YouVersion Logo
Search Icon

མད་ཐཱ། 24

24
ལེའུ་ཉི་ཤུ་རྩ་བཞི།
དུས་ཀྱི་མཐའ་མའི་ལུང་བསྟན་གྱི་སྐོར།
1དེ་ནས་ཡེ་ཤུ་མཆོད་ཁང་ཆེན་མོའི་དྭངས་ར་ནས་ཕྱི་ལེ་ཕེབས་རྒྱ། སློབ་མ་ཀྱ་ཁོང་གི་ཉེ་འཁོར་ལེ་འོངས་ཏེ། མཆོད་ཁང་འདི་རྒྱས་པོ་འཇུ་གུ་བཞེངས་འདུག་ཟིན་ཁོང་ལེ་བསྟན་གནང་པི་དིག 2ཡིན་ནའང་། ཁོང་གིས་རང་གི་སློབ་མ་ཀྱ་ལེ། ད་ལྟ་ཁྱེད་ཀྱ་ཀྱིས་འདི་ཡེ་རེ་མཐོང་གྱོ་འོད་དིག ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མ་འོངས་པའི་དུས་ལེ་འདི་རུ་རྩིག་པའི་རྡོ་​གཅིག་ཟང་​མ་​ལུས་པའི་​ཡེ་རེ་​བཤིག་​གྱི་​དིག་​ཟིན་གསུངས་​པི་​དིག
3དེ་ནས་ཡེ་ཤུ་སྐྱུར་རུ་ཟེར་དེའུ་ཞིག་གི་ལྟག་ག་ལེ་བཞུགས་རྒྱ། སློབ་མ་ཀྱ་ཀྱིས་མི་སུ་ཟང་མེད་དི་དུས་ལེ་ཁོང་གི་དྲུང་དུ་འོངས་ཏེ། ཁོང་ལེ་དོན་དེ་ཡེ་རེ་དུས་ནམ་ཞིག་ལེ་འོང་འོད་དི་གོ། ཁྱེད་ཡང་དང་ཕེབས་འོང་རྒྱུའི་དོན་དིང་། ཡང་དུས་ཀྱི་མཐའ་མའི་རྟགས་དེ་ཅི་འོང་འོད་དི་གོ། ཉེད་ཀྱ་ལེ་གསུང་རོགས་དང་ཞུས་ཕེན། 4ཡེ་ཤུས་སློབ་མ་ཀྱ་ལེ། ཁྱེད་ཀྱ་ལེ་མི་སུ་ཞིག་གིས་ཟང་མགོ་མི་སྐོར་བའི་ཆུད་དུ་དོགས་ཟོན་གྱིས་ཤིག 5ཅི་ལེ་ཟེར་ནི། མི་​མང་པོ་​ཞིག་​གིས་​ངའི་​མིང་​ཐོག་ནས་འོང་གི་མ་ཟད། ང་​སྐྱབས་མགོན་​འདི་ཡིན་སྨྲས་ཏེ། མི་མང་པོ་ལེ་མགོ་སྐོར་གཏོང་གྱི་དིག 6ཁྱེད་​ཀྱ་​ཀྱིས་​དམག་​འཁྲུག་དིང་། དམག་འཁྲུག་​གི་ལབ་གླེང་ཐོས་རྒྱ། འཁྱར་སྣང་​མ་​བགྱིད་​ཅིག དོན་འདི་ཀྱ་འོང་རྒྱུ་ཡིན་དི་མ་ཟད་། དུས་ཀྱི་མཐའ་མ་དེ་ནི་ད་རུང་མ་​སླེབས་​འོད་དིག 7ཡང་མི་རིགས་​གཅིག་​གིས་​གཅིག་​ལེ་​འཁྲུག་འཛིན་​དིང་​། རྒྱལ་ཁབ་​གཅིག་​གིས་​གཅིག་​ལེ་​དམག་འཁྲུག་​དིང་​། ཡང་ས་ཆ་​ཁ་ཤས་ལེ་མུ་གེ་དིང་། ས་འགུལ་ཟང་​འོང་གྱི་དིག 8འདི་ཡེ་རེ་ནི་​སྐྱེ་ཟུག་​དང་པོ་རྒྱག་གི་​ཅོག་འདྲ་​ཡིན་དིག 9དེ་ནས་མི་དེ་ཀྱ་ཀྱིས་ཁྱེད་ཀྱ་ལེ་གནོད་འཚེ་གཏོང་རྒྱུ་ཆེད་དུ། དཔོན་པའི་ལག་ག་ལེ་གཏད་དེ་གསོད་ཀྱི་དིག