ལུ་ཀ། 23
23
ཡེ་ཤུ་པི་ལ་ཏུའི་གདོང་དུ།
(མད་ཐཱ། ༢༧:༡-༢,༡༡-༡༤; མར་ཀུ། ༡༥:༡-༥; ཡོ་ཧ་ནན། ༡༨:༢༨-༣༨)
1འོ་དེ་གཤམ་ནས་ཚོགས་མི་གི་རི་ལངས་རེ་ཡེ་ཤུ་ལ་པི་ལ་ཏུའི་གདོང་དུ་ཁྲིད་པ་ལགས། 2ཁོང་ཀྱ་ཡིས་ཁོང་པ་ལ་དེ་རེ་སྐྱོན་བཙུགས་ཏེ་སྨྲས་བ་ལགས། མི་འདིས་འོ་རི་མི་ཀྱ་ལ་ཁོག་པ་རྒྱང་གིན་དང་རོ་མཱ་པ་རྒྱལ་བོ་ཀེ་སར་ལ་ཁྲལ་འཇང་ཡས་ལ་མི་ཀྱ་ལ་བཀག་གིན་དང་ཁོ་རང་ལ་རྒྱལ་བོ་མཱ་ཤི་ཀ་ཡིན་སྨྲ་གིན་གོ་འི་ཀིས་མཐོང་སོང་།
3འོ་བྱས་རེ་པི་ལ་ཏུ་ཡིས་ཁོང་པ་ལ་དྲིས་བ་ལགས། ཁྱོད་ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་གོ་ཡིན་ནས།
དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ཁྱེད་རང་གིས་དེ་རེ་གསུངས་ང་ལགས།
4དེ་ནས་པི་ལ་ཏུ་ཡིས་མཆོད་དཔོན་ཆེ་ཀྱ་དང་མི་ཚོགས་ཀྱ་ལ་སྨྲས་བ་ལགས། ངས་མི་དེ་ལ་སྐྱོན་བཅུག་དགོས་ཡས་དོན་གིའང་མེད་མཐོང་ང་།
5ཡིན་ནའང་ཁོང་ཀྱ་ཡིས་ཨུ་ཚུགས་བྱས་རེ་སྨྲས་བ་ལགས། འདི་མི་དེས་ག་ལིལ་རྒྱལ་རབས་ནས་འགོ་བཙུགས་ཏེ་དེ་ཐུག་པའི་ཡུ་དེ་ཡཱ་གི་རི་ལ་རང་གི་ཆོས་བསླབ་སྟེ་མི་ཀྱ་ལ་དཀྲུག་བའི།
6དེ་ནས་པི་ལ་ཏུ་ཡིས་དེ་གོ་སྟེ་མི་འདི་ག་ལིལ་པ་ལེ་སྨྲས་རེ་དྲིས་བ་ལགས།
ཡེ་ཤུ་ཧེ་རོ་དཱེའི་གདོང་དུ།
7དེ་ནས་ཡེ་ཤུ་ཧེ་རོ་དཱེ་རྒྱལ་བོའི་ས་ཆའི་མི་ལགས་སྨྲས་རེ་ཧ་གོ་སྟེ། འོ་དེ་གང་ལ་ཧེ་རོ་དཱེ་ཡེ་རུ་ཤ་ལེམ་དུ་རང་བྱས་རེ་པི་ལ་ཏུ་ཡིས་ཁོང་པ་ལ་ཧེ་རོ་དཱེ་རྩ་རུ་བརྫངས་བ་ལགས། 8དེ་ནས་ཧེ་རོ་དཱེ་ཡིས་ཡེ་ཤུའི་སྐོར་ལ་གོ་འོད་ད་ལགས། དེ་ནས་ཁོང་པ་ནས་རྟགས་ཀྱ་མཐོང་ཡས་རེ་བ་བྱས་རེ་ཁོང་པ་ལ་ཡུན་རིང་ང་ནས་ཧ་ལ་མཐོང་ཉིད་འདོད་འོད་ད་ལགས། ད་ཡེ་ཤུ་ལ་མཇལ་ལི་གང་ལ་ཁོ་དམི་ཅིག་གི་ཉམ་མོ་དགྱེས་བ་ལགས། 9འོ་བྱས་རེ་ཁོས་ཡེ་ཤུ་ལ་དྲི་བ་མང་ང་བསྐུལ་བ་ལགས། ཡིན་ནའང་ཁོང་པ་ཡིས་ལན་གཅིག་འང་མ་གནང་བ་ལགས། 