མད་ཐཱ། 18
18
ལེའུ་བཅོ་བརྒྱད།
དཀོན་མཆོག་གི་རྒྱལ་ཁབ་ནང་ལེ་སུ་གལ་ཆེ་ཤོས་ཡིན་དི་སྐོར།
1དུས་དེ་རྒྱ་སློབ་མ་ཀྱ་ཡེ་ཤུའི་དྲུང་དུ་འོངས་ཏེ། ཁོང་ལེ། དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནང་ལེ་མི་སུ་གལ་ཆེ་ཤོས་ཡིན་གོ་ཟིན་དྲིས་ཏེ། 2ཁོང་གིས་ཕྲུ་གུ་ཞིག་ལེ་ཤོག་གསུངས་ཏེ། སློབ་མ་ཀྱ་ཀྱི་དཀྱིལ་ལེ་བོར་ཏེ། 3ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། སེམས་ཁུགས་ཏེ་ཕྲུ་གུ་འདི་ཅོག་འདྲ་མ་བྱས་པི་ཡིན་ནི། ཁྱེད་ཀྱ་དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནང་ལེ་རྩ་བ་ནས་འཛུལ་ནུས་ཀྱི་མ་དིག 4མི་སུ་ཞིག་ཡིན་ནའང་། ཕྲུ་གུ་འདི་ཅོག་འདྲ་སྙེམས་ཆུང་བགྱིད་མཁན་དེ་ནི། དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནང་ལེ་མི་གལ་ཆེ་ཤོས་ཡིན་དིག 5ཡང་མི་སུ་ཞིག་གིས་ཕྲུ་གུ་ཆུང་མ་འདི་ཅོག་འདྲ། ངའི་མིང་བརྒྱུད་ནས་ཕེབས་བསུ་ཞུས་ནི། དེས་ང་ལེ་ཟང་ཕེབས་བསུ་ཞུས་པི་དིག 6ཡིན་ནའང་། མི་སུ་ཞིག་གིས་ང་ལེ་དད་པ་བགྱིད་མཁན་ཕྲུ་གུ་འདི་ཀྱ་ནང་ནས་གཅིག་ལེ་སྡིག་པའི་ལས་བགྱིད་དུ་བཅུག་ནི། མི་དེའི་ཨོ་ལེ་ལེ་ཆུ་འཐག་གི་རྡོ་བཏགས་ཏེ་མཚོའི་ནང་ལེ་གཡུག་ནི་དགའ་ཤོས་ཡིན་དིག 7སྡིག་པའི་བསླུ་བྲིད་རྐྱེན་གྱིས་འཇིག་རྟེན་འདི་ལེ། སྙིང་རྗེ། ཆགས་སྒོ་འོང་གྱི་དིག ཅི་ལེ་ཟེར་ནི། སྡིག་པའི་བསླུ་བྲིད་འོང་གྱི་དིག ཡིན་ནའང་། སྡིག་པའི་བསླུ་བྲིད་བགྱིད་མཁན་དེ་ལེ་སྙིང་རྗེ་ཆགས་སྒོ་འོང་གྱི་དིག 8གལ་སྲིད་ཁྱེད་ཀྱ་ཀྱི་རྐང་པས་ཡང་ནི། ལག་པས་ཁྱོད་ལེ་སྡིག་པ་བགྱིད་དུ་བཅུག་ནི། ཡན་ལག་དེ་བཅད་དེ་གཡུགས་ཅིག རྐང་ལག་གཉིས་ཀ་ཤི་རྒྱུ་མེད་མེད་དམྱལ་བའི་མེ་ནང་ལེ་གཡུགས་ཀྱི་ལས། རྐང་ལག་མེད་ནའང་། མཐའ་མེད་པའི་ཚེ་སྲོག་ནང་ལེ་ཞུགས་པི་དེ་དགའ་ཤོས་ཡིན་དིག 9གལ་སྲིད་ཁྱེད་ཀྱ་ཀྱི་མིག་གིས་ཁྱེད་ལེ་སྡིག་པ་བགྱིད་དུ་བཅུག་ནི། མིག་དེ་བྲུས་ཏེ་གཡུགས་ཤིག མིག་གཉིས་ཀ་དམྱལ་ལའི་མེ་ནང་ལེ་གཡུགས་ཀྱི་ལས། མིག་ཡ་གཅིག་མེད་ནའང་། མཐའ་མེད་པའི་ཚེ་སྲོག་ནང་ལེ་ཞུགས་པི་དེ་དགའ་ཤོས་ཡིན་དིག
