མད་ཐཱ། 26
26
ལེའུ་ཉི་ཤུ་རྩ་དྲུག
ཡེ་ཤུ་དགྲོང་རྒྱུ་སྐོར་ལེ་ཇུས་ངན་བྱས་པ།
1དེ་ནས་ཡེ་ཤུས་བཀའ་དེ་གསུངས་ཚར་རི་རྗེས་ལེ། ཁོང་གིས་རང་གི་སློབ་མ་ཀྱ་ལེ། 2ཉིན་མ་གཉིས་ཀྱི་རྗེས་ལེ་སྲོག་ཐར་རི་དུས་ཆེན་དེ་སླེབས་འགྲོ་བ་ནི། ཁྱེད་ཀྱ་ཀྱིས་ཧ་གོ་འོད་དིག མིའི་བི་ས་ཁོ་རང་གདུང་མ་ཀུ་རུ་ཁ་ལེ་བརྒྱངས་ཏེ་གསོད་རྒྱུ་ཆེད་དུ། དགྲའི་ལག་ལེ་གཏོད་ཀྱི་དིག་ཟིན་གསུངས་པི་དིག#26.2 སྲོག་ཐར་རི་དུས་ཆེན་ཟེར་རི་དོན་ནི། དཀོན་མཆོག་གིས་ཨེ་ཇེབ་ལུང་པ་ནས་ཡ་ཧུ་དཱ་པའི་མི་རིགས་ཀྱ་སྡུག་རྩུབ་ཀྱི་འཚོ་བ་ནས་སྐྱབས་གནང་པའི་དྲན་གསོའི་དུས་ཆེན་ཞིག་ཡིན། 3དེ་ནས་མཆོད་པ་འབུལ་མཁན་ཀྱ་དིང་། ཡུལ་གྱི་རྒན་མི་ཀྱ། ཀ་ཡ་ཕཱ་ཟེར་མཁན་མཆོད་པ་འབུལ་མཁན་གཙོ་བོའི་ཕོ་བྲང་གི་དྭངས་ར་ནང་ལེ་འཛོམས་འོངས་པི་དིག 4ཡང་མི་དེ་ཀྱ་ཀྱིས་ནང་གྲོས་བྱས་ཏེ། ཡེ་ཤུ་དགྲོང་རྒྱུ་སྐོར་ལེ་ཇུས་ངན་བཏིང་པི་དིག 5ཡིན་ནའང་། ཁོང་ཀྱ་ཀྱིས་དུས་ཆེན་ལེ་ཡེ་ཤུ་འཛིན་བཟུང་མི་བགྱིད་རོ། གལ་སྲིད་འཛིན་བཟུང་བྱས་པི་ཡིན་ནི། ཡུལ་མི་ཀྱ་ཀྱིས་ཟིང་ཆ་བསླང་འོང་ཟིན་འོད་དིག
རིན་ཐང་ཆེ་བའི་སྤོས་ཆུ་བླུགས་པ།
6དེ་ནས་ཡེ་ཤུ་པེ་ཐན་ཡཱ་ཟེར་རི་ཡུལ་ཞིག་གི་ནང་ལེ། སྔོན་མ་མཛེ་ནད་ཕོག་མྱོང་འོད་ཡོད་སི་མོན་ཟེར་མཁན་སྐྱེས་པ་ཁོའི་ཁྱིམ་ནང་ལེ་བཞུགས་པི་དིག 7དེ་ནས་ཁོང་གསོལ་བ་བཞེས་གནང་རྒྱ། བུ་མའ་ཞིག་གིས་རྡོ་ཀ་མ་རུའི་བུམ་པའི་ནང་ལེ། རིན་ཐང་ཆེ་བའི་སྤོས་ནས་བཟོས་པའི་དྲི་ཞིམ་གྱི་ཆུ་ཞིག་ཁྱེར་འོངས་ཏེ། ཁོང་གི་དབུ་ལེ་བླུགས་པི་དིག 8གནས་ཚུལ་འདི་སློབ་མ་ཀྱ་ཀྱིས་དེ་མཐོང་སྟེ་ཞེ་སྡང་ལངས་ཕེན། ཕན་ཚུན་བར་ལེ། དྲི་ཞིམ་ཆུ་འདི་ཅིའི་དོན་ལེ་འཕྲོ་བརླག་གཏོང་གི་ཡིན་དོ། 9དྲི་ཞིམ་ཆུ་འདི་རིན་ཆེན་པོ་ལེ་བཙོངས་ཏེ། སྤྲང་པོ་ཀྱ་ལེ་བྱིན་ནི་ཅི་གི་དགའ་འོད་དི་གོ་སྨྲས་པི་དིག 10དེ་ནས་ཡེ་ཤུས་དེ་མཁྱེན་ཏེ། སློབ་མ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཅི་ལེ་མོ་ལེ་སྡུག་པོ་གཏོང་གྱི་ཡིན་དོ། མོས་ང་ལེ་ལས་བཟང་པོ་ཞིག་བྱས་པི་དིག 