མད་ཐཱ། 23
23
ལེའུ་ཉི་ཤུ་རྩ་གསུམ།
ཆོས་ཁྲིམས་མཁས་པའི་མི་ཀྱ་ལེ་བཀའ་བཀྱོན་གནང་བ།
1དེ་ནས་ཡེ་ཤུས་མི་ཚོགས་དིང་རང་གི་སློབ་མ་ཀྱ་ལེ། 2ཆོས་ཁྲིམས་མཁས་པའི་མི་ཀྱ་དིང་ཕཱ་རུ་ཤི་པ་ཀྱ་ཀྱིས་ལུང་སྟོན་པ་མོ་ཤེའི་བཞུགས་ཁྲི་ལྟག་ག་ལེ་བསྡད་དེ། 3ཁོང་ཀྱ་ཀྱིས་སྟོན་པའི་བསླབ་བྱ་ཡེ་རེ་ཁྱེད་ཀྱ་ཀྱིས་སྲུངས་ཤིག ཡིན་ནའང་། ཁོང་ཀྱ་ཀྱིས་ཁ་ནས་སྨྲས་ནའང་། ལག་ལེན་མི་བགྱིད་མཁན་ཀྱ་ཀྱི་སྤྱོད་ལམ་ཅོག་འདྲ་མ་བགྱིད་ཅིག 4མི་དེ་ཀྱ་ཀྱིས་ཁུར་བོ་ལྗིད་པོ་བསྡམས་ཏེ། མིའི་རྒྱབ་ལེ་འགེལ་གྱོ་འོད་དིག ཡིན་ནའང་། ཁོང་ཀྱ་ཀྱིས་མི་དེ་ཀྱ་ཀྱི་རྒྱབ་ལེ་བསྐྱལ་ལི་ཁུར་བོ་དེ་ལེ་རོགས་སྐྱོར་བགྱིད་རྒྱུ་ཆེད་དུ། རང་གི་མཛུག་གུའི་རྩེ་འགུལ་ཚོད་ཟང་མི་བགྱིད་འོད་དིག 5ཁོང་ཀྱ་ཀྱིས་རང་གི་ལས་ཀ་བྱས་པི་དེ་ཡེ་རེ་མི་གཞན་གྱི་མཐོང་རྒྱུ་ཆེད་དུ་པ་རྐྱང་བགྱིད་འོད་དིག ཁོང་ཀྱ་ཀྱིས་རང་གི་ལུས་ལེ་བཏགས་པའི་སྲུང་བ་དེ་ཟང་ཞེང་ཆེ་རུ་གཏོང་གྱོ་འོད་དི་མ་ཟད། ཁོང་ཀྱ་ཀྱིས་རང་གི་གོས་དེ་ཁ་འཛར་རིང་དུ་བཏང་སྟེ་གྱོན་གྱོ་འོད་དིག#23.5 སྲུང་བ་དེ་ནི་ཀོ་བ་ནས་བཟོས་པའི་སྒམ་ཆུང་ཞིག་ཡིན་དིག སྒམ་ཆུང་དེའི་ནང་ལེ་བོད་ཤོག་ལེ་གསུང་རབ་ཀྱི་ཚིགས་བཅད་ཁ་ཤས་བྲིས་འོད་དིག ཡང་སྒམ་ཆུང་གི་སྲུང་བ་དེ་ཁོང་ཀྱ་ཀྱིས་རང་གི་ལག་ག་དིང་ཐོད་པ་ལེ་དམ་པོ་དམ་གྱོ་འོད་དིག#23.5 ཁ་འཛར་རིང་པོ་བཟོས་ཏེ་གྱོན་རྒྱུ་དེ་ནི། རང་གིས་རང་ལེ་ཆོས་སེམས་ཆེན་པོ་འོད་ཡོད་མི་ཞིག་ཡིན་སྟོན་རྒྱུ་ཆེད་དུ་ཡིན་དིག 6ཡང་ཕོ་ལེ་བགྱིད་རྒྱ། ཁོང་ཀྱ་ནི་གྲལ་མགོ་ལེ་སྡོད་རྒྱུ་དིང་། ཡང་ཚོགས་ཁང་ནང་གི་ཁྲི་མཐོ་ས་རུ་སྡོད་རྒྱུ་ལེ་དགའ་རི་བགྱིད་འོད་དིག 