ལུག་བསྐྱུར་རི་དཔེ་སྐོར།
10ཕྲུ་གུ་ཆུང་མ་འདི་ཀྱ་ནང་ནས་གཅིག་ལེ་ཟང་མཐོང་ཆུང་མ་བགྱིད་ཅིག ང་ཁྱེད་ཀྱ་ལེ་ཟེར་རོ། ཕྲུ་གུ་འདི་ཀྱ་ཀྱི་ཕོ་ཉ་ཀྱ་ཀྱིས་ཞིང་ཁམས་ལེ་བཞུགས་མཁན་ངའི་ཨ་ཀྱི་ལེ་བརྡ་གཏོང་གྱི་དིག 11#18.11 མད་ཐཱས་བྲིས་པའི་གཏམ་བཟང་བཤུས་ཡིག་སྔ་ཤོས་ཀྱ་ལེ་འོག་གི་ཚིགས་བཅད་འདི་མེད། ཡིན་ནའང་། ཁོང་གིས་མིའི་བི་ས་ནི་ལམ་བསྐྱུར་རི་དེ་ཀྱ་སྐྱོབ་རྒྱུ་ཆེད་དུ་འོངས་པི་ཡིན་ཟིན་གསུངས་འོད་དིག 12ཁྱེད་ཀྱ་ཀྱིས་ཅི་སེམས་ཀྱི་གོ། མི་ཞིག་ལེ་ལུག་བརྒྱ་འོད་དི་དིང་། ཡང་ལུག་བརྒྱའི་ནང་ནས་གཅིག་བསྐྱུར་རི་ཡིན་ནི། ལུག་དགུ་བཅུ་གོ་དགུ་དེ་ཀྱ་རི་ལྡན་ལེ་གཡུགས་ཏེ། བསྐྱུར་རི་ལུག་གཅིག་དེ་མི་འཚོལ་འོད་དི་གས། 13ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ལུག་དེ་རྙེད་དེ་ཡིན་ནི། ལུག་དགུ་བཅུ་གོ་དགུ་འོད་ཡོད་ལས་ཟང་ལྷག་ཚོད་རྙེད་དི་ལུག་གཅིག་རང་དེའི་དོན་ལེ་དགའ་རི་ཆེན་པོ་བགྱིད་ཀྱི་དིག 14དཔེ་དེ་ཅོག་འདྲ། ཕྲུ་གུ་ཆུང་མ་འདི་ཀྱ་ནང་ནས་གཅིག་རྩ་མེད་འགྲོ་རུ་མི་འཇུག་གི་དེ་ནི། ཞིང་ཁམས་ལེ་བཞུགས་མཁན་ཁྱེད་ཀྱ་ཀྱི་ཡབ་ཀྱི་ཐུགས་དགོངས་ཡིན་དིག
སྤུན་གྱིས་བྱས་པའི་ཉེས་སྐྱོན་འདི་ལེ་སྒྲིག་འབྱོར་བྱས་པའི་སྐོར།
15ཡང་ཁྱེད་ཀྱི་དད་པ་གཅིག་པའི་སྤུན་ཟླས་ཁྱོད་རང་ལེ་ཕོག་ཐུག་བཏང་པི་ཡིན་ནི། ཁོ་ཟུར་ལེ་འཁྲིད་དེ། ཁོས་བྱས་པའི་སྡིག་པའི་ལས་དེའི་དོན་ལེ། ཁོ་རང་གི་ངོ་ལེ་སྐྱོན་སྟོན་ཞིག ཁོས་ཁྱོད་ཀྱི་ཁ་ལེ་ཉན་ནི། ཁོ་རང་ཁྱོད་ཀྱི་སྤུན་ཡིན་དིག 16གལ་སྲིད་ཁྱེད་ཀྱི་ཁ་ལེ་མ་ཉན་ནི། ཁྱོད་ཀྱིས་མི་གཉིས་ཡང་ནི་གསུམ་འཁྲིད་འོང་སྟེ། ཁོས་ལབ་ཡེ་རེ་དཔང་པོ་བསུས་ཤིག གསུང་རབ་ཀྱི་མདོ་ནང་ལེ་ཟང་ཁྱོད་ཀྱིས་རང་གི་སྐྱེན་ལེ་མི་གཅིག་ཡང་ནི་གཉིས་བསུས་དགོས་འོད་དིག་ཟིན་བྲིས་འོད་དིག#18.16 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པའི་བཀའ་ལུང་ལེའུ་ 19 ཨང་ 15 ནང་ལེ་གཟིགས་རོགས། 