11སྤྲང་པོ་ཀྱ་ནི་དུས་རྒྱུན་དུ་ཁྱེད་ཀྱ་དིང་སྐྱེན་ལེ་འོད་དིག ཡིན་ནའང་། ང་དུས་རྒྱུན་དུ་ཁྱེད་ཀྱ་ཀྱི་སྐྱེན་ལེ་མེད་དིག 12མོས་ང་མགྱོགས་པོ་ཤི་རྒྱུ་ཡིན་ཧ་གོ་སྟེ། ངའི་ལུས་ལེ་དྲི་ཞིམ་ཆུ་འདི་བླུགས་ཏེ། ངའི་རོ་དུར་ཁང་ལེ་སྦས་རྒྱུ་ལེ་གྲ་སྒྲིག་བྱས་པི་དིག 13ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། འཇིག་རྟེན་ཀུན་ལེ་ངའི་གཏམ་བཟང་འདི་ཤོད་རྒྱ། མོས་ཅི་བྱས་དེ་ཟང་དྲན་རྒྱུ་ཆེད་དུ། གཏམ་གླེང་བགྱིད་ཀྱི་དིག་ཟིན་གསུངས་པི་དིག
ཡུ་དཱས་ཡེ་ཤུ་དགྲའི་ལག་ལེ་གཏོད་རྒྱུ་ལེ་ཁས་ལེན་བྱས་པ།
14དེ་ནས་སློབ་མ་བཅུ་གཉིས་ཀྱི་ནང་ནས་ཡུ་དཱ་ཨི་སི་ཀར་རེ་ཟེར་མཁན་ཁོས། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་ཀྱི་རྩ་ལེ་ཕྱིན་ཏེ། 15ཁོང་ཀྱ་ལེ་གལ་སྲིད་ངས་ཡེ་ཤུ་ཁྱེད་ཀྱ་ཀྱི་ལག་ལེ་གཏད་ནི། ཁྱེད་ཀྱ་ཀྱིས་ང་ལེ་ཅི་སྟེར་གྱི་ཡིན་དོ་ཟིན་དྲིས་ཕེན། མཆོད་པ་འབུལ་མཁན་ཀྱ་ཀྱིས་ཁོ་ལེ་དངུལ་གྱི་སྒོར་མོ་སུམ་ཅུ་གྲངས་ཀ་བརྒྱབ་སྟེ་གཏད་དི་དིག 16དུས་དེ་ནས་ཕྱིན་ཆད། ཡུ་དཱ་ཨི་སི་ཀར་རེ་ཁོས་ཡེ་ཤུ་མི་དེ་ཀྱ་ཀྱི་ལག་ལེ་གཏོད་རྒྱུ་གོ་སྐབས་བཙལ་ལི་དིག
སྐྱུར་རྩི་མེད་མེད་སྒོར་ཕྱེའི་དུས་ཆེན།
17སྐྱུར་རྩི་མེད་མེད་སྒོར་ཕྱེའི་དུས་ཆེན་གྱི་ཉིན་མ་དང་པོ་དེ་ལེ། སློབ་མ་ཀྱ་ཡེ་ཤུའི་མདུན་དུ་འོངས་ཏེ། ཁོང་ལེ། ཁྱེད་ཀྱིས་སྲོག་ཐར་རི་དུས་ཆེན་གྱི་ཞལ་ལག་བཞེས་རྒྱུ་དོན་ལེ་ཉེད་ཀྱ་ཀྱིས་ག་ན་ལེ་གྲ་སྒྲིག་བགྱིད་རྒྱུ་ཟིན་དྲིས་པི་དིག 18ཁོང་གིས་ཁྱེད་ཀྱ་རྒྱལ་སའི་ནང་ལེ་རྒྱུགས་དང་། ཁྱེད་ཀྱ་ལེ་རྒྱལ་ས་དེ་རུ་མི་ཞིག་ཐུག་གྱི་དིག དེ་ནས་ཁྱེད་ཀྱ་ཀྱིས་ཁོ་ལེ། ངའི་སློབ་དཔོན་གྱིས་ངའི་དུས་ཚོད་སླེབས་འདུག ང་རང་གི་སློབ་མ་ཀྱ་དིང་སྐྱེན་ལེ། ཁྱེད་ཀྱི་ཁང་པ་ལེ་སྲོག་ཐར་བའི་དུས་ཆེན་གྱི་ཕོ་ལེ་གཏོང་གྱི་ཡིན་ཟིན་འདུག་སྨྲོས་ལེད་ཟིན་གསུངས་པི་དིག 19དེ་ནས་སློབ་མ་ཀྱ་ཀྱིས་ཟང་ཡེ་ཤུའི་བཀའ་གསུང་ཅོག་འདྲ། སྲོག་ཐར་རི་དུས་ཆེན་གྱི་གསོལ་སྟོན་བཤམས་པི་དིག 