7ཡང་ཁྲོམ་ལམ་ལེ་མིའི་བརྒྱུད་ནས་རང་ལེ་བརྩི་བཀུར་འཐོབ་རྒྱུ་དིང་། ཁོང་ཀྱ་ལེ་མི་ཀྱ་ཀྱིས་སློབ་དཔོན་བཟང་པོ་སྨྲས་ནི་དགའ་རི་བགྱིད་འོད་དིག 8ཡིན་ནའང་། ཁྱེད་ཀྱ་ཀྱིས་རང་ལེ་མི་ཀྱ་ཀྱིས་སློབ་དཔོན་བཟང་པོ་ཟེར་དུ་མ་འཇུག་ཅིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ལེ་སློབ་དཔོན་བཟང་པོ་གཅིག་རང་གཅིག་འོད་ཕེན། ད་ཁྱེད་ཀྱ་ནི་སྤུན་ཟླ་ཅོག་འདྲ་ཡིན་དིག 9ཡང་ཁྱེད་ཀྱ་ཀྱིས་འཇིག་རྟེན་འདིའི་ནང་གི་མི་སུ་ལེ་ཟང་ཡབ་མ་ཟེར། ཅི་ལེ་ཟེར་ནི། ཁྱེད་ཀྱ་ལེ་ཡབ་གཅིག་རང་གཅིག་འོད་དིག ཁོང་ནི་དཀོན་མཆོག་གི་ཞིང་ཁམས་ལེ་བཞུགས་འོད་དིག 10ཡང་ཁྱེད་ཀྱ་ཀྱིས་རང་ལེ་མི་ཀྱ་ཀྱིས་སློབ་དཔོན་བཟང་པོ་ཟེར་དུ་མ་འཇུག ཅི་ལེ་ཟེར་ནི། ཁྱེད་ཀྱ་ལེ་སློབ་དཔོན་བཟང་པོ་གཅིག་རང་གཅིག་འོད་དིག དེ་ནི་སྐྱབས་མགོན་ཡིན་དིག 11ཁྱེད་ཀྱ་ཀྱི་ནང་ནས་སུ་ཆེ་ཤོས་ཡིན་མཁན་ཁོས། ཁྱེད་ཀྱ་ཀྱི་གཡོག་པོ་རྒྱུགས་དགོས་འོད་དིག 12ཅི་ལེ་ཟེར་ནི། རང་གིས་རང་ལེ་མཐོང་ཆེན་པོ་བགྱིད་མཁན་དེ། མཐོང་ཆུང་ཤོས་འོང་གྱི་དིག ཡང་རང་གིས་རང་ལེ་མཐོང་ཆུང་བགྱིད་མཁན་དེ། མཐོང་ཆེ་ཤོས་འོང་གྱི་དིག 13ཆོས་ཁྲིམས་མཁས་པའི་མི་དིང་། ཁ་ཚིག་དོན་ལེ་མི་གནས་མཁན་ཕཱ་རུ་ཤི་པ་ཁྱེད་ཀྱ་ལེ་དཀའ་ངལ་ཆེན་པོ་འོང་གྱི་དིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ཀྱི་སྒོ་བརྒྱབ་ཏེ། རང་ཟང་ནང་ལེ་མི་ཞུགས་འོད་དི་མ་ཟད། ནང་ལེ་འགྲོ་མཁན་ཀྱ་ལེ་ཟང་བཀག་གྱོ་འོད་དིག 14#23.14 མད་ཐཱས་བྲིས་པའི་ལེའུ་ 23 ནང་ལེ། ཨང་ 14 དེ་མེད་དིག ཡིན་ནའང་། ཁོང་གིས་ཆོས་ཁྲིམས་མཁས་པའི་མི་དིང་། ཁ་ཚིག་དོན་ལེ་མི་གནས་མཁན་ཕཱ་རུ་ཤི་པ་ཁྱེད་ཀྱ་ལེ་དཀའ་ངལ་ཆེན་པོ་འོང་གྱི་དིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་ཡུགས་མོ་ཀྱ་ཀྱི་རྒྱུ་ནོར་ལེ་ཨམ་ཕྲོགས་བྱས་པི་མ་ཟད། མིའི་མཐོང་ས་ལེ་སྨོན་ལམ་རྒྱུན་རིང་པོ་འདེབས་ཚུལ་བགྱིད་འོད་ཕེན། མི་གཞན་མ་ལས་ལྷག་ཚོད་ཁྱེད་ཀྱ་ལེ་ཆད་པ་ཆེན་པོ་ཕོག་གྱི་དིག 