YouVersion Logo
Search Icon

མད་ཐཱ། 25

25
ལེའུ་ཉི་ཤུ་རྩ་ལྔ།
བག་གཡོག་ན་ཆུང་བཅུའི་དཔེ་སྐོར།
1ཡང་དེའི་དུས་ལེ་དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་དེ་ནི། མཆོད་མེ་འཁུར་ཏེ་མག་པ་ཐུག་ཏུ་འགྲོ་མཁན་བག་གཡོག་ན་ཆུང་བུ་མོ་བཅུ་དིང་ཅོག་འདྲ་ཡིན་དིག 2ཁོང་ཀྱ་ཀྱི་ནང་ནས་ལྔ་ནི་གླེན་མ་ཡིན་དིག ལྔ་ནི་སྤྱང་པོ་ཡིན་དིག 3གླེན་མ་དེ་ཀྱ་ཀྱིས་མཆོད་སྣོད་འཁྱེར་འོད་ནའང་། མཆོད་སྣུམ་མ་ཁྱེར་འོད་དིག 4སྤྱང་པོ་དེ་ཀྱ་ཀྱིས་མཆོད་སྣོད་འཁྱེར་འོད་དི་མ་ཟད། མཆོད་སྣུམ་ཟང་འཁྱེར་འོད་དིག 5ཡིན་ནའང་། མག་པ་ཡུན་འགོར་ཕེན། ཁོང་ཡེ་རེ་གཉིད་བྲོ་སྟེ་གཉིད་ཤོར་རི་དིག 6དེ་ནས་ནམ་ཕྱེད་ཀ་ཚོད་ལེ། མི་ཀྱ་ཀྱིས་སྐད་ཆེན་པོས་ངང་ནས། ལྟོས་དང་། མག་པ་སླེབས་སོང༌། ད་ཁོང་ལེ་མཐུག་ཏུ་འགྲོ་སྨྲས་པི་དིག 7བག་གཡོག་ན་ཆུང་དེ་ཡེ་རེ་ཡར་ལངས་ཏེ་མཆོད་མེ་གྲ་སྒྲིག་བྱས་པི་དིག 8ཡིན་ནའང་། བག་གཡོག་གླེན་མ་དེ་ཀྱ་ཀྱིས་བག་གཡོག་སྤྱང་པོ་འོད་ཡོད་ཀྱ་ལེ། ཉེད་ཀྱ་ཀྱི་མཆོད་མེ་ཤི་འགྲོ་འདུག ཁྱེད་ཀྱ་ཀྱི་མཆོད་སྣུམ་ནས་ཉེད་ལེ་ཉུང་མ་ཞིག་སྟེར་རོགས་སྨྲས་པི་དིག 9དེ་ནས་བག་གཡོག་ན་ཆུང་སྤྱང་པོ་དེ་ཀྱ་ཀྱིས་ཁོང་ཀྱ་ལེ། འོ་དེ་གི་བྱས་ནི་ཉེད་ཀྱ་ལས་ཟང་འདང་རྒྱུ་མི་འདུག མཆོད་སྣུམ་འཚོང་ས་ལེ་ཁྱེད་ཀྱ་ཀྱི་ཆེད་དུ་མཆོད་སྣུམ་ཉོས་ལེད་སྨྲས་པི་དིག 10བག་གཡོག་ན་ཆུང་གླེན་མ་ཀྱ་མཆོད་སྣུམ་ཉོ་རུ་འགྲོ་རྒྱ། མག་པ་སླེབས་ཚར་ཕེན། མཆོད་སྣུམ་གྲ་སྒྲིག་འོད་ཡོད་ཀྱ་ཁོང་དིང་སྐྱེན་ལེ་ཁང་པའི་ནང་ལེ་འཛུལ་ཏེ་སྒོ་བརྒྱབ་པི་དིག 11དེ་ནས་དེའི་རྗེས་ལེ་མཆོད་སྣུམ་ཉོས་ཏེ་འོང་མཁན་བག་གཡོག་ན་ཆུང་དེ་ཀྱ་ཟང་སླེབས་ཕེན། རྒན། རྒན། ཉེད་ལེ་སྒོ་ཕྱེ་རོགས་ཟིན་ཞུས་ནའང་། 