ཡང་ངའི་མིང་གི་རྐྱེན་གྱིས་མི་རིགས་ཀུན་གྱིས་ཁྱེད་ཀྱ་ལེ་དགྲ་སྡང་པོ་བགྱིད་ཀྱི་དིག 10ཡང་དེ་རྒྱ་མི་མང་པོ་ཞིག་དད་པ་ལོག་སྟེ་གཅིག་གིས་གཅིག་ལེ་དགྲ་སྡང་པོ་བགྱིད་ཀྱི་དིག 11ཡང་ལུང་སྟོན་པ་རྫུན་མ་མང་པོ་ཞིག་འཐོན་འོང་སྟེ་མི་མང་པོ་ལེ་མགོ་སྐོར་གཏོང་གྱི་དིག 12ཁྲིམས་འགལ་གྱི་ལས་ངན་མང་པོ་འཕེལ་འོང་སྟེ། མི་མང་པོའི་བྱམས་སེམས་བགྱིད་རྒྱུ་ཉམས་འགྲོ་གྱི་དིག 13ཡིན་ནའང་། མཇུག་མཐའ་མའི་བར་དུ་བཟོད་སྒོམ་བགྱིད་མཁན་མི་དེ་ལེ་ཐར་པ་འཐོབ་ཀྱི་དིག 14ཡང་མི་རིགས་ཡེ་རེ་ལེ་དཔང་པོ་བགྱིད་རྒྱུ་ཆེད་དུ། དཀོན་མཆོག་གི་རྒྱལ་ཁབ་ཀྱི་གཏམ་བཟང་འདི་འཛམ་བུ་གླིང་ཀུན་ལེ་ཁྱབ་ཕེན། དེ་ནས་དུས་ཀྱི་མཐའ་མ་དེ་སླེབས་འོང་གྱི་དིག
15ལུང་སྟོན་པ་དཱ་ནི་ཨེལ་གྱིས་གསུངས་པི་ཅོག་འདྲ། གཏོར་བཤིག་​གཏོང་​མཁན་​སྐྱུག་​བྲོ་མོ་​ཞིག་གནས་ས་​ལེ་​ལངས་​བསྡད་​འོད་​དི་​མཐོང་​རྒྱ། (འདི་ཀློག་མཁན་གྱིས་ཧ་གོ་བར་གྱིས་ཤིག)#24.15 ཚིགས་བཅད་འདི་ནི་ལུང་སྟོན་པ་དཱ་ནི་ཨེལ་གྱིས་བྲིས་པའི་མདོ་ལེའུ་ 9 ཨང་ 27 དིང༌། ལེའུ་ 11 ཨང་ 31 དིང༌། ལེའུ་ 12 ཨང་ 11 ལེ་གཟིགས་རོགས། 16ཡ་ཧུ་དཱ་པའི་ལུང་པ་ལེ་འོད་ཡོད་མི་ཀྱ་རི་ལེ་བྲོས་དགོས་འོང་གྱི་དིག 17ཡང་ཁང་ཐོག་ལེ་འོད་ཡོད་ཀྱ་མར་འབབ་སྟེ་རང་གི་ཁང་པའི་ནང་གི་ཅ་ལག་མ་ལེན་ཅིག 18ཡང་ཞིང་ལེ་འོད་ཡོད་མི་ཀྱ་རང་གི་ཁ་གྱོན་ལེན་དུ་ཕ་ལེ་རང་འཇགས་མ་འགྲོ་ཅིག 19ཉིན་མ་དེ་ལེ་ཕྲུ་གུ་སྐྱེ་རྒྱུ་འོད་ཡོད་བུ་མའ་དིང་། ཕྲུ་གུ་ལེ་འོ་མ་སྟེར་མཁན་ཀྱ་སྙིང་རྗེ། 20ཁྱེད་བྲོས་འགྲོ་མཁན་ཀྱ་ཀྱིས་དུས་དེ་ནི་དགུན་ཁ་དིང༌། ཡང་ནི། ངལ་གསོ་བའི་ཉིན་མོ་ལེ་མི་འོང་པའི་ཆེད་དུ་གསོལ་བ་སྨོན་ལམ་ཐོབ་ཅིག 21ཅི་ལེ་ཟེར་ནི། ཉིན་​མ་དེ་ལེ་དཀའ་སྡུག་​ཆེན་པོ་​འཇུ་གུ་​འོང་​གི་​མ་ཟད​། དེ་ཅོག་འདྲ་དཀའ་སྡུག་​ཆེན་པོ་​དེ་ནི། ཐོག་མ་དཀོན་མཆོག་​གིས་​འཇིག་རྟེན་​བཀོད་པ་ནས་ད་ལྟ་བར་དུ་​བྱུང་​མྱོང་​མེད་དིག