10དེ་ནས་མཆོད་དཔོན་ཆེ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ལངས་རེ། ངར་ཏེ་ཁོང་པ་ལ་སྐྱོན་བཙུགས་པ་ལགས། 11དེ་ནས་ཧེ་རོ་དཱེ་དང་དམག་མི་ཀྱ་ཡིས་ཁོང་པ་ལ་སྨད་སྤྲ་བབས་ཏེ་འཕྱ་ལས་བརྒྱབ་པ་ལགས། དེ་ནས་ཁོང་པ་ལ་གོས་ཁག་ཆེ་གཅིག་བསྐོན་ཏེ་པི་ལ་ཏུ་རྩ་རུ་ལོག་སྟེ་བརྫངས་བ་ལགས། 12འོ་དེ་ཉིན་མ་གོ་རང་པི་ལ་ཏུ་དང་ཧེ་རོ་དཱེ་རོགས་བ་བྱུང་བ་ལགས། གི་བྱས་རེ་སྨྲ་ན་འོ་དེ་ཨེན་ལ་ཁོང་གཉིས་བོ་མེད་འཆམས་མ་ལགས།
པི་ལ་ཏུ་ཡིས་ཡེ་ཤུ་ལ་ཆད་པ་བསྐལ་བ།
(མད་ཐཱ། ༢༧:༡༥-༢༦; མར་ཀུ། ༡༥:༦-༡༥; ཡོ་ཧ་ནན། ༡༨:༣༩;༡༩:༡༦)
13དེ་ནས་པི་ལ་ཏུ་ཡིས་མཆོད་དཔོན་ཆེ་ཀྱ་དང་དཔོན་པོ་ཀྱ་དང་མི་མང་ཀྱ་ལ་བོས་རེ། 14ཁོང་ཀྱ་ལ་སྨྲས་བ་ལགས། མི་ཀྱ་ལ་ཁོག་པ་རྒྱང་བའི་སྨྲས་རེ་ཁྱེད་ཀྱ་ཡིས་འདི་མི་ལ་ངའི་རྩ་རུ་ཁྲིད་དེ་འོངས་སོང་། དེ་ནས་ཁྱིད་ཀྱི་གདོང་དུ་རང་ངས་ཁོ་ལ་བརྟག་དཔྱད་བྱས་རེ། ཁྱིད་ཀྱིས་ཁོའི་ཁར་ལ་བཀལ་ཀ་སྐྱོན་འཛུགས་ཀྱ་ཡི་སྐྱོན་གིའང་འདི་མི་ལ་མཐོང་གི་མིན་འདུག། 15དེ་ནས་ཧེ་རོ་དཱེ་ཡིས་འང་གིའང་སྐྱོན་མ་མཐོང་བ་ཁོ་ལ་འོ་རི་རྩ་རུ་རང་ལོག་སྟེ་བརྫངས་སོང་། ད་ལྟོས། ཁོ་ལ་བསད་དགོས་ཀྱིན་ལས་ཀ་ཁོས་གིའང་མ་བྱས་འདུག། 16འོ་བྱས་རེ་ང་ཁོ་ལ་རྟ་ལྕག་གཞུ་ཡས་ཆད་པ་བཀལ་རེ་བཏང་ཡས་ཡིན།
17[ཡ་ཧུ་དཱ་པ་ཀྱ་ཡི་ཐར་པ་ཐོབ་ཐ་པེ་སག་གི་དུས་ཆེན་གོ་ལ་པི་ལ་ཏུ་ཡིས་བཙོན་པ་གཅིག་ལ་གློད་བཏང་དགོས་ཀྱི་ལགས།]#༢༣:༡༧ མང་ཆེ་གྷི་རིག་གསུང་རབ་ཀྱི་དེབ་ཀྱ་ལ་ ༡༧ བྲིས་མེད་ད་ལགས། 18དེ་ནས་འོ་དེ་མི་ཚོགས་གི་རི་ཡིས་ཕེ་ར་བརྒྱབ་པ་ལགས། མི་འདི་ལ་སོད། དེ་ནས་འི་ཀི་ཕྱིར་ལ་བ་རབ་བཱ་ལ་གློད་བཏང་རོགས་བྱེད། 19བ་རབ་བཱ་སྨྲ་གིན་མི་ཡིས་འོ་དེ་རྒྱལ་ས་རུ་འཁྲུག་བསླངས་བ་ལགས། དེ་ནས་མི་བསད་དེ་བཙོན་ཁང་དུ་བཞག་འོད་ད་ལགས།