17ཁོས་ད་རུང་ཁོང་ཀྱ་ཀྱི་ཁ་ལེ་མ་ཉན་ནི། ཆོས་ཚོགས་ལེ་སྨྲོས། ཆོས་ཚོགས་ལེ་སྨྲས་ཏེ་ཟང་མ་ཉན་ནི། ཁོ་དད་པ་བགྱིད་མཁན་མ་དིག ཁྲལ་སྡུད་མཁན་དིང་ཅོག་འདྲ་རྩིས་ཤིག 18ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་ཀྱ་ཀྱིས་ས་སྟེང་ལེ་ཅི་ཞིག་བསྡམས་པ་དེ། དཀོན་མཆོག་གི་ཞིང་ཁམས་ལེ་ཟང་བསྡམས་ཀྱི་དིག ཡང་ཁྱེད་ཀྱ་ཀྱིས་ས་སྟེང་ལེ་ཅི་ཞིག་དགྲོལ་ལི་དེ། དཀོན་མཆོག་གི་ཞིང་ཁམས་ལེ་ཟང་དགྲོལ་གྱི་དིག 19ཡང་དེ་མ་ཟད། ས་སྟེང་ནས་ཁྱེད་ཀྱ་ཀྱི་ནང་ནས་མི་གཉིས་ཀྱིས་པ་རྐྱང་བློ་མཐུན་བྱས་ཏེ་ཅི་ཞིག་ཞུས་ནའང་། ཞིང་ཁམས་ལེ་བཞུགས་མཁན་ངའི་ཨ་ཀྱིས་དེ་ཅོག་འདྲ་གནང་གྱི་དིག 20ཅི་ལེ་ཟིར་ནི། ངའི་མིང་ནང་ལེ་མི་གཉིས་ཡང་ནི་གསུམ་འཛོམས་ནི། ང་ཟང་དེའི་སྐྱེན་ལེ་འོད་ཟིན་གསུངས་པི་དིག
དགོངས་ཡངས་གཏོང་གི་དཔེ་སྐོར།
21དེ་ནས་པེ་ཏྲོ་ཁོང་གི་དྲུང་དུ་འོངས་ཏེ། ཇོ་བོ། ངའི་སྤུན་གྱིས་ང་ལེ་སྡིག་ཉེས་བྱས་ནི། ངས་ཁོ་ལེ་ལན་མ་མང་ལོད་དགོངས་ཡངས་གཏོང་དགོས་འོད་དི་གོ། ལན་མ་བདུན་ཟིན་དྲིས་ཕེན། 22ཡེ་ཤུས་པེ་ཏྲོ་ལེ། ཁོས་དུས་ནམ་ཞིག་སྡིག་ཉེས་བྱས་ནི། ཁྱོད་ཀྱིས་ཁོ་ལེ་མུ་མཐུད་དེ་དགོངས་ཡངས་གཏོང་དགོས་འོད་དིག#18.22 གེ་རིག་གི་ཟེར་ལུགས་ནང་ལེ། ཁྱོད་ཀྱིས་ཁོ་ལེ་བདུན་ཅུ། ལན་མ་བདུན་དགོངས་ཡངས་གཏོང་ཟིན་བྲིས་འོད་དིག 23དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནི། རྒྱལ་པོ་ཞིག་གིས་རང་གི་ཚེ་གཡོག་ཀྱ་ལེ་རྩིས་སྤྲོད་རྩིས་ལེན་བགྱིད་འདོད་འོད་ཡོད་རྒྱལ་པོ་ཞིག་དིང་ཅོག་འདྲ་ཡིན་དིག 24རྩེས་པ་ཁོས་གསེར་གྱི་སྒོར་མོ་ས་ཡ་གཅིག་བུ་ལོན་འོད་ཡོད་གཡོག་པོ་དེ་རྒྱལ་པོའི་དྲུང་དུ་ཁྲིད་འོངས་པི་དིག 25ཡིན་ནའང་། ཁོ་ལེ་བུ་ལོན་འཇལ་རྒྱུ་མེད་ཕེན། རྒྱལ་པོ་ཁོས་བུ་ལོན་འོད་ཡོད་ཁོ་ལེ། ཁྱོད་ཀྱིས་རང་དིང་། ཁོའི་བུད་མེད། ཕྲུ་གུ། ཁོ་ལེ་ཅི་འོད་ཡོད་ཡེ་རེ་འཚོང་སྟེ་བུ་ལོན་འཇལ་དགོས་འོད་ཟིན་བཀའ་གནང་པི་དིག 