15ཆོས་ཁྲིམས་མཁས་པའི་མི་དིང་། ཁ་ཚིག་དོན་ལེ་མི་གནས་མཁན་ཕཱ་རུ་ཤི་པ་ཁྱེད་ཀྱ་ལེ་དཀའ་ངལ་ཆེན་པོ་འོང་གྱི་དིག ཅི་ལེ་ཟེར་ནི། མི་གཅིག་ཡ་ཧུ་དཱ་པའི་ཆོས་ལེ་ཞུགས་རྒྱུ་ཆེད་དུ། ཁྱེད་ཀྱ་ཀྱིས་ཡུལ་ལུང་ཀུན་ལེ་རྒྱུག་གྱོ་འོད་དིག ཡང་གལ་སྲིད་མི་ཞིག་ཁྱེད་ཀྱ་ཀྱི་ཀྱིས་ཡ་ཧུ་དཱ་པའི་ཆོས་ལེ་ཞུགས་དུ་བཅུག་པི་ཡིན་ནི། ཁྱེད་ཀྱ་ཀྱིས་རང་ལེ་ལྟག་ཚོད། མི་དེ་ལེ་ལྡབ་གཉིས་ཚོད་དམྱལ་བའི་གཏིང་ནག་ལེ་འགྲོ་གྱི་དིག
16ལམ་སྟོན་བགྱིད་མཁན་ལོང་བ་ཁྱེད་ཀྱ་ལེ་དཀའ་ངལ་ཆེན་པོ་འོང་གྱི་དིག གལ་སྲིད་མི་ཞིག་གིས་མཆོད་ཁང་ཆེན་མོ་མགོ་ལེ་བོར་ཏེ། མནའ་སྐྱེལ་ལི་ཡིན་ནི། དེ་ལེ་སྐྱོན་ཅི་གང་མེད། ཡིན་ནའང་། མཆོད་ཁང་ཆེན་མོའི་ནང་ལེ་འོད་ཡོད་གསེར་དེ་མགོ་ལེ་བོར་ཏེ། མནའ་བསྐྱལ་ལི་ཡིན་ནི། དོན་དེ་ཡིན་གཅིག་མི་གཅིག་བསྒྲུབ་དགོས་འོད་དིག་ཟིན་ཁྱེད་ཀྱ་ཀྱིས་སློབ་ཁྲིད་བགྱིད་འོད་དིག 17གླེན་པ་ལོང་བ་ཁྱེད་ཀྱ་ཀྱིས་ཧ་མི་གོ་འོད་དས། གསེར་རྩ་ཆེ་བ་ཡིན་གོ། ཡང་ནི་གསེར་དེ་རྩལ་ཆེན་བཟོ་མཁན་མཆོད་ཁང་ཆེན་མོ་དེ་རྩ་ཆེ་བ་ཡིན་གོ། 18ཡང་ཁྱེད་ཀྱ་ཀྱིས། གལ་སྲིད་མི་ཞིག་གིས་མཆོད་ཁྲི་མགོ་ལེ་བོར་ཏེ་མནའ་བསྐྱལ་ལི་ཡིན་ནི་སྐྱོན་ཅི་གང་མེད། ཡིན་ནའང་། མཆོད་ཁྲི་ལྟག་ག་ལེ་ཕུལ་ལི་མཆོད་པ་དེ་མགོ་ལེ་བོར་ཏེ་མནའ་བསྐྱལ་ལི་ཡིན་ནི། དོན་དེ་ཡིན་གཅིག་བསྒྲུབ་དགོས་འོད་དིག་ཟིན་ཁྱེད་ཀྱ་ཀྱིས་སློབ་ཁྲིད་བགྱིད་འོད་དིག 19ཁྱེད་ལོང་བ་ཀྱ། མཆོད་པ་དེ་རྩ་ཆེ་བ་ཡིན་གོ། ཡང་ནི། མཆོད་པ་དེ་རྩལ་ཆེན་པོ་བཟོ་མཁན་མཆོད་ཁྲི་དེ་རྩ་ཆེ་བ་ཡིན་གོ། 