20དེ་ནས་པི་ལ་ཏུ་ཡིས་ཡེ་ཤུ་ལ་གློད་བཏང་ཡས་ཀྱི་འདོད་པ་བྱས་རེ་ལྡབ་ལེ་ཁོང་ཀྱ་ལ་གོ་བ་བརྒྱབ་པ་ལགས། 21ཡིན་ནའང་ཁོང་ཀྱ་ཡིས་སྐད་བརྒྱབ་སྟེ་རྒྱང་ཤིང་ཁར་ལ་རྐྱོངས། ཁོ་ལ་རྒྱང་ཤིང་ཁར་ལ་རྐྱོངས་སྨྲས་རེ་སྨྲས་བ་ལགས།
22པི་ལ་ཏུ་ཡིས་ཐེངས་མ་གསུམ་པ་ལ་ཁོང་ཀྱ་ལ་སྨྲས་བ་ལགས། གི་བྱས་རེ། མི་འདིས་ངན་པ་གི་བྱེད་དོ། ངས་ཁོ་ལ་བསད་ཡས་ཀྱི་ཆད་པ་བཀལ་དགོས་ཀྱིན་སྐྱོན་གིའང་མེད་མཐོང་ང་། འོ་བྱས་རེ་ཁོ་ལ་ང་རྟ་ལྕག་བཞུས་ཏེ་བཏང་ཡས་ཡིན།
23དེ་ནས་མི་ཀྱ་ཡིས་ཨུ་ཚུགས་བྱས་རེ་ཁོ་ལ་རྒྱང་ཤིང་ལ་བརྐྱངས་དགོས་གུ་ལགས་སྨྲས་རེ་ཡོལ་ལེ་སྐད་ཆེ་བརྒྱབ་པ་ལགས། དེ་ནས་ཁོང་ཀྱ་ཡིས་སྐད་བརྒྱབ་སྟེ་རྒྱལ་བ་ལགས། 24འོ་བྱས་རེ་པི་ལ་ཏུ་ཡིས་ཁོང་ཀྱ་ཡིས་སྨྲ་གིན་ཅོག་རེ་བྱེད་ཡས་ལ་བཀའ་གནང་བ་ལགས། 25དེ་ནས་ཁོང་ཀྱ་ཡིས་ཞུ་གིན་འཁྲུག་བསླངས་རེ་དང་མི་བསད་དེ་བཙོན་ཁང་དུ་ཆུད་ཆ་མི་གོ་ལ་པི་ལ་ཏུ་ཡིས་བཏོན་པ་ལགས། ཡིན་ནའང་ཡེ་ཤུ་ལ་ཁོང་ཀྱ་ཡིས་འཐད་ཀྱིན་གོ་བྱེད་ཡས་ལ་ཁོང་ཀྱ་ལ་རྩི་བརྒྱབ་པ་ལགས།
ཡེ་ཤུ་རྒྱང་ཤིང་ཁར་ལ།
(མད་ཐཱ། ༢༧:༣༢-༤༤; མར་ཀུ། ༡༥:༢༡-༣༢; ཡོ་ཧ་ནན། ༡༩:༡༧-༢༧)
26དེ་ནས་དམག་མི་ཀྱ་ཡིས་ཡེ་ཤུ་ལ་འོ་དེ་ནས་ཁྲིད་དེ་འགྲོའི་གང་ལ་ཀུ་རེ་ནཱེ་པ་སི་མོན་སྨྲ་གིན་མི་གཅིག་རང་གི་ཡུལ་ནས་འོ་དེ་ཕྱོགས་ལ་འོང་བའི་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་ཟིམ་ཏེ་ཡེ་ཤུའི་རྒྱང་ཤིང་གོ་ཁྱེར་ཏུ་བཅུག་པ་ལགས། 27དེ་ནས་མི་ཚོགས་ཆེ་གཅིག་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས། དེ་ནས་འོ་དུ་རུ་ཁོང་པ་ཡི་ཕྱིར་ལ་ངུ་མཁན་དང་ངུ་བརྡ་བརྒྱབ་མཁན་སྐྱེས་དམན་ཀྱ་འོད་ད་ལགས། 