12མག་པ་ཁོས། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་ཀྱ་སུ་ཡིན་དོ་ངས་ངོ་མི་ཤེས་འོད་ཟེར་གྱི་དིག 13འོ་དེའི་ཆེད་དུ་ཁྱེད་ཀྱ་ཀྱིས་ཉིན་མ་དིང་དུས་ཚོད་ཧ་མི་གོ་འོད་ཕེན། གཟབ་གཟབ་བྱས་ཏེ་སྡོད་ཅིག་ཟིན་གསུངས་པི་དིག
གཡོག་པོ་གསུམ་གྱི་དཔེ་སྐོར།
14ཡེ་ཤུས་ཡང་དང་མུ་མཐུད་དེ་སློབ་མ་ཀྱ་ལེ། མི་ཞིག་ཡུལ་གཞན་ལེ་མ་འགྲོ་བའི་སྔོན་ལེ་རང་གི་གཡོག་པོ་ཀྱ་ཤོག་དང་སྨྲས་ཏེ། རང་ལེ་འོད་ཡོད་རྒྱུ་ནོར་འོད་ཚད་གཡོག་པོ་ཀྱ་ཀྱི་ལག་ལེ་གཏད་དི་དིག 15དེ་ནས་གཡོག་པོ་རང་སོ་སོའི་འཇོན་ཐང་ལེ་བསྟུན་ཏེ། གཅིག་ལེ་གསེར་ཊང་ལྔ་སྟོང་དིང༌། གཅིག་ལེ་ཉིས་སྟོང་དིང༌། ཡང་གཅིག་ལེ་ཆིག་སྟོང་གཏད་དེ་རྗེས་ལེ་བདག་པོ་ཁོ་རང་བུད་དི་དིག 16དེ་ནས་གསེར་ཊང་ལྔ་སྟོང་འོད་མཁན་ཁོས་ཉོ་ཚོང་བྱས་ཏེ། ཁོ་རང་ལེ་ཁེ་བཟང་གསེར་ཊང་ལྔ་སྟོང་འབྱོར་རི་དིག 17ཡང་གསེར་ཊང་ཉིས་སྟོང་འོད་མཁན་ཁོས་ཟང་ཉོ་ཚོང་བྱས་ཏེ། ཁོ་རང་ལེ་ཁེ་བཟང་གསེར་ཊང་ཉིས་སྟོང་འབྱོར་རི་དིག 18ཡིན་ནའང་། གསེར་ཊང་གཅིག་སྟོང་འོད་མཁན་ཁོས་ས་དོང་ཞིག་དྲུས་ཏེ། དེའི་ནང་ལེ་རང་གི་བདག་པོའི་གསེར་ཊང་དེ་སྦས་ཏེ་བོར་རི་དིག 19དེ་ནས་དུས་ཡུན་རིང་པོའི་རྗེས་ལེ་བདག་པོ་དེ་ལོག་འོངས་ཕེན། བདག་པོ་ཁོས་གཡོག་པོ་དེ་ཀྱ་རྩིས་སྤྲོད་རྩིས་ལེན་བྱས་པི་དིག 20དེ་ནས་གསེར་ཊང་ལྔ་སྟོང་འོད་ཡོད་གཡོག་པོ་ཁོས་གསེར་ཊང་ལྔ་སྟོང་འཁྱེར་འོངས་ཏེ། བདག་པོའོ། གཟིགས་དང༌། ང་ལེ་གསེར་ཊང་ལྔ་སྟོང་ཁེ་བཟང་འབྱོར་བྱུང་ཞུས་ཕེན། 