20མི་སུ་ཞིག་གིས་མཆོད་ཁྲི་མགོ་ལེ་བོར་ཏེ་མནའ་བསྐྱལ་ལི་ཡིན་ནི། མཆོད་ཁྲི་དིང་དེའི་ལྟག་ག་ལེ་འོད་ཡོད་ཡེ་རེ་མགོ་ལེ་བོར་ཏེ་མནའ་བསྐྱལ་ལི་དིག 21ཡང་མི་སུ་ཞིག་གིས་མཆོད་ཁང་མགོ་ལེ་བོར་ཏེ་མནའ་བསྐྱལ་ལི་ཡིན་ནི། མཆོད་ཁང་དིང་དེའི་ནང་ལེ་བཞུགས་མཁན་ཁོང་ཟང་མགོ་ལེ་བོར་ཏེ་མནའ་བསྐྱལ་ལི་དིག 22ཡང་མི་སུ་ཞིག་གིས་དཀོན་མཆོག་གི་ཞིང་ཁམས་མགོ་ལེ་བོར་ཏེ་མནའ་བསྐྱལ་ལི་ཡིན་ནི། དཀོན་མཆོག་གི་བཞུགས་ཁྲི་དིང་དེའི་ལྟག་ག་ལེ་བཞུགས་མཁན་ཁོང་ཟང་མགོ་ལེ་བོར་ཏེ་མནའ་བསྐྱལ་ལི་དིག 23ཆོས་ཁྲིམས་མཁས་པའི་མི་དིང་། ཁ་ཚིག་དོན་ལེ་མི་གནས་མཁན་ཕཱ་རུ་ཤི་པ་ཁྱེད་ཀྱ་ལེ་དཀའ་ངལ་ཆེན་པོ་འོང་གྱི་དིག ཅི་ལེ་ཟེར་ནི། དྲི་ཞིམ་སྨན་རྩྭ་དིང་། གོ་སྙོད་དིང་། སྔོ་ཚོད་ཆུང་མ་ཞིག་གི་ནང་ནས་བཅུ་ཆ་གཅིག་དཀོན་མཆོག་ལེ་འབུལ་དགོས་རྒྱུ་ཁྲིམས་ལུགས་དེ་ནི་ཁྱེད་ཀྱ་ཀྱིས་སྲུང་གྱོ་འོད་དིག ཡིན་ནའང་། ཁྱིམས་ལུགས་ནང་ལེ་འོད་ཡོད། སྙིང་རྗེ། དད་པ། དྲང་བདེན་དེ་ཀྱ་ནི་ཁྱེད་ཀྱ་ཀྱིས་སྣང་མེད་བརྩིས་ཏེ། དོན་གཞན་མ་སྲུང་རྒྱུ་ཆེད་དུ། དོན་གལ་ཆེན་པོ་དེ་ཀྱ་སྤངས་མི་ཆོག་འོད་དིག 24ཁྱེད་ལམ་སྟོན་བགྱིད་མཁན་ལོང་བ་ཀྱ། ཁྱེད་ཀྱ་ཀྱིས་རང་གི་ཁའི་ནང་ལེ་འབུ་ཆུང་མ་ཞིག་ཤོར་འོང་ཟིན་བཙགས་ཏེ་འཐུང་གྱོ་འོད་ནའང་། རྔ་མོང་ཆེན་པོ་ཞིག་ཁྱུར་མིད་གཏོང་གྱོ་འོད་དིག 25ཆོས་ཁྲིམས་མཁས་པའི་མི་དིང༌། ཁ་ཚིག་དོན་ལེ་མི་གནས་མཁན་ཕཱ་རུ་ཤི་པ་ཁྱེད་ཀྱ་ལེ་དཀའ་ངལ་ཆེན་པོ་འོང་གྱི་དིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་སྡེར་མའི་ཕྱི་དེ་གཙང་མ་བཟོས་ནའང་། ནང་ལེ་སེར་སྣ་དིང་། རང་འདོད་ཀྱིས་ཁེངས་འོད་དིག 26ཁྱེད་ལོང་བ་ཕཱ་རུ་ཤི་པ་ཀྱ། སྔོན་ལེ་ཕོར་རུ་དིང་སྡེར་མའི་ནང་གཙང་མ་བཟོས་ཤིག