམས་​ལྷོད་​ལྷོད་​གྱིས་​དང་​། ང་​ཡིན་​འཁྱར་སྣང་མ་བགྱིད་དང་ཟིན་གསུངས་​ཕེན། 28པེ་ཏྲོས་ཡེ་ཤུ་ལེ། ཇོ་བོ། ཁྱེད་རང་ཡིན་ནི། ཁྱེད་ཀྱིས་ང་ལེ་ཆུའི་ལྟག་ག་ལེ་གོམ་པ་བརྒྱབ་སྟེ། ངའི་རྩ་ལེ་ཤོག་ཟིན་གསུངས་དང་ཞུས་པི་དིག 29ཁོང་གིས་ཟང་ཁོ་ལེ་ཚུར་ཤོག་ཟིན་གསུངས་ཕེན། པེ་ཏྲོ་ཟང་གྲུ་ནས་མར་བབས་ཏེ། ཆུའི་ལྟག་ག་ལེ་གོམ་པ་བརྒྱབ་སྟེ་ཁོང་གི་རྩ་རུ་བུད་དི་དིག 30ཡིན་ནའང་། འུར་པོ་ཤུགས་ཆེན་པོ་བརྒྱབ་སྟེ་ཁོ་རང་ཆུའི་ནང་ལེ་སྟིམ་འགྲོ་བ་མཐོང་ཕེན། འཁྱར་སྣང་ཆེན་པོ་བྱུང་སྟེ་སྐད་ཆེན་པོས་ངང་ནས། ཇོ་བོ། ང་ལེ་སྐྱོབ་རོགས་ཟིན་ཞུས་ལོང་མེད། 31ཡེ་ཤུས་རང་གི་ཕྱག་བརྐྱངས་ཏེ་པེ་ཏྲོ་ལེ་འཇུས་ཏེ། དད་སེསམས་ཆུང་མ་ཁྱོད། ཅི་ལེ་ཐེ་ཚོམ་བགྱིད་དི་ཡིན་དོ་ཟིན་གསུངས་པི་དིག 32དེ་ནས་ཡེ་ཤུ་དིང་པེ་ཏྲོ་གྲུའི་ནང་ལེ་ཞུགས་རྒྱ་འུར་པོ་དེ་ཞི་འཇམ་པི་དིག 33གྲུའི་ནང་ལེ་འོད་ཡོད་ཡེ་རེས་ཁོང་ལེ་བསྙེན་བཀུར་ཞུས་ཏེ། ཁྱེད་རང་ནི་བདེན་པ་ངོ་ཐོག་དཀོན་མཆོག་གི་སྲས་ཡིན་དིག་ཟིན་ཞུས་པི་དིག
གེན་ནེ་སཱ་རེལ་གྱི་ནད་པའི་སྐོར།
34དེ་ནས་​ཡང་ཁོང་​ཀྱ་མཚོ་དེ་ནས་​གྲུ་ལེ་ཞོན་ཏེ་​གེན་ནེ་སཱ་རེལ་​ཟེར་​རི་​ས་ཆ་​རུ་​སླེབས་​ཕེན། 35ས་ཆ་​དེ་རུ་འོད་ཡོད་​མི་​ཀྱ་​ཀྱིས་​ཁོང་​ངོ་​ཤེས་པི་མ་ཟད། ས་ཆ་དེའི་མི་ཀྱ་ཀྱིས་མཐའ་འཁོར་གྱི་ཡུལ་ཀྱ་ལེ་མི་བརྫངས་ཏེ། ནད་པ་ཀྱ་ཁོང་གི་མདུན་དུ་ཁྲིད་འོངས་པི་དིང་། 36ཁོང་ལེ་ཁྱེད་ཀྱི་ན་བཟའི་ཟུར་ལེ་ལག་ག་ཐུག་ཚོད་ཞིག་བགྱིད་དུ་འཇུག་རོགས་ཟིན་ཞུ་བ་ཕུལ་ཕེན། ཁོང་གི་ནམ་བཟའ་ལེ་ལག་ག་ཐུག་མཁན་ཡེ་རེ་ན་ཚ་དྲག་པི་དིག །

Currently Selected:

མད་ཐཱ། 14: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in