རྗེས་​ལེ་​ཟང་​རྩ་བ་ནས་འོང་​སྲིད་​གི་​མ་དིག 22ཡང་དཀའ་སྡུག་གི་ཉིན་མ་དེ་ཀྱ་ཉུང་དུ་མ་བཟོས་ནི། མི་སུ་ཟང་ཐར་ཐུབ་ཀྱི་མ་དིག ཡིན་ནའང་། ཁོང་གིས་བདམས་པའི་མི་ཀྱ་ཀྱི་དོན་ལེ། ཉིན་མ་དེ་ཀྱ་ཉུང་དུ་བཟོ་གནང་གྱི་དིག 23དུས་དེ་རྒྱ་མི་སུ་ཞིག་གིས་ཁྱེད་ཀྱ་ལ་ལྟོས་དང་། སྐྱབས་མགོན་འདི་རུ་འོད། ཡང་ནི་ལྟོས་དང་། སྐྱབས་མགོན་འདི་རུ་འདུག་ཟིན་སྨྲས་ནི། འདི་ལེ་ཡིད་ཆེས་མ་བགྱིད་ཅིག 24ཅི་ལེ་ཟེར་ནི། སྐྱབས་མགོན་རྫུན་མ་དིང་ལུང་སྟོན་པ་རྫུན་མ་མང་པོ་ཐོན་འོང་སྟེ། ངོ་མཚར་ཆེ་བའི་ལས་དིང་། ཡ་མཚན་གྱི་རྟགས་བསྟན་ཏེ། བདམས་པའི་མི་ཀྱ་ཟང་མགོ་སྐོར་གཏོང་སྲིད་ཀྱི་དིག 25ཉོན་ཞིག ང་ཁྱེད་ཀྱ་ལེ་སྔོན་ནས་བརྡ་བཏང་ཚར་འོད། 26ཁོང་ཀྱ་ཀྱིས་ཁྱེད་ཀྱ་ལེ། ལྟོས་དང་། ཁོང་དབེན་སྟོང་ནང་ལེ་བཞུགས་འདུག་སྨྲས་ནི་ཕྱི་ལེ་མ་འཐོན་ཞིག ཡང་ནི། ལྟོས་དང་། ཁོང་ཁང་པའི་ནང་ལེ་བཞུགས་འདུག་སྨྲས་ནི་འདི་ལེ་ཡིད་ཆེས་མ་བགྱིད་ཅིག 27ཅི་ལེ་ཟེར་ནི། གློག་ཤར་ཕྱོགས་ནས་ནུབ་ཕྱོགས་ལེ་འཁྱུག་གི་ཅོག་འདྲ། མིའི་བི་ས་ཁོང་ཕེབས་འོང་གྱི་དིག 28རོ་འོད་ས་ལེ་བྱ་རྒྱལ་འཁོར་འོང་གྱི་དིག
མིའི་བི་ས་ཕེབས་འོང་གི་སྐོར།
29དུས་དེ་རྒྱ་དཀའ་སྡུག་ཆེན་པོ་དེའི་རྗེས་ལེ།
ཉི་མ་སྒྲིབ་འགྲོ་བ་དིང་ཟླ་དཀར་ཟང་མི་ཤར། །
སྐར་ཚོགས་ཀྱ་ཟང་ནམ་མཁའ་ནས་ས་ལེ་འཛར། །
བར་སྣང་ཁམས་ཀྱི་དབང་ཡེ་རེ་གཡོ་འགྲོ་གྱི་དིག །#24.29 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 13 ཨང་ 10 དིང༌། ལེའུ་ 34 ཨང་ 4 ནང་ལེ་གཟིགས་རོགས།
30དེ་ནས་མིའི་བི་ས་རྟགས་དེ་མངོན་སུམ་ནམ་མཁའ་ལེ་འབྱུང་གི་དིང་། འཇིག་རྟེན་མི་ཀུན་གྱིས་མྱ་ངན་བགྱིད་ཀྱི་དིག མི་དེ་ཀྱ་ཀྱིས་མིའི་བི་ས་ནི་དབང་ཆེན་པོ་དིང་གཟི་བརྗིད་ངང་ནས་ནམ་མཁའི་སྤྲིན་གྱི་ནང་ནས་འོང་གི་མཐོང་གྱི་དིག 31ཡང་ཁོང་གིས་རང་གི་ཕོ་ཉ་ཀྱ་དུང་གི་སྐད་ཆེན་པོ་དིང་སྐྱེན་ལེ་བརྫངས་ཏེ། ཁོང་ཀྱ་ཀྱིས་འཇིག་རྟེན་གྱི་མཐའ་ནས་ནམ་མཁའི་མཐའ་བར་དུ་བདམས་པའི་མི་ཡེ་རེ་ཕྱོགས་བཞི་མཚམས་བརྒྱད་ནས་སྡུད་འོང་གྱི་དིག