26དེ་ནས་ཚེ་གཡོག་ཁོས་རྒྱལ་པོ་དྲུང་དུ་པུས་མོ་ས་ལེ་བཙུགས་ཏེ། ཐུགས་རྗེ་གཟིགས། ང་ལེ་དུས་ཚོད་ཅུང་མ་ཞིག་སྒུགས་རོགས་ཟིན་ཕྱག་འཚལ་ཏེ། ངས་ཁྱེད་རང་ལེ་བུ་ལོན་གཅིག་ཟང་མ་ལུས་པི་ཡེ་རེ་འཇལ་གྱི་ཡིན་ཟིན་ཞུ་བ་ཕུལ་ཕེན། 27རྒྱལ་པོ་ཁོས་ཚེ་གཡོག་ཁོ་ལེ་སྙིང་རྗེ་སྐྱེས་ཏེ། བུ་ལོན་ལེན་རྒྱུ་ཕ་ལེ་བོར། བུ་ལོན་ཡེ་རེ་བསལ་ལི་བྱས་ཏེ་ཁོ་རང་འགྲོ་རུ་བཅུག་པི་དིག 28ཡིན་ནའང་། ཚེ་གཡོག་ཁོ་ཕྱིན་ལེ་འོངས་ཏེ། ཚེ་གཡོག་གཞན་མ་ཀྱ་ནང་ནས་མི་གཅིག་ལེ་དངུལ་གྱི་སྐོར་མོ་བརྒྱ་བུ་ལོན་ལེན་རྒྱུ་འོད་ཡོད་ཁོ་ལམ་ལེ་ཐུགས་ཕེན། ཁོས་ཚེ་གཡོག་གཞན་མ་ཁོའི་མིད་པ་དེ་བཙིར་ཏེ། ངས་ཁྱོད་ལེ་གཡར་རི་བུ་ལོན་དེ་ཁྱེར་ལེད་སྨྲས་པི་དིག 29དེ་ནས་ཚེ་གཡོག་ཁོས་ཁོའི་དྲུང་དུ་པུས་མོ་ས་ལེ་བཙུགས་ཏེ། ང་ལེ་དུས་ཚོད་ཅུང་མ་ཞིག་སྒུགས་རོགས། ངས་ཁྱེད་རང་ལེ་བུ་ལོན་ཡེ་རེ་འཇལ་གྱི་ཡིན་ཟིན་ཞུ་བ་ཕུལ་ལི་དིག 30ཡིན་ནའང་། ཁོས་ད་རུང་ཟང་མ་ཉན་པི་མ་ཟད། བུ་ལོན་དེ་འཇལ་མ་ཚར་བར་དུ་ཚེ་གཡོག་དེ་བཙོན་ལེ་བཅུག་པི་དིག 31ཡང་ཚེ་གཡོག་གཞན་མ་ཀྱ་ཀྱིས་གནས་ཚུལ་དེ་མཐོང་སྟེ་སེམས་སྐྱོ་པོ་བྱུང་ཕེན། རྒྱལ་པོའི་དྲུང་དུ་འོངས་ཏེ་གནས་ཚུལ་དེ་ཡེ་རེ་བཤད་དི་དིག 32དེ་ནས་རྒྱལ་པོས་ཚེ་གཡོག་ཁོ་ཚུར་ཤོག་སྨྲས་ཏེ། གཡོག་པོ་གདུག་ཅག་ཁྱོད། ཁྱོད་ཀྱིས་ང་ལེ་ཞུ་བ་ཆེན་པོ་ཕུལ་ཕེན། ངས་ཁྱོད་ལེ་བཏང་བའི་བུ་ལོན་དེ་ཀྱ་བསལ་ལི་བྱས་པི་ཡིན། 33ངས་ཁྱོད་ལེ་སྙིང་རྗེ་བྱས་པི་ཅོག་འདྲ། ཁྱོད་ཀྱིས་ཟང་རང་གི་ཚེ་གཡོག་གཞན་ཀྱ་ལེ་སྙིང་རྗེ་བགྱིད་དགོས་མེད་དི་གས་སྨྲས་ཏེ། 34རྒྱལ་པོས་ཚེ་གཡོག་ཁོ་ལེ་ཞེ་སྡང་འཇུ་གུ་ལངས་ཕེན། ཁོས་བུ་ལོན་ཡེ་རེ་འཇལ་མ་ཚར་བར་དུ་མནར་གཅོད་གཏོང་མཁན་མི་ཀྱ་ཀྱི་ལག་ལེ་གཏད་དི་དིག 35འོ་དེ་ཅོག་འདྲ། གལ་སྲིད་ཁྱེད་ཀྱ་ཀྱིས་ཟང་རང་གི་སེམས་གཏིང་ནས་དད་པ་གཅིག་པའི་སྤུན་ཟླ་ཀྱ་ལེ་དགོངས་ཡངས་མ་བཏང་པི་ཡིན་ནི། ཞིང་ཁམས་ལེ་བཞུགས་མཁན་ངའི་ཨ་ཀྱིས་ཟང་། ཁྱེད་ཀྱ་ལེ་དཔེ་འདི་ཅོག་འདྲ་བགྱིད་ཀྱི་དིག་ཟིན་གསུངས་པི་དིག །
Currently Selected:
མད་ཐཱ། 18: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.