21བདག་པོ་ཁོས་ཁོ་ལེ། བློ་འགེལ་བགྱིད་ཆོག་པའི་གཡོག་པོ་བཟང་པོ་ཁྱོད་ཀྱིས་དངོས་པོ་ཉུང་མ་ཞིག་གི་དོན་ལེ་དྲང་པོ་བྱས་ཕེན། ད་ཁྱོད་རང་དངོས་པོ་མང་པོའི་གཉེར་པ་ལེ་བསྐོ་གྱི་ཡིན། ད་ཁྱོད་རང་ངའི་སྐྱེན་ལེ་དགའ་སྤྲོ་བགྱིད་དུ་ཤོག་ཅིག་སྨྲས་པི་དིག 22ཡང་གསེར་ཊང་ཉིས་སྟོང་འོད་ཡོད་གཡོག་པོ་ཁོས་ཟང་གསེར་ཊང་ཉིས་སྟོང་དེ་འཁྱེར་འོངས་ཏེ། བདག་པོའོ། གཟིགས་དང༌། ང་ལེ་གསེར་ཊང་ཉིས་སྟོང་ཁེ་བཟང་འབྱོར་བྱུང་ཞུས་ཕེན། 23བདག་པོ་ཁོས་ཁོ་ལེ། བློ་འགེལ་བགྱིད་ཆོག་པའི་གཡོག་པོ་བཟང་པོ་ཁྱོད་ཀྱིས། དངོས་པོ་ཉུང་མ་ཞིག་གི་དོན་ལེ་དྲང་པོ་བྱས་ཕེན། ཁྱོད་རང་དངོས་པོ་མང་པོའི་གཉེར་པ་ལེ་བསྐོ་གྱི་ཡིན། ད་ཁྱོད་རང་ངའི་སྐྱེན་ལེ་དགའ་སྤྲོ་བགྱིད་དུ་ཤོག་ཅིག་སྨྲས་པི་དིག 24དེ་ནས་ཡང་གསེར་ཊང་གཅིག་སྟོང་འོད་ཡོད་གཡོག་པོ་ཁོས་ཟང་གསེར་ཊང་གཅིག་སྟོང་དེ་འཁྱེར་འོངས་ཏེ། བདག་པོའོ། ཁྱེད་ནི་མ་བཏབ་སྟེ་རྔ་བ་དིང་། ས་ངོན་མ་གཏོར་རི་སྡུད་མཁན་མི་དྲག་པོ་ཞིག་ཡིན་དི་ངས་ཧ་གོ་འོད་ཕེན། 25ངས་ཁྱེད་ལེ་འཇིགས་ཏེ་གསེར་ཊང་དེ་ས་དོང་ནང་ལེ་སྦས་ཏེ་བོར་རི་ཡིན། གཟིགས་དང༌། ཁྱེད་ཀྱི་གསེར་ཊང་འདི་རུ་འོད་ཆེ་ཞུས་པི་དིག 26ཡིན་ནའང་། བདག་པོས་ཁོ་ལེ། གཡོག་པོ་ངན་པ་དིང་ལེ་ལོ་ཅན་ཁྱོད། ངས་མ་བཏབ་སྟེ་རྔ་བ་དིང་། ས་ངོན་མ་གཏོར་རི་སྡུད་མཁན་ཞིག་ཡིན་དི་ཁྱོད་ཀྱིས་ཧ་གོ་འོད་ནི། 27འོ་ནེ། ཁྱོད་ཀྱིས་ངའི་གསེར་ཊང་དེ་དངུལ་ཁང་ལེ་ཅི་ལེ་མི་འབོར་རི་ཡིན་དོ། ད་ལྟ་ང་ལེ་མ་རྩ་དིང་སྐྱེད་ཁ་གཉིས་སྐྱེན་ལེ་ལེན་རྒྱུ་འབྱོར་གྱི་དིག་ཟིན། 28གཡོག་པོ་ཁོའི་ལག་ནས་གསེར་ཊང་གཅིག་སྟོང་འོད་ཡོད་དེ་བླངས་ཏེ། གསེར་ཊང་ཁྲི་གཅིག་འོད་ཡོད་ཁོ་ལེ་གཏོད་ཅིག 29ཅི་ལེ་ཟེར་ནི། མང་པོ་འོད་མཁན་དེ་ལེ་འཛིན་མང་ང་སྟེར་གྱི་དིག ཡིན་ནའང་། མེད་མཁན་དེ་ལེ་འོད་ཡོད་ཟང་ཕ་ལེ་འཁྱེར་གྱི་དིག 30ཕན་ཐོག་མེད་མེད་གཡོག་པོ་དེ་ངུ་སྐད་དིང་སོ་ཁྲིག་ཁྲིག་བགྱིད་ས་ཕྱིའི་མུན་ནག་ནང་ལེ་གཡུགས་ཤིག་སྨྲས་པི་དིག་ཟིན་དཔེ་ཞིག་བསྟན་གནང་སྟེ་གསུངས་པི་དིག