དེ་ནས་ཕྱི་ཟང་གཙང་མ་འོང་གྱི་དིག 27ཆོས་ཁྲིམས་མཁས་པའི་མི་དིང༌། ཁ་ཚིག་དོན་ལེ་མི་གནས་མཁན་ཁྱེད་ཕཱ་རུ་ཤི་པ་ཀྱ་ལེ་དཀའ་ངལ་ཆེན་པོ་འོང་གྱི་དིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ནི་རོ་ཁང་ལེ་དཀར་རྩི་བསྐུས་པི་ཅོག་འདྲ་ཡིན་ཕེན། ཕྱི་ནས་བལྟས་ནི་མཛེས་པོ་མཐོང་ནའང་། ནང་ལེ་གཤིན་པོའི་རུས་པ་དིང༌། མི་གཙང་བའི་རིགས་ཀྱིས་ཁེངས་འོད་དིག 28འོ་དེ་ཅོག་འདྲ་ཁྱེད་ཀྱ་ཟང་ཕྱི་ནས་མི་ཀྱ་ཀྱིས་བལྟས་ནི་ཆོས་དྲང་པོ་ཡིན་དི་མཐོང་ནི་ཟང༌། ནང་ལེ་ཁ་ཚིག་དོན་ལེ་མི་སྨྲས་པི་དིང་། ཁྲིམས་མེད་ལུགས་མེད་ཀྱི་ཁེངས་འོད་དིག 29ཆོས་ཁྲིམས་མཁས་པའི་མི་དིང༌། ཁ་ཚིག་དོན་ལེ་མི་གནས་མཁན་ཁྱེད་ཕཱ་རུ་ཤི་པ་ཀྱ་ལེ་དཀའ་ངལ་ཆེན་པོ་འོང་གྱི་དིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་ལུང་སྟོན་པ་ཀྱ་ཀྱི་དུར་ཁང་རྩིག་གྱོ་འོད་དི་མ་ཟད། དྲང་བདེན་ཀྱ་ཀྱི་དུར་ཁང་དེ་ཟང་མཛེས་པོ་བཟོ་འོད་དིག 30གལ་སྲིད་འུའི་མེས་མེས་ཀྱི་དུས་ལེ་འུ་ཀྱ་འོད་ནི། ཁོང་ཀྱ་དིང་སྐྱེན་ལེ་ལུང་སྟོན་པ་ཀྱ་གསོད་ཀྱི་མ་དིག་ཟེར་གྱི་དིག 31འོ་དེ་གི་སྨྲས་པི་དེ་ནི། ཁྱེད་ཀྱ་ཀྱིས་རང་གིས་རང་ལེ་ལུང་སྟོན་པ་གསོད་མཁན་གྱི་བུ་རྒྱུད་ཡིན་དི་དཔང་པོ་བྱས་པི་དིག 32འོ་དེ་ལེ་བརྟེན་ཏེ། ད་ཁྱེད་ཀྱ་ཀྱིས་ཟང་རང་གི་མེས་མེས་ཀྱིས་འགོ་བཙུགས་པའི་ལས་ངན་དེ་ཡེ་རེ་འཇུག་སྐྱོལ་ཞིག 33ཁྱེད་དུག་སྦྲུལ་གྱི་རིགས་ཀྱ། དུག་སྦྲུལ་གྱི་རྒྱུད་པ་ཁྱེད་ཀྱ་དམྱལ་ཁམས་ཀྱི་ཉེས་པ་ནས་ཅི་གི་བྱས་ཏེ་ཐར་ཐུབ་རྒྱུ། 34འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་ང་ལེ་ཉོན་ཅིག