28ཁོང་ཀྱ་ཕྱོགས་ལ་གཟིགས་ཏེ་ཡེ་ཤུ་ཡིས་གསུངས་བ་ལགས། ཡེ་རུ་ཤ་ལེམ་གྱི་བུ་མོ་ཀྱ་བོ། ངའི་ཕྱིར་ལ་མ་ངུ། ཡིན་ནའང་ཁྱེད་ཀྱ་ཁྱེད་རང་དང་ཁྱེད་རི་ཕྲུ་བ་ཀྱ་ཕྱིར་ལ་ངུས། 29གི་བྱས་རེ་སྨྲ་ན་རབས་ཆད་ཀྱ་དང་ཕྲུ་སྐྱེ་མ་མྱོང་གིན་དང་འོ་མ་སྟེར་མ་མྱོང་གིན་བུ་མོ་ཀྱ་གིན་གྱི་བསོད་བདེ་ཆེ་སྨྲས་རེ་སྨྲ་གིན་ཉིན་མ་ཀྱ་འོང་བའི་འོད་ད་ལགས། 30འོ་དེ་གང་ལ་མི་ཀྱ་ཡིས་གང་རི་ཀྱ་ལ་འི་ཀི་ཁར་ལ་ལྷིམ། དེ་ནས་རི་ཀྱ་ལ་འེ་ཀྱ་ལ་ཀོབ་#ཧོ་ཟེ། ༡༠:༨སྨྲས་རེ་སྨྲ་གི་ལགས། 31གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་ཤིང་སྡོང་སྔོན་པོ་འོད་དེ་གང་ལ་དེ་རེ་བྱེད་ན། ཤིང་སྡོང་བསྐམས་ན་གི་བྱེད་འདིག་འོད་གྲོ།
32དེ་ནས་ཁོང་ཀྱ་ཡིས་གཞན་མ་ཇག་པ་གཉིས་ལ་ཁོང་པ་མུ་ལ་བསད་ཡས་ལ་ཁྲིད་དེ་སོང་བ་ལགས། 33ཁོང་ཀྱ་མགོ་རུས་སྨྲ་གིན་ས་ཆ་གོ་ལ་སླེབས་པ་ལགས། དེ་ནས་འོ་དུ་རུ་ཁོང་པ་ལ་རྒྱང་ཤིང་ཁར་ལ་བརྐྱངས་པ་ལགས། དེ་ནས་ཇག་པ་གཉིས་བོ་ནས་གཅིག་ལ་ཁོང་པ་ཡི་གཡས་ཕྱོགས་དང་གཞན་མ་ལ་གཡོན་ཕྱོགས་ལ་བརྐྱངས་པ་ལགས།
34དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ངའི་ཡབ། དེ་ཀྱ་ལ་དགོངས་པ་གནང་རོགས་གནང་། གི་བྱས་རེ་སྨྲ་ན་དེ་ཀྱ་ཡིས་གི་བྱེད་ཀྱིན་གོ་དེ་ཀྱ་མེད་ཤེས་ལ་ལགས། དེ་ནས་དམག་མི་ཀྱ་ཡིས་ཡེ་ཤུའི་གོས་ལག་གོ་རྒྱན་བརྒྱབ་སྟེ་ཁོ་རང་ཀྱ་ནང་དུ་བགོས་བ་ལགས། 35མི་ཀྱ་ལངས་རེ་བལྟས་རེ་བསྡད་འོད་ད་ལགས། ཡིན་ནའང་དཔོན་པོ་ཀྱ་ཡིས་ཁོང་པ་ལ་སྨད་ཇུ་བཏང་རེ་སྨྲས་བ་ལགས། འདི་མི་དེས་གཞན་མ་ཀྱ་ལ་སྐྱོབས་སོང་། ད་འདི་དཀོན་མཆོག་གི་བདམས་ད་མཱ་ཤི་ཀ་གོ་ཡིན་ན། ཁོ་རང་ལའང་སྐྱོབ་པར་ཤོག།
36དེ་ནས་དམག་མི་ཀྱ་ཡིས་འང་འོངས་རེ་ཁོང་པ་ལ་རྒུན་ཆང་སྐྱུར་མོ་གོ་སྟེར་ཏེ་སྨད་ཇུ་བཏང་རེ་སྨྲས་བ་ལགས། 37ཁྱོད་ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་ཡིན་ན། རང་ལ་སྐྱོབས།
38དེ་ནས་ཁོང་པ་ཡི་དབུ་ཁར་ལ་འདི་ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་ལགས་སྨྲས་རེ་བྲིས་ཏེ་བཏག་འོད་ད་ལགས།
39དེ་ནས་རྒྱང་ཤིང་ལ་བཏག་ཏ་ཇག་པ་གཉིས་བོ་ནས་ཇག་པ་གཅིག་གིས་ཁོང་པ་ལ་སྨད་སྤྲ་བབས་ཏེ་སྨྲས་བ་ལགས། ཁྱོད་མཱ་ཤི་ཀ་གོ་མ་ལེ། ཁྱོད་རང་དང་འེ་ཀྱ་ལ་སྐྱོབས།
40ཡིན་ནའང་འོ་དེ་ལ་ཨང་ཇི་བཏང་རེ་གཞན་མ་ཡིས་སྨྲས་བ་ལགས། ཁྱོད་ལའང་ཆད་པ་འདི་རང་ཕོག་འོད་ད་ལགས། དོ་རང་འང་བ་དཀོན་མཆོག་ལ་འཇིགས་སྐྲག་མི་བྱེད་ད་ལེ། 41འོ་རང་གཉིས་བོ་ལ་འོ་རི་ལས་ཀ་ཡིས་ཆད་པ་ཕོག་དགོས་ཀྱིན་གོ་ཕོག་པ་ལགས། ཡིན་ནའང་འདི་མི་ཡིས་ལས་ཀ་ངན་པ་གིའང་མ་བྱེད་འོད་ད་ལགས།
42དེ་ནས་ཁོས་ཡེ་ཤུ་ལ་སྨྲས་བ་ལགས། ཡེ་ཤུ་ལགས། ཁྱེད་རང་རང་གི་རྒྱལ་སྲིད་ལ་ཕེབས་བའི་གང་ལ་ང་ལ་དྲན་རོགས་མཛད།
43ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ང་དངོས་གནས་སྨྲ་ཡིན། དི་རིང་རང་ཁྱོད་ངའི་མུ་ལ་ནམ་མཁའི་ཞིང་ཁམས་དུ་འོང་གི་ལགས།
ཡེ་ཤུ་གྲོངས་པ།
(མད་ཐཱ། ༢༧:༤༥-༥༦; མར་ཀུ། ༡༥:༣༣-༤༡; ཡོ་ཧ་ནན། ༡༩:༢༨-༣༠)
44ད་ཉིན་མོའི་ཆུ་ཚོད་བཅུ་གཉིས་བྱུང་བ་ལགས། དེ་ནས་ཆུ་ཚོད་གསུམ་པ་ཐུག་པའི་ས་ཆ་གི་རི་ལ་ནག་ཐག་བའི་བྱུང་བ་ལགས། 45དེ་ནས་ཉི་མའི་འོད་བསྒྲིབས་པ་ལགས། དེ་ནས་མཆོད་ཁང་གི་ཡོལ་བ་གོ་ཁག་གཉིས་ལ་རལ་བ་ལགས། 46དེ་ནས་ཡེ་ཤུ་ཡིས་གསུང་སྐད་ཆེ་ལ་གསུངས་བ་ལགས། ངའི་ཡབ། ངའི་སེམས་ང་ཁྱེད་རང་གི་ཕྱག་ལ་འབུལ་ཡས་ཡིན། དེ་ནས་དེ་གསུངས་རེ་ཁོང་པ་གྲོངས་བ་ལགས།
47ད་བརྒྱ་དཔོན་གྱིས་དེ་མཐོང་རེ་དཀོན་མཆོག་ལ་བསྟོད་སྒྲ་བཏང་རེ་སྨྲས་བ་ལགས། དངོས་གནས་རང་འདི་མི་དེ་སྐྱོན་མེད་ཀྱིན་ཡིན་ད་རགས། 48དེ་ནས་དེ་ལྟ་ཡས་ལ་འཛོམས་ཛ་མི་ཀྱ་གི་རི་དེ་མཐོང་རེ་རང་གི་བྲང་ཁོག་ལ་བརྡུངས་བའི་བརྡུངས་བའི་ལོག་པ་ལགས། 49དེ་ནས་ཁོང་པ་ཡིས་ངོ་ཤེས་ཀྱིན་དང་ག་ལིལ་ནས་ཁོང་པའི་གཤམ་ལ་འོང་གིན་བུ་མོ་ཀྱ་རྒྱང་ནས་འོ་དུ་རུ་བྱུང་བྱ་གི་རི་ལངས་རེ་བལྟས་རེ་བསྡད་པ་ལགས།
ཡེ་ཤུའི་སྐུ་ཕུང་སྐུང་བ།
(མད་ཐཱ། ༢༧:༥༧-༦༡; མར་ཀུ། ༡༥:༤༢-༤༧; ཡོ་ཧ་ནན། ༡༩:༣༨-༤༢)
50-51ད་འོ་དུ་རུ་ཡུ་དེ་ཡཱའི་ཨ་རི་མ་ཐཱི་ཡ་སྨྲ་གིན་རྒྱལ་སའི་ཡོ་སེབ་སྨྲ་གིན་མི་བཟང་ང་དྲང་པོ་གཅིག་འོད་ད་ལགས། དེ་ནས་ཁོ་ཚོགས་འདུའི་ཚོགས་མི་གཅིག་ལགས། དེ་ནས་ཁོ་ཁོང་ཀྱ་ཡི་གྲོས་དང་ལས་ཀ་ལ་མ་འཆམས་པ་ལགས། ཁོ་དཀོན་མཆོག་གི་རྒྱལ་སྲིད་ལ་རེ་བ་བྱས་རེ་བསྡད་འོད་ད་ལགས། 52ད་ཁོ་པི་ལ་ཏུ་རྩ་རུ་སོང་རེ་ཡེ་ཤུའི་སྐུ་ཕུང་གོ་ཞུས་བ་ལགས། 53དེ་ནས་ཁོང་པ་ཡི་སྐུ་ཕུང་གོ་རྒྱང་ཤིང་ནས་མ་ལ་པབ་སྟེ་རས་གཅིག་གིས་སྒྲིལ་བ་ལགས། དེ་ནས་ནམ་མའང་ཕུང་པོ་བཞག་མ་མྱོང་གིན་བྲག་ཕུག་ཏུ་བཟོས་ཟ་དུར་ཁྲོད་དུ་བཞག་པ་ལགས། 54ད་ངལ་གསོ་གིན་ཉིན་མོ་གོ་འགོ་བཙུགས་གུ་བྱས་རེ་འོ་དེ་ཉིན་མ་གོ་གྲ་སྒྲིག་གི་ཉིན་མོ་གོ་ལགས། 55དེ་ནས་ག་ལིལ་ནས་ཁོང་པ་ཡི་གཤམ་པ་ལ་འོང་གིན་སྐྱེས་དམན་ཀྱ་ཡོ་སེབ་ཀྱི་མུ་ལ་སོང་བ་ལགས། དེ་ནས་དུར་ཁྲོད་གོ་མཐོང་རེ་ཁོང་པ་ཡི་ཕུང་པོ་གང་གི་བྱས་རེ་བཞག་གིན་གོའང་མཐོང་བ་ལགས། 56དེ་ནས་ཁོང་ཀྱ་ལོག་སྟེ་ཕུང་པོ་ལ་དྲི་བཟང་དང་སྤོས་ཆུ་གྲ་སྒྲིག་བྱས་བ་ལགས། ཡིན་ནའང་ངལ་གསོ་གིན་ཉིན་མ་གོ་ལ་ཆོས་ཁྲིམས་ཀྱི་བཀའ་ལ་བརྩིས་རེ་ཁོང་ཀྱ་ངལ་གསོས་བ་ལགས།།
S'ha seleccionat:
ལུ་ཀ། 23: LOY
Subratllat
Comparteix
Copia
Vols que els teus subratllats es desin a tots els teus dispositius? Registra't o inicia sessió
© 2023, Wycliffe Bible Translators, Inc. and Nepal Bible Society