མ་འོངས་དུས་ཀྱི་ཁྲིམས་གཅོད་ཀྱི་སྐོར།
31མིའི་བི་ས་ཁོ་རང་ཕོ་ཉ་དིང་སྐྱེན་ལེ་གཟི་བརྗིད་ངང་ནས་འོང་རྒྱ། གཟི་བརྗིད་འོད་ཡོད་རང་གི་བཞུགས་ཁྲི་ལྟག་ག་ལེ་སྡོད་དི་དིང༌། 32ཡང་མི་རིགས་ཡེ་རེ་ཁོང་གི་མདུན་དུ་འཛོམས་འོངས་ཏེ། ལུག་རྫི་ཞིག་གིས་ར་དིང་ལུག་དབྱེ་འབྱེད་བྱས་པི་ཅོག་འདྲ། མི་དེ་ཀྱ་ལེ་ཟང་དབྱེ་འབྱེད་བྱས་ཏེ། 33ལུག་ཡེ་རེ་ཁོང་གི་གཡས་ཕྱོགས་ལེ་དིང་། ཡང་ར་ཡེ་རེ་ཁོང་གི་གཡོན་ཕྱོགས་ལེ་བོར་གྱི་ཡིན་དིག 34དེ་ནས་རྒྱལ་པོ་ཁོས་གཡས་ཕྱོགས་འོད་ཡོད་ཡེ་རེ་ལེ། ངའི་ཨ་ཀྱི་བྱིན་གྱིས་རླབས་པ་ཁྱེད་ཀྱ་ཤོག འཇིག་རྟེན་བཀོད་པ་ནས་ཕེན་ཁྱེད་ཀྱི་ཆེད་དུ་དཀོན་མཆོག་གིས་བཤམས་པའི་རྒྱལ་ཁབ་འདི་ལེ་དབང་འཛིན་གྱིས་ཤིག 35ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་ང་ལྟོགས་པའི་དུས་ལེ་ཟ་མ་སྦྱིན། ཁ་སྐོམ་པོའི་དུས་ལེ་བཏུང་རྒྱུ་སྦྱིན། ངོ་མི་ཤེས་མཁན་ལེ་གནས་ཚང་གཡར། 36གོས་གྱོན་རྒྱུ་མེད་དི་དུས་ལེ་གྱོན་རྒྱུ་སྦྱིན། ན་ཚ་བྱུང་བའི་དུས་ལེ་ནད་གཡོག་རྒྱུགས། ང་བཙོན་ཁང་ལེ་འོད་ཀྱ་མཐུག་ཏུ་སླེབས་བྱུང་ཟིན་གསུང་གྱི་དིག 37དེ་ནས་དྲང་བདེན་གྱི་མི་དེ་ཀྱ་ཀྱིས། རྒྱལ་པོའོ། ཉེད་ཀྱ་ཀྱིས་ཁྱེད་རང་ལྟོགས་པ་དིང་། ཁ་སྐོམ་པོ། 38ཁྱེད་ལེ་གོས་གྱོན་རྒྱུ་མེད་པ། གནས་ཚང་མེད་པ། ཞལ་ཟས་མེད་པ། 39ན་ཚ་དིང་། བཙོན་ལེ་མཐོང་སྟེ་ནམ་ཐུག་ཏུ་སླེབས་བྱུང་གོ་ཟེར་གྱི་དིག 