ངས་ལུང་སྟོན་པ་ཀྱ་དིང་། ཤེས་རབ་འོད་ཡོད་ཀྱ་དིང་། ཆོས་ཁྲིམས་མཁས་པའི་མི་ཀྱ། ཁྱེད་ཀྱ་འོད་ས་ལེ་རྫོང་གྱི་ཡིན། ཁོང་ཀྱ་ནང་ནས་ཁ་ཤས་ཁྱེད་ཀྱ་ཀྱིས་གསོད་ཀྱི་དིག ཡང་ཁ་ཤས་གདུང་མ་ཀུ་རུ་ཁ་ལེ་བརྒྱང་གྱི་དིག ཡང་ཁ་ཤས་ཚོགས་ཁང་ནང་ལེ་ལྕག་ཚན་གཞུ་གྱི་དིག ཡང་ཁ་ཤས་ཡུལ་གཅིག་ནས་ཡུལ་གཞན་ལེ་རྗེས་འདེད་བཏང་སྟེ་གནོད་འཚེ་གཏོང་གྱི་དིག 35དྲང་བདེན་གྱི་མེས་མེས་ཧ་བེལ་ནས་བྱས་ཏེ། མཆོད་ཁང་དིང་མཆོད་ཁྲི་གཉིས་བར་ལེ། ཁྱེད་ཀྱ་ཀྱིས་བསད་དི་པེ་རེ་ཀི་ཡཱ་ཡི་ཁོའི་བི་ས་ཟེ་ཀ་རི་ཡཱ་བར་ཐུབ། ས་ལེ་འཐོར་བའི་མི་དྲང་བདེན་ཧ་བེལ་གྱི་ཁྲག་དེ་ལེ། ཁྱེད་ཀྱ་ཀྱིས་འགན་ལེན་བགྱིད་དགོས་འོད་དིག 36ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། དེ་ཡེ་རེའི་ཉེས་པ་དེ་ནི་མི་རབས་འདིའི་མགོ་ལེ་ཕོག་གྱི་དིག
ཡེ་རུ་ས་གླིང་གི་དོན་ལེ་མིག་ཆུ་བཏང་པ།
37ཝོའོ། ཡེ་རུ་ས་གླིང་། ཡེ་རུ་ས་གླིང་། ཁྱེད་ཀྱ་ཀྱིས་ལུང་སྟོན་པ་ཀྱ་གསོད་དི་མ་ཟད། ཁྱེད་ཀྱ་ཀྱི་རྩ་ལེ་བརྫངས་པའི་མི་དེ་ཀྱ་ལེ་རྡོ་རུབ་གཏོང་གི་དིང་། ཡང་བྱ་མོས་རང་གི་གཤོག་པའི་འོག་ཏུ་བྱིའུ་ཕྲུག་འབོར་རི་ཅོག་འདྲ། ངས་ཟང་ལན་མ་མང་པོར་ཁྱེད་ཀྱ་ཀྱི་ཕྲུ་གུ་ཀྱ་སྡུད་འདོད་བྱས་ནའང་། ཁྱེད་ཀྱ་ཀྱིས་མ་འདོད་པི་དིག 38ལྟོས་དང་ ཁྱེད་ཀྱ་ཀྱི་ཁང་པ་དེ་ནི། ཁྱོད་ཀྱི་ཆེད་དུ་སྟོང་པ་ལེ་ལུས་ཀྱི་དིག 39ང་ཁྱེད་ཀྱ་ལེ་ཟེར་རོ། དུས་ད་ནས་ཕྱིན་ཆད། ཁྱེད་ཀྱ་ཀྱིས་ཇོ་བོ་དཀོན་མཆོག་གི་མཚན་གྱི་བརྒྱུད་ནས་ཕེབས་མཁན་དེ་ལེ་བྱིན་གྱིས་རླབས་པར་ཤོག་མ་སྨྲ་བར་དུ། ཁྱེད་ཀྱ་ཀྱིས་ང་མཐོང་གྱི་མ་དིག་ཟིན་གསུངས་པི་དིག །#23.39 ཚིགས་བཅད་འདི་ནི་གསུང་མགུར་གྱི་མདོ་ལེའུ་ 118 ཨང་ 26 ནང་ལེ་གཟིགས་རོགས།
Currently Selected:
མད་ཐཱ། 23: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.

: