མད་ཐཱ། 12
12
ངལ་གསོ་གིན་ཉིན་མའི་སྐོར་ལ།
(མར་ཀུ། ༢:༢༣-༢༨;༣:༡-༦; ལུ་ཀ། ༦:༡-༡༡)
1འོ་དེ་དུས་ལ་ཡེ་ཤུ་ངལ་གསོ་གིན་ཉིན་མ་གཅིག་ལ་ཞིང་གི་ལམ་ཁ་ནས་ཕེབས་པ་ལགས། ཁོང་པ་ཡི་ཉེ་གནས་ཀྱ་ལྟོགས་ཏེ་གྲོའི་སྙེ་མ་ཀྱ་འཐུས་རེ་བཟས་བ་ལགས། 2ཡིན་ནའང་ཕཱ་རུ་ཤི་པ་ཀྱ་ཡིས་དེ་མཐོང་རེ་ཁོང་པ་ལ་ཞུས་བ་ལགས། ལྟོས་དང་། ཁྱོའི་ཉེ་གནས་ཀྱ་ཡིས་ངལ་གསོ་གིན་ཉིན་མ་ལ་བྱེད་མེད་ཆོག་གིན་ལས་ཀ་བྱེད་འདིག།
3ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། རྒྱལ་བོ་དཱ་བིད་དང་ཁོའི་མུ་ལ་འོད་ཀྱིན་མི་ཀྱ་ལྟོགས་བའི་གང་ལ་ཁོས་གི་བྱེད་ཀྱིན་གོ་ཁྱེད་ཀྱ་ཡིས་མ་སྒྲོག་འོད་དེ། 4ཁོ་དཀོན་མཆོག་གི་གུར་ཁང་ལ་འཛུལ་རེ། དཀོན་མཆོག་གི་སྐུ་གདོང་དུ་ཕུལ་པ་གྱང་ག་གོ་ཁོ་དང་ཁོའི་རོགས་བ་ཀྱ་ཡིས་བཟས་བ་ལགས། ཆོས་ཁྲིམས་ལ་ལྟ་ན་འོ་དེ་གྱང་ག་གོ་མཆོད་དཔོན་ཀྱ་ཡིས་མ་ན། ཁོ་དང་ཁོའི་མུ་ལ་འོད་ཀྱིན་ཀྱ་ཡིས་ཟ་མེད་ཆོག་བ་ལགས། 5ཡང་ངལ་གསོ་གིན་ཉིན་མ་ལ་མཆོད་ཁང་ནང་དུ་མཆོད་དཔོན་ཀྱ་ཡིས་ངལ་གསོ་གིན་ཉིན་མ་གོ་མི་སྲུང་ན། ཁོང་ཀྱ་སྐྱོན་མེད་ཀྱིན་བྱུང་གིན་གོ་ཁྱེད་ཀྱ་ཡིས་ཆོས་ཁྲིམས་ལ་མ་སྒྲོག་འོད་དེ། 6ང་ཁྱེད་ཀྱ་ལ་སྨྲ་ཡིན། དཀོན་མཆོག་གི་མཆོད་ཁང་ནས་ཁག་ཆེ་གཅིག་དུ་རུ་འདུག། 7དེ་ནས་ང་ནི་མཆོད་པ་ལ་མིན་ད་སྙིང་རྗེ་འདོད་འདིག་འོད་#ཧོ་ཟེ། ༦:༦སྨྲ་གིན་ལབ་དེའི་དོན་དག་གོ་ཁྱེད་ཀྱ་ཡིས་ཧ་གོ་འོད་ན། ཁྱེད་ཀྱ་ཡིས་སྐྱོན་མེད་ཀྱིན་ལ་སྐྱོན་མ་བཀལ་འོད་གྲོ། 8གི་བྱས་རེ་སྨྲ་ན་མིའི་བུ་ངལ་གསོ་གིན་ཉིན་མའི་གཙོ་བོ་ལགས།
9དེ་ནས་ཡེ་ཤུ་འོ་དེ་ནས་ཕེབས་ཏེ་ཁོང་ཀྱ་ཡི་ཚོགས་ཁང་ནང་དུ་ཕེབས་པ་ལགས། 10དེ་ནས་འོ་དུ་རུ་ལག་པ་བསྐམས་ཀ་མི་གཅིག་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་སྐྱོན་འཛུགས་ཡས་ལ་དེ་རེ་དྲིས་བ་ལགས། ངལ་གསོ་གིན་ཉིན་མ་ལ་བཅོས་ག་བྱེད་ཆོག་བ་ལེ།
11ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངལ་གསོ་གིན་ཉིན་མ་ལ་ཁྱེད་ཀྱ་ནས་མི་གཅིག་གི་ལུག་གཅིག་དོང་དོང་ལ་ལྷིམ་ན། ཁོས་འོ་དེ་ལ་ཟིམ་ཏེ་ཡར་ལ་མེད་བཏོན་གྱི་ལེ། 12ལུག་གཅིག་ལེ་མི་གཅིག་ག་ཚོད་མང་ང་རྩ་ཆེ་ལེ། འོ་བྱས་རེ་ངལ་གསོ་གིན་ཉིན་མ་ལ་ལས་བཟང་པོ་བྱེད་ཆོག་གི་ལགས། 13དེ་ནས་ཁོང་པ་ཡིས་མི་འདི་ལ་གསུངས་བ་ལགས། ཁྱོའི་ལག་པ་རྐྱོངས། དེ་ནས་འོ་དེ་མི་ཡིས་ལག་པ་བརྐྱངས་བ་ལགས། དེ་ནས་འོ་དེ་ལག་པ་གཞན་མ་གོ་ཅོག་རེ་ཐང་ང་བྱུང་བ་ལགས། 14ཡིན་ནའང་ཕཱ་རུ་ཤི་པ་ཀྱ་འོ་དེ་ནས་ཐོན་ཏེ་སོང་རེ། ཁོང་པ་ལ་གང་བྱས་རེ་བསད་ཡས་སྨྲས་རེ་གྲོས་བྱས་བ་ལགས།
དཀོན་མཆོག་གིས་བདམས་ད་ཞབས་ཕྱིའི་སྐོར།
(མར་ཀུ། ༣:༧-༡༢)
15ཡེ་ཤུ་ཡིས་དེ་མཁྱེན་ད་མཛད་དེ་ཁོང་པ་འོ་དེ་ནས་ཕེབས་པ་ལགས། དེ་ནས་མི་ཚོགས་ཆེ་གཅིག་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས། དེ་ནས་ཁོང་པ་ཡིས་གི་རི་ལ་བཅོས་ག་མཛད་པ་ལགས། 16དེ་ནས་རང་གི་སྐོར་ལ་སུ་ལ་མ་བཤད་གསུངས་རེ་བཀའ་གནང་བ་ལགས། 17དེ་ནི་མངོན་ཤེས་མཁན་ཡེ་ཤ་ཡཱ་ཡིས་གསུངས་ཀྱིན་གོ་སྒྲུབ་ཡས་ཀྱི་ཕྱིར་ལ་བྱུང་བ་ལགས།
18ངས་བདམས་ད་ངའི་ཞབས་ཕྱི།
ངའི་སེམས་དགའ་གིན་ངའི་གཅེས་བའི་འདི་ལ་ལྟོས།
ང་ངའི་ཐུགས་ཉིད་ཁོའི་ཁར་ལ་བཞག་ཡས་ཡིན།
དེ་ནས་ཁོས་མི་རིགས་གི་རི་ལ་ཁྲིམས་གཅོད་ཀྱི་གསལ་བསྒྲགས་བྱེད་ཀྱི་ལགས།
19ཁོས་རྩོད་པ་དང་སྡུག་སྐད་མེད་བརྒྱབ་ཀྱི་ལགས།
དེ་ནས་སྲང་གག་ལ་ཁོའི་སྐད་སུས་འང་མེད་གོ་གི་ལགས།
20ཁོས་ཆག་པོ་འདམ་བུ་མེད་གཅག་གི་ལགས། དེ་ནས།
ཤི་ཡས་བྱེད་ཀྱིན་མེའི་སྡོང་རས་ལ་མེད་བསད་ཀྱི་ལགས།
དེ་ནས་མཐའ་ལ་དྲང་བདེན་གྱི་ཁྲིམས་ལ་རྒྱལ་རུ་བཅུག་གི་ལགས།
21དེ་ནས་ཁོང་གི་མཚན་ལ་མི་རིགས་གི་རི་ཡིས་རེ་བ་བྱེད་ཀྱི་ལགས།#ཡེ་ཤ་ཡཱ། ༤༢:༡-༤
ཡེ་ཤུ་དང་བདུད་བེ་ཨལ་ཟེ་བུལ།
(མར་ཀུ། ༣:༢༠-༣༠; ལུ་ཀ། ༡༡:༡༤-༢༣)
22ད་འདྲེ་ཡིས་ཟིམ་ཟ་མིག་མེད་མཐོང་གིན་དང་ལབ་བཏང་མི་ཐུབ་ཀྱིན་མི་གཅིག་ཡེ་ཤུའི་གདོང་དུ་འཁྲིད་དེ་འོངས་བ་ལགས། དེ་ནས་ཁོང་པ་ཡིས་