40ཡང་རྒྱལ་པོས་ཁོང་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་ཀྱ་ཀྱིས་ངའི་སྤུན་ཆུང་ཤོས་འདི་ཀྱ་ཀྱི་ནང་ནས་གཅིག་ལེ་འོ་དེ་གི་ཅོག་འདྲ་བྱས་པི་ཙམ་གྱིས། ང་ལེ་བྱས་པི་དིང་ཁྱད་མེད་གསུང་གྱི་དིག 41དེ་ནས་ཡང་ཁོང་གིས་གཡོན་ཕྱོགས་ལེ་འོད་ཡོད་དེ་ཀྱ་ལེ། དམོད་མོ་ཕོག་པ་ཁྱེད་ཀྱ། ངའི་མདུན་ནས་ཁ་བྲལ་ཏེ་བདུད་རྒྱལ་པོ་དིང་ཁོའི་ཕོ་ཉ་ཀྱ་ཀྱི་ཆེད་དུ་གྲ་སྒྲིག་བཟོས་འོད་ཡོད་ཤི་རྒྱུ་མེད་མེད་མེའི་ནང་ལེ་རྒྱུགས་ཤིག 42ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་ང་ལྟོགས་པའི་དུས་ལེ་ཟ་མ་མ་སྦྱིན། ཁ་སྐོམ་པོའི་དུས་ལེ་བཏུང་རྒྱུ་མ་སྦྱིན། 43ངོ་མི་ཤེས་མཁན་ལེ་གནས་ཚང་མ་གཡར། གོས་གྱོན་རྒྱུ་མེད་དི་དུས་ལེ་གྱོན་རྒྱུ་མ་སྦྱིན། ན་ཚ་བྱུང་བའི་དུས་ལེ་ནད་གཡོག་མ་བྱས། ང་བཙོན་ཁང་ལེ་འོད་ཀྱ་མཐུག་ཏུ་མ་ཡོང་པི་དིག་ཟིན་གསུང་གྱི་དིག 44དེ་ནས་ཁོང་ཀྱ་ཀྱིས་ཟང༌། རྒྱལ་པོའོ། ཉེད་ཀྱ་ཀྱིས་ཁྱེད་རང་ལྟོགས་པི་དིང་། ཁ་སྐོམ་པོ། གནས་ཚང་མེད་པ། གོས་གྱོན་རྒྱུ་མེད་པ། ན་ཚ་བྱུང་བ། བཙོན་ལེ་འོད་དི་མཐོང་སྟེ་ནམ་རོགས་ལམ་བྱས་བྱུང་གོ་ཟེར་གྱི་དིག 45ཡང་རྒྱལ་པོས་ཁོང་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་ཀྱ་ཀྱིས་ངའི་སྤུན་ཆུང་ཤོས་འདི་ཀྱ་ཀྱི་ནང་ནས་གཅིག་ལེ་འོ་དེ་གི་མ་བྱས་འོད་ཕེན། ང་ལེ་ཟང་མ་བྱས་པི་དིང་ཁྱད་མེད་ཟིན་གསུང་གྱི་དིག 46དེ་ནས་མི་འདི་ཀྱ་ནི་མཐའ་མེད་པའི་ཆད་པ་ཕོག་སའི་ནང་ལེ་འགྲོ་བ་དིང་། ཡང་དྲང་བདེན་གྱི་མི་དེ་ཀྱ་ནི་མཐའ་མེད་པའི་ཚེ་སྲོག་གི་ནང་ལེ་འགྲོ་གྱི་དིག་ཟིན་གསུངས་པི་དིག །

Currently Selected:

མད་ཐཱ། 25: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in