32ད་ཁྱེད་ཀྱ་བསེ་ཡབ་སྡོང་པོ་ནས་དཔེ་ཞིག་སྦྱོངས་དང༌། སྡོང་པོའི་ཡལ་གའི་ལོ་མ་འབུར་འོང་རྒྱ། དབྱར་ཁའི་དུས་ཤར་འོང་གི་ཁྱེད་ཀྱ་ཀྱིས་ཧ་གོ་འོད་དིག 33དེ་ཅོག་འདྲ་ཁྱེད་ཀྱ་ཀྱིས་རྟགས་མཚན་འདི་ཀྱ་ཡེ་རེ་མཐོང་རྒྱ། མིའི་བི་ས་ཁོང་རང་ཟང་སྒོ་འགྲམ་ལེ་སླེབས་ཚར་འོད་དི་ཁྱེད་ཀྱ་ཀྱིས་ཧ་གོ་བར་གྱིས་ཤིག 34ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་རབས་​འདི་​མ་​རྗོགས་པའི་​སྔོན་​ལེ་​རྟགས་མཚན་འདི་ཡེ་རེ་​འོང་​གྱི་​དིག 35གནམ་​ས་​གཉིས་​རྩ་མེད་འགྲོ་ནའང་​། ངའི་​བཀའ་ཡེ་རེ་ནམ་ཟང་རྩ་མེད་འགྲོ་​སྲིད་​ཀྱི་མ་​དིག 36ཡིན་ནའང་། ཉིན་མ་དེ་ནི། དུས་ཅི་ཞིག་ལེ་དིང་། ཆུ་ཚོད་ཅི་ཞིག་ལེ་འོང་འོད་མེད་ཡབ་​དཀོན་མཆོག་གིས་​པ་རྐྱང་མ་གཏོགས། ཁོང་​གི་​སྐྱེན་ལེ་བཞུགས་མཁན་ཕོ་ཉ་​ཀྱ་​ཀྱིས་​ཟང་​དུས་དེའི་སྐོར་ལེ་ཧ་མི་གོ་​འོད་​དི་མ་ཟད། སྲས་ཀྱིས་​ཟང་​མི་​ཤེས་​འོད་དིག 37མིའི་བི་ས་འོང་གི་དུས་དེ་ནི། ནོ་ཨཱ་ལེ་བྱུང་བའི་དུས་དེ་རིང་ཅོག་འདྲ་འོང་གྱི་དིག 38ཅི་ལེ་ཟེར་ནི། དུས་དེ་རྒྱ་ཆུ་ལོག་མ་རྒྱུགས་པའི་སྔོན་ལེ་དིང་། ནོ་ཨཱ་ཁོང་རང་གྲུ་གཟིངས་ཆེན་པའི་ནང་ལེ་མ་ཞུགས་པའི་བར་དུ། ནམ་རྒྱུན་ཅོག་འདྲ་མི་ཀྱ་ཀྱིས་བཟའ་འཐུང་བགྱིད་དེ་དིང་། མནའ་མ་ཕ་ལེ་གཏོང་ཚུ་ལེ་ལེན་བགྱིད་འོད་དིག 39ཡང་ཆུ་ལོག་གིས་དེ་ཡེ་རེ་བདས་ཚར་རི་ཡིན་དི་མི་དེ་ཀྱ་ཀྱིས་ཧ་མ་གོ་པི་དིག འོ་དེ་གི་ཅོག་འདྲ་མིའི་བི་ས་ཟང་སྣང་བའི་ཡིད་ལེ་མེད་དི་དུས་ཤིག་ལེ་འོང་གྱི་དིག 40དུས་དེ་རྒྱ་ཞིང་ལེ་མི་གཉིས་འོད་དེ་དིང་། མི་གཅིག་ཡར་འཁྱེར་འགྲོ་བ་དིང་ཡང་གཅིག་གཡུགས་འབོར་གྱི་དིག 41ཡང་ཆུ་འཐག་ལེ་བུ་མའ་གཉིས་འོད་དི་དིང་། ཡང་གཅིག་ཡར་འཁྱེར་འགྲོ་བ་དིང་། གཅིག་གཡུགས་འབོར་གྱི་དིག 42འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱི་ཇོ་བོ་ཕེབས་འོང་གི་ཉིན་མོ་དེ་ཁྱེད་ཀྱ་ཀྱིས་ཧ་མི་གོ་འོད་ཕེན། གཟབ་གཟབ་བྱས་ཏེ་སྡོད་ཅིག 43ཁྱིམ་གྱི་བདག་པོས་མཚན་མོའི་དུས་ལེ་རྐུན་མ་འོང་གི་དུས་ཚོད་དི་ཧ་གོ་འོད་ནི། གཉིད་མ་ལོག་གི་སྒུག་སྟེ་ཁང་པའི་ནང་ལེ་རྐུན་མ་འཛུལ་དུ་མི་འཇུག་འོད་དི་ཁྱེད་ཀྱ་ཀྱིས་ཧ་གོ་པར་གྱིས། 44འོ་དེ་ཅོག་འདྲ། ཁྱེད་ཀྱ་ཟང་གྲ་སྒྲིག་བྱས་ཏེ་སྡོད་དགོས་འོད་དིག ཅི་ལེ་ཟེར་ནི། མིའི་བི་ས་ནི་ཁྱེད་ཀྱ་ཀྱིས་སྣང་བའི་ཡིད་ལེ་མེད་དི་དུས་ཞིག་ལེ་སླེབས་འོང་གྱི་དིག
གཡོག་པོ་བཟང་ངན་གཉིས་ཀྱི་སྐོར།
45བློ་འགེལ་བགྱིད་ཆོག་པི་དིང་ཤེས་རབ་འོད་ཡོད་གཡོག་པོ་དེ་སུ་ཡིན་དིག་ཟེར་ནི། ཁྱིམ་གྱི་བདག་པོས་གཡོགས་པོ་ཞིག་ལེ་དབང་ཆ་གཏད་དེ་མ་ཟད། འགན་ཁུར་འདི་གཡོག་ཁོའི་ལྟག་ག་ལེ་འབབ་རྒྱ། གཡོག་པོ་གཞན་མ་ཀྱ་ལེ་ཟས་སྐལ་སྟེར་མཁན་དེ་ཡིན་དིག 46ཁྱིམ་གྱི་བདག་པོ་ཁོང་རང་འོང་རྒྱ། འོ་དེ་ཅོག་འདྲ་བགྱིད་མཁན་གཡོག་པོ་དེ་བདེ་བ་​ཆེའོ། 47ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱིམ་གྱི་བདག་པོས་རང་ལེ་ཅི་འོད་ཡོད་ཡེ་རེ་གཡོག་པོ་དེའི་དབང་ཆ་འོག་ལེ་འབོར་གྱི་དིག 48ཡིན་ནའང་། གཡོག་པོ་ངན་པ་ཁོས་ཁྱིམ་གྱི་བདག་པོ་འདི་ཡུན་རིང་པོའི་རྗེས་ལེ་ལོག་འོང་གྱི་དིག་བསམས་ཏེ། 49རང་གི་གཡོག་རོགས་ལེ་རྡུང་གི་དིང་། ཁོ་རང་ཆང་བཟི་མཁན་དིང་སྐྱེན་ལེ་བཟའ་འཐུང་བགྱིད་རྒྱ། 50ཁོའི་སྣང་བའི་ཡིད་ལེ་མེད་དི་དུས་ཞིག་ལེ། ཁྱིམ་གྱི་བདག་པོ་དེ་འོངས་ཏེ། 51ཁོ་དུམ་བུ་དུམ་བུ་བཏང་སྟེ་ཁ་བཤད་དོན་ལེ་མི་གནས་མཁན་མི་ཀྱ་དིང་སྐྱེན་ལེ། ངུ་སྐད་དིང་སོ་ཁྲིག་ཁྲིག་བགྱིད་སའི་གནས་ལེ་གཡུག་གྱི་དིག་ཟིན་གསུངས་པི་དིག

Currently Selected:

མད་ཐཱ། 24: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in