20དེ་ནས་དགོངས་མོའི་དུས་ལེ་ཡེ་ཤུས་རང་གི་སློབ་མ་བཅུ་གཉིས་ཀྱ་སྐྱེན་ལེ་གསོལ་སྟོན་བཞེས་རྒྱུ་ཆེད་དུ་མར་བཞུགས་པི་དིག 21ཡང་ཁོང་ཀྱ་གསོལ་བ་མཆོད་རྒྱ། ཁོང་གིས་སློབ་མ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་ཀྱ་ཀྱི་ནང་ནས་མི་གཅིག་གིས་ང་དགྲའི་ལག་ལེ་གཏོད་ཀྱི་དིག་ཟིན་གསུངས་ཕེན། 22ཁོང་ཀྱ་ཡེ་རེ་བློ་ཕམ་ཆེན་པོས་ངང་ནས། མི་རེ་རེ་བྱས་ཏེ་ཁོང་ལེ། ཇོ་བོ། མི་དེ་ང་ཡིན་སྲིད་ཀྱི་མ་དིག་ཟིན་ཞུས་ཕེན། 23ཁོང་གིས་སློབ་མ་ཀྱ་ལེ། ད་ལྟ་ངའི་སྐྱེན་ལེ་ཕོར་རུ་ནང་ལེ་སྒོར་ཕྱེ་སྦངས་ཏེ་བཟའ་མཁན་དེས་ང་དགྲའི་ལག་ལེ་གཏོད་ཀྱི་དིག 24ཡིན་ནའང་། དཀོན་མཆོག་གི་གསུང་རབ་ནང་ལེ། མིའི་བི་སའི་སྐོར་ལེ་ལུང་ཅི་བསྟན་པི་ཅོག་འདྲ་ཤི་དགོས་བྱུང་ནའང་། རྙིང་རྗེ། མིའི་བི་ས་དགྲའི་ལག་ལེ་གཏོད་མཁན་མི་དེ་འཇིག་རྟེན་འདི་རུ་སྐྱེས་པ་ལས་མ་སྐྱེས་ནི་དགའ་ཤོས་ཡིན་དིག་ཟིན་གསུངས་པི་དིག 25དེ་ནས་དགྲའི་ལག་ལེ་གཏོད་མཁན་ཡུ་དཱ་ཁོས། ཡེ་ཤུ་ལེ། སློབ་དཔོན། མི་དེ་ང་ཡིན་གས་ཟིན་དྲིས་ཕེན། ཁོང་གིས་ཁྱོད་ཀྱིས་སྨྲས་པི་ཅོག་འདྲ་ཡིན་དིག་ཟིན་གསུངས་པི་དིག
ཇོ་བོའི་དྲན་གསོ་ཀྱི་གསོལ་སྟོན།
26ཡང་ཁོང་ཀྱ་ཀྱིས་གསོལ་བ་བཞེས་གནང་རྒྱ། ཡེ་ཤུས་སྒོར་ཕྱེ་ཕྱག་ལེ་བསྣམས་ཏེ། དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུས་པའི་རྗེས་ལེ། སྒོར་ཕྱེ་དེ་ཕྱེད་ཀ་བཏང་སྟེ་སློབ་མ་ཀྱ་ལེ་བྱིན་ཏེ། འདི་ནི་ངའི་ལུས་པོ་ཡིན་ཕེན། ཁྱེད་ཀྱ་ཀྱིས་ལོངས་དང་ཟོ་ཞིག་ཟིན་གསུངས་པི་དིག 27དེ་ནས་ཡང་དང་ཁོང་གིས་ཕོར་རུ་ཕྱག་ལེ་བསྣམས་ཏེ་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུས་པའི་རྗེས་ལེ། སློབ་མ་ཀྱ་ལེ་ཕོར་རུ་གཏད་དེ། ཁྱེད་ཡེ་རེས་འདི་ནས་འཐུངས་ཤིག 28འདི་ངའི་ཁྲག་ཡིན་དི་མ་ཟད། ཞལ་ཆད་ཀྱི་ཁྲག་འདི་མི་མང་པོའི་སྡིག་ཉེས་སེལ་བའི་ཆེད་དུ་བླུག་གྱི་དིག 29ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། དུས་ད་ནས་ཕྱིན་ཆད། ངའི་ཨ་ཀྱི་རྒྱལ་ཁབ་ནང་ལེ། ཁྱེད་ཀྱ་དིང་སྐྱེན་ལེ་རྒུན་ཆང་འཐུང་རྒྱུ་ཉིན་མོ་དེ་མ་སླེབས་བར་དུ། ངས་རྒུན་ཆང་རྩ་བ་ནས་འཐུང་གྱི་མན་ཟིན་གསུངས་པི་དིག 30དེ་ནས་ཁོང་དིང་སློབ་མ་ཀྱ་ཀྱིས་བསྟོད་གླུ་ཕུལ་ནུས་པའི་རྗེས་ལེ་སྐྱུར་རུ་ཟེར་དེའུ་ལེ་ཕེབས་པི་དིག
ཡེ་ཤུས་པེ་ཏྲོའི་སྐོར་ལེ་ལུང་བསྟན་གནང་བ།
31དེ་ནས་ཡང་ཡེ་ཤུས་སློབ་མ་ཀྱ་ལེ། ངའི་རྐྱེན་གྱིས་ཁྱེད་ཡེ་རེ་མཚན་མོ་འདི་རང་དུ་ཁྱེད་ཀྱ་ང་དིང་བྲལ་ཏེ་འབྲོས་འགྲོ་གྱི་དིག ཅི་ལེ་ཟེར་ནི། དཀོན་མཆོག་གི་གསུང་རབ་ཀྱི་ནང་ལེ།
ངའི་ལུག་རྫི་ལེ་རྡུང་། །
རྗེས་ལེ་ལུག་ཁྱུ་འཐོར། །
ཟིན་བྲིས་འོད་དིག་ཟིན་གསུངས་པི་དིག#26.31 ཚིགས་བཅད་འདི་ནི་ལུང་སྟོན་པ་ཟེ་ཀ་རི་ཡཱས་བྲིས་པའི་མདོ་ལེའུ་ 13 ཨང་ 7 ནང་ལེ་གཟིགས་རོགས། 32ཡིན་ནའང་། ང་ཤི་བའི་རྗེས་ལེ་ཡང་དང་གསོན་ཏེ། ཁྱེད་ཀྱ་ཀྱི་སྔོན་ལེ་ང་ག་ལིལ་ལུང་པ་ལེ་འགྲོ་གྱི་ཡིན་ཟིན་གསུངས་པི་དིག 33དེ་ནས་པེ་ཏྲོས་ཡེ་ཤུ་ལེ། ཁྱེད་ལེ་ཅི་འབྱུང་རྒྱུ་ཡིན་དི་རྐྱེན་གྱིས་མི་ཡེ་རེ་ཁྱེད་ནས་ཁ་བྲལ་ནའང་། ང་ནི་ཁྱེད་དིང་དུས་ནམ་ཟང་ཁ་འབྲལ་གྱི་མན་སྨྲས་ཕེན། 34ཡེ་ཤུས་ཁོ་ལེ། ང་ཁྱོད་ལེ་བདེན་པ་ཟེར་རོ། ད་རིང་གི་མཚན་མོ་བྱ་ཕོས་བྱ་སྐད་མ་རྒྱག་པའི་སྔོན་ལེ། ཁྱོད་ཀྱིས་ང་སུ་ཡིན་མིན་ངོ་མི་ཤེས་འོད་ཟིན་ལན་མ་གསུམ་ཟེར་གྱི་དིག་ཟིན་གསུངས་པི་དིག 35དེ་ནས་པེ་ཏྲོས་ཁོང་ལེ། ང་ཁྱེད་ཀྱི་སྐྱེན་ལེ་ཤི་དགོས་འབྱུང་ནའང་། ངས་ཁྱེད་རང་སུ་ཡིན་མིན་ངོ་མི་ཤེས་འོད་ཟེར་གྱི་མན་སྨྲས་ཕེན། སློབ་མ་གཞན་མ་ཀྱ་ཀྱིས་ཟང་འདི་ཅོག་འདྲ་སྨྲས་པི་དིག
གེད་སེམ་མཱ་ནེ་ས་ཆ་ལེ་གསོལ་བ་བཏབ་པ།
36དེ་ནས་ཡེ་ཤུ་དིང་སློབ་མ་ཀྱ་སྐྱེན་ལེ། གེད་སེམ་མཱ་ནེ་ཟེར་རི་ས་ཆ་ལེ་ཕེབས་ཏེ། ཁོང་གིས་སློབ་མ་ཀྱ་ལེ། ང་ནི་གསོལ་བ་འདེབས་དུ་འགྲོ་གྱི་ཡིན། ཁྱེད་ཀྱ་ས་ཆ་འདི་རུ་སྡོད་ཅིག་ཟིན་གསུངས་པི་དིག 37དེ་ནས་སློབ་མ་ཀྱ་ཀྱི་ནང་ནས་པེ་ཏྲོ་དིང་ཟེ་བད་ཡཱ་ཟེར་མཁན་གྱི་བི་ས་གཉིས་པོ་དེ་འཁྲིད་དེ་ཕེབས་པི་དིག དེ་རྒྱ་ཡེ་ཤུའི་སེམས་ལེ་དཀའ་ངལ་ཆེན་པོ་བྱུང་ཕེན། 38ཁོང་གིས་སློབ་མ་གསུམ་པོ་དེ་ལེ། ང་སེམས་སྡུག་ཆེན་པོའི་རྐྱེན་གྱིས་ཤི་ལྷག་འདུག ངའི་སྐྱེན་ལེ་འདི་རུ་གཉིད་མ་ལོག་སྟེ་དོགས་ཟོན་གྱིས་ཤིག་ཟིན་གསུངས་པི་དིག 39དེ་ནས་ཁོང་ཅུང་མ་ཕར་ཚོད་ཕེབས་ཏེ་པུས་མོ་ས་ལེ་བཙུགས་ཏེ། ངའི་ཨ་ཀྱེ། གལ་སྲིད་སྒྲུབ་སྲིད་ནི་དཀའ་ངལ་གྱི་ཕོར་རུ་འདི་ང་ནས་ཕ་ལེ་ལེན་རོགས། ཡིན་ནའང་། ངའི་འདོད་པ་ཅོག་འདྲ་མན། ཁྱེད་ཀྱི་ཐུགས་དགོངས་ཅོག་འདྲ་འགྲུབ་པར་ཤོག་ཟིན་གསོལ་བ་བཏབ་པི་རྗེས་ལེ། 40ཡང་དང་སློབ་མ་ཀྱ་ཀྱི་རྩ་རུ་ཕེབས་འོངས་ཏེ། ཁོང་ཀྱ་གཉིད་ཤོར་འོད་དི་གཟིགས་ཕེན། ཁོང་གིས་པེ་ཏྲོ་ལེ། ཁྱོད་ཀྱིས་གཉིད་མ་ལོག་སྟེ་ཆུ་ཚོད་གཅིག་ཟང་ངའི་སྐྱེན་ལེ་སྡོད་མི་ཐུབ་འདུག་གས། 41གཡོ་སྒྱུ་ཉམས་ཚོད་འོག་ལེ་མི་ཤོར་པའི་དོན་ལེ་དོགས་ཟོན་བྱས་ཏེ་གསོལ་བ་སྨོན་ལམ་ཐོབ་ཅིག ཁྱོད་ཀྱི་སེམས་པས་བགྱིད་དགོས་བསམས་ནའང་། ཁྱོད་ཀྱི་ལུས་ལེ་ནུས་པ་མེད་དིག་ཟིན་གསུངས་པི་དིག 42ཡང་དང་ལན་མ་གཉིས་པ་ཁོང་ཕ་ལེ་ཕེབས་ཏེ། ངའི་ཨ་ཀྱེ། དཀའ་ངལ་གྱི་ཕོར་རུ་འདི་ངས་མ་འཐུང་སྟེ། ཕ་ལེ་ལེན་མི་སྲིད་འོད་ནི། ཁྱེད་ཀྱི་ཐུགས་དགོངས་ཅོག་འདྲ་འགྲུབ་པར་ཤོག་ཟིན་གསོལ་བ་བཏབ་པི་དིག 43དེ་ནས་ཡང་དང་ཁོང་ཚུར་ཕེབས་འོང་རྒྱ། ཁོང་གསུམ་པོ་ནི་གཉིད་གཏིང་རིང་པོ་ཤོར་འོད་དི་གཟིགས་ཕེན། 44ཁ་ཡ་མ་བྱས་ཏེ་ཕ་ལེ་ཕེབས་ཏེ། སྔོན་གྱི་ཚིག་དེ་རང་གསུངས་ཏེ་གསོལ་བ་བཏབ་པི་དིག 45དེའི་རྗེས་ལེ་ཁོང་སློབ་མ་གསུམ་པོའི་རྩ་རུ་ཕེབས་འོངས་ཏེ། ད་ཁྱེད་ཀྱ་ད་རུང་གཉིད་ལོག་སྟེ་ངལ་གསོ་བ་ཡིན་དས། ལྟོས་དང་། མིའི་བི་ས་ང་སྡིག་ཅན་ཀྱ་ཀྱི་ལག་ལེ་གཏོད་རེན་འདུག 46ལོངས་དང་། ད་འོ་རང་ཀྱ་འགྲོ། ང་དགྲའི་ལག་ལེ་གཏོད་མཁན་དེ་ཉེ་འགྲམ་ལེ་སླེབས་འདུག་ཟིན་གསུངས་པི་དིག
ཡེ་ཤུ་འཛིན་བཟུང་བྱས་པ།
47དེ་ལོང་མེད་སློབ་མ་བཅུ་གཉིས་ནང་ནས་ཡུ་དཱ་དིང་ཁོའི་སྐྱེན་ལེ། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཡང་ཡུལ་གྱི་རྒན་མི་ཀྱ་ཀྱིས་བརྫངས་པའི་མི་དེ་ཀྱ་ཀྱིས་རལ་གྲི་དིང་རྒྱུག་པ་ཁྱེར་ཏེ་ས་ཆ་དེ་རུ་སླེབས་པི་དིག 48དེ་ནས་ཡེ་ཤུ་དགྲའི་ལག་ལེ་གཏོད་མཁན་ཡུ་དཱ་ཁོས་སྔོན་ལེ་རང་གི་སྐྱེན་ལེ་འོང་མཁན་མི་ཚོགས་ཀྱ་ལེ། ངས་མི་སུ་ལེ་དབུ་གཏུག་བྱས་ནི་འོ་དེ་ཡེ་ཤུ་ཡིན་དིག དེ་ནས་ཁྱེད་ཀྱ་ཀྱིས་ཁོ་ཟིན་ཞིག་སྨྲས་ཏེ་ནང་གྲོས་བྱས་པི་དིག 49དེ་ལོང་མེད་ཡུ་དཱ་ཁོ་རང་ཡེ་ཤུའི་ཉེ་འགྲམ་དུ་འོངས་ཏེ། སློབ་དཔོན་བཟང་པོ་ཟིན་འཚམས་འདྲི་ཞུས་ཏེ་ཁོང་ལེ་དབུ་གཏུགས་བྱས་ཕེན། 50ཡེ་ཤུས་ཁོ་ལེ། རོགས་པོ། ཁྱོད་དོན་ཅིའི་ཆེད་དུ་འོངས་པི་དེ་རང་གྱིས་ཤིག་ཟིན་གསུངས་པི་དིག དེའི་རྗེས་ལེ་མི་དེ་ཀྱ་འོངས་ཏེ། ཡེ་ཤུ་ལེ་འཛིན་བཟུང་བྱས་པི་དིག 51ཡིན་ནའང་། ཡེ་ཤུ་དིང་སྐྱེན་ལེ་འོད་ཡོད་ཀྱ་ནང་ནས་མི་ཞིག་གིས་རལ་གྲི་བཏོན་ཏེ། མཆོད་པ་འབུལ་མཁན་གཙོ་བོའི་གཡོག་པོ་ཁོའི་རྣ་མཆོག་ཡ་གཅིག་བཅད་དི་དིག 52དེ་ནས་ཡེ་ཤུས་ཁོ་ལེ། རལ་གྲི་ཤུབས་ནང་ལེ་ཆུག ཅི་ལེ་ཟེར་ནི། རལ་གྲི་འདོན་མཁན་ཡེ་རེ་རལ་གྲིས་གསོད་ཀྱི་དིག 53ཁྱོད་ཀྱིས་ཅི་སེམས་ཀྱི་གོ། གལ་སྲིད་ངས་ང་རང་གི་ཡབ་ལེ། ངའི་ཆེད་དུ་ཞིང་ཁམས་ཀྱི་ཕོ་ཉའི་དམག་དཔུང་བཅུ་གཉིས་ལས་མང་ཚོད་རྫོངས་རོགས་གྱིས་ཟིན་ཞུ་བ་ཕུལ་ལི་ཡིན་ནི། ཁོང་གིས་དེ་ཀྱ་རྫོངས་མི་གནང་འོད་དི་གས། 54ཡིན་ནའང་། འོ་དེ་གི་བྱས་ནི། གསུང་རབ་ནང་ལེ་བྲིས་པི་ཅོག་འདྲ་ཅི་གི་བྱས་ཏེ་འགྲུབ་རྒྱུ་ཟིན་གསུངས་པི་དིག 55དུས་དེ་རྒྱ་ཁོང་གིས་རང་གི་མཐའ་བསྐོར་ལེ་འོད་ཡོད་མི་ཚོགས་དེ་ཀྱ་ལེ། རལ་གྲི་དིང་རྒྱུག་པ་ཁྱེར་ཏེ་ཇག་པ་འཛིན་བཟུང་བགྱིད་དེ་ཅོག་འདྲ། ང་ལེ་འཛིན་བཟུང་བགྱིད་དུ་འོངས་པི་ཡིན་དས། ང་ཉིན་གྲངས་མཆོད་ཁང་ནང་ལེ་བསྡད་དེ་ཆོས་སྟོན་རྒྱ། ཁྱེད་ཀྱ་ཀྱིས་ང་ཅི་ལེ་འཛིན་བཟུང་མི་བགྱིད་དི་ཡིན་དོ། 56ཡིན་ནའང་། ལུང་སྟོན་པའི་མདོ་ནང་ལེ་བྲིས་པི་ཅོག་འདྲ་ལས་འདི་ཡེ་རེ་འགྲུབ་དགོས་འོད་དིག་ཟིན་གསུངས་པི་རྗེས་ལེ། སློབ་མ་ཀྱ་ཁོང་གཡུགས་ཏེ་བྲོས་བུད་དི་དིག
མཆོད་པ་འབུལ་མཁན་གཙོ་བོའི་ཁྲིམས་ར་ལེ་ཡེ་ཤུ་ཁྲིད་པ།
57ཁོང་ལེ་འཛིན་བཟུང་བགྱིད་མཁན་ཀྱ་ཀྱིས་ཡེ་ཤུ། མཆོད་པ་འབུལ་མཁན་གཙོ་བོ་ཀ་ཡ་ཕཱ་ཁོང་གི་དྲུང་དུ་ཁྲིད་ཕེན། ཆོས་ཁྲིམས་མཁས་པའི་མི་དིང་། རྒན་མི་ཀྱ་ཟང་མཆོད་པ་འབུལ་མཁན་གཙོ་བོའི་དྭངས་རའི་ནང་ལེ་འཛོམས་འོངས་པི་དིག 58དེ་ནས་པེ་ཏྲོ་ཁོ་རང་ཟང་རྒྱང་ནས། ཁོང་གི་རྗེས་འབྲངས་ཏེ། མཆོད་པ་འབུལ་མཁན་གཙོ་བོའི་དྭངས་རའི་ནང་ལེ་འོངས་ཏེ། ཡེ་ཤུ་ལེ་མཇུག་མཐའ་མ་ཅི་བགྱིད་འོད་མེད་བལྟ་རྒྱུ་ཆེད་དུ། སྲུང་དམག་ཀྱ་དིང་སྐྱེན་ལེ་བསྡད་འོད་དིག 59ཡང་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཡ་ཧུ་དཱ་པའི་ཆོས་ཀྱི་གྲོས་ཚོགས་ཀྱི་མི་ཡེ་རེས་ཡེ་ཤུ་སྲོག་ཐོག་གཏོང་རྒྱུ་ཆེད་དུ་རྫུན་གྱི་དཔང་པོ་བགྱིད་མཁན་བཙལ་ལི་དིག 60ཡང་རྫུན་གྱི་དཔང་པོ་བགྱིད་མཁན་མང་པོ་འོངས་ནའང་། ཡེ་ཤུ་ལེ་ཉེས་པ་ཅི་གང་མ་རྙེད་དི་དིག ཡང་མཇུག་མཐའ་མ་དེ་ལེ་མི་གཉིས་འོངས་ཏེ། 61མི་འདིས་ངས་དཀོན་མཆོག་གི་མཆོད་ཁང་བཤིག་སྟེ་ཉིན་མ་གསུམ་ནང་ལེ་ཡང་དང་རྩིག་ནུས་གྱོ་འོད་ཟེར་རི་ཉེད་ཀྱ་ཀྱིས་ཐོས་བྱུང་སྨྲས་ཕེན། 62མཆོད་པ་འབུལ་མཁན་གཙོ་བོ་ཁོང་རང་ཡར་ལངས་ཏེ། ཡེ་ཤུ་ལེ། མི་འདི་ཀྱ་ཀྱིས་ཁ་ནས་ཐོན་པའི་ལབ་དེ་བདེན་རྫུན་ཅི་ཡིན་གོ། ཁྱོད་ལེ་ལན་ཅི་གང་སློག་རྒྱུ་མེད་དས་ཟིན་དྲིས་ནའང་། 63ཡེ་ཤུས་ལབ་ཅི་གང་མ་གསུངས་ཕེན། མཆོད་པ་འབུལ་མཁན་གཙོ་བོ་ཁོས་ཡེ་ཤུ་ལེ། ཁྱོད་ཀྱིས་དུས་གཏན་དུ་བཞུགས་མཁན་དཀོན་མཆོག་ལེ་མནའ་བསྐྱལ་ཏེ། ཁྱོད་རང་དཀོན་མཆོག་གི་སྲས་སྐྱབས་མགོན་དེ། ཡིན་དིང་མིན་དེ་ཉེད་ཀྱ་ལེ་ཤོད་ཅིག་སྨྲས་པི་དིག 64དེ་ནས་ཡེ་ཤུས་ཁོང་ཀྱ་ལེ། ཁྱེད་ཀྱིས་སྨྲས་པི་ཅོག་འདྲ་ཡིན། ཡང་ང་ཁྱེད་ཀྱ་ལེ་ཟེར་རོ། ཁྱེད་ཀྱ་ཀྱིས་མིའི་བི་ས་ཁོང་རང་ཀུན་དབང་དཀོན་མཆོག་གི་ཕྱག་གཡས་ལེ་བཞུགས་ཏེ། ནམ་མཁའི་སྤྲིན་དིང་སྐྱེན་ལེ་འོང་གི་མཐོང་གྱི་དིག་ཟིན་གསུངས་པི་དིག 65དེ་ནས་ལབ་དེ་ཐོས་ཕེན། མཆོད་པ་འབུལ་མཁན་གཙོ་བོ་ཁོས་རང་གི་གོས་ཧྲལ་ཏེ། ཁོས་དཀོན་མཆོག་ལེ་སྐུར་བ་བཏབ་ཕེན། ད་འུ་ལེ་དཔང་པོ་གཞན་མ་ཅི་དགོས་པ་འོད་དི་གོ། ཁྱེད་ཀྱ་ཉོན་ཅིག ཁོས་དཀོན་མཆོག་ལེ་སྐུར་བ་འདེབས་པའི་ཁྱེད་ཀྱ་ཀྱིས་ཟང་ད་ལྟ་ཐོས་པི་དིག 66ད་ཁྱེད་ཀྱ་ལེ་མི་དེའི་སྐོར་ལེ་བསམ་འཆར་ཅི་འོད་དོ་ཟིན་དྲིས་ཏེ། མི་ཚོགས་དེ་ཀྱ་ཀྱིས་མི་འདི་སྲོག་ཐོག་གཏོང་རྒྱུ་མ་གཏོགས། གཞན་ལས་ཇུས་ཅི་གང་མེད་དིག་སྨྲས་ཕེན། 67མི་དེ་ཀྱ་ཀྱིས་ཁོང་གི་ཞལ་ལེ་མཐུ་བརྒྱབ་པི་དིག ཡང་མི་གཞན་མ་ཀྱ་ཀྱིས་ཁོང་ལེ་བརྡུངས་པི་མ་ཟད་འགྲམ་ལྕག་བཞུས་ཏེ། 68ཁོང་ལེ། སྐྱབས་མགོན། ཁྱོད་རང་ལེ་གཞུ་མཁན་དེ་སུ་ཡིན་མིན་དེ་ཉེད་ཀྱ་ལེ་སྨྲོས་དང་སྨྲས་པི་དིག
པེ་ཏྲོས་ཡེ་ཤུ་སུ་ཡིན་མིན་ཁས་མ་བླངས་པ།
69ཡང་པེ་ཏྲོ་ཁོ་རང་དྭངས་རའི་ནང་ལེ་སྡོད་རྒྱ། གཡོག་མོ་ཞིག་ཁོའི་རྩ་རུ་འོངས་ཏེ། ཁྱོད་ཟང་ག་ལིལ་ལུང་པའི་ཡེ་ཤུ་དིང་སྐྱེན་འདྲ་མ་གས་སྨྲས་ཕེན། 70ཁོས་རང་གི་མཐའ་བསྐོར་ལེ་འོད་ཡོད་མི་ཡེ་རེའི་མདུན་ལེ། ཁྱོད་ཀྱིས་ཅི་སྨྲས་པི་ལབ་དེ་ངས་ཧ་མ་གོ་བྱུང་ཟིན་ཁས་མ་བླངས་པི་དིག 71དེ་ནས་ཡང་པེ་ཏྲོ་རྒྱལ་སྒོའི་རྩ་རུ་སླེབས་པི་དིང་། གཡོག་མོ་གཞན་མ་ཞིག་གིས་ཁོ་མཐོང་ཕེན། འདི་རུ་འོད་ཡོད་མི་ཀྱ་ལེ། མི་འདི་ཟང་ནཱ་ཙ་རེལ་པ་ཡེ་ཤུ་དིང་སྐྱེན་ལེ་འོད་དིག་སྨྲས་ཕེན། 72པེ་ཏྲོས་ཡང་དང་མནའ་སྐྱེལ་ཏེ་ངས་མི་དེ་ངོ་མི་ཤེས་འོད་སྨྲས་པི་དིག 73ཡང་ཅུང་མ་རྗེས་ལེ་འདི་རུ་འོད་ཡོད་མི་ཡེ་རེ་པེ་ཏྲོ་འོད་ས་ལེ་འོངས་ཏེ། ཁྱོད་ཟང་ངོ་ཐོག་ཁོང་ཀྱ་ཀྱི་ནང་ནས་གཅིག་ཡིན་དིག ཁྱོད་ཀྱི་སྐད་ལུགས་ནས་ཧ་གོ་འདུག་སྨྲས་ཕེན། 74པེ་ཏྲོས་རང་གིས་རང་ལེ་དམོད་མོ་བརྒྱབ་སྟེ་མནའ་བསྐྱལ་ཏེ། ངས་མི་དེ་ངོ་ཐོག་ངོ་མི་ཤེས་འོད་སྨྲས་ལོང་མེད་བྱ་ཕོས་བྱ་སྐད་བརྒྱབ་པི་དིག 75དེ་ནས་ཡེ་ཤུས་པེ་ཏྲོ་ལེ། ཁྱོད་ཀྱིས་ང་སུ་ཡིན་མིན་ངོ་མི་ཤེས་འོད་ཟིན་བྱ་ཕོས་བྱ་སྐད་མ་རྒྱག་པའི་སྔོན་ལེ་ལན་མ་གསུམ་ཟེར་གྱི་དིག་ཟིན་གསུངས་པི་དེ་དྲན་པ་གསོས་ཕེན། ཕྱི་ལེ་ཕྱིན་ཏེ་འཇུ་གུ་ངུས་པི་དིག །
Currently Selected:
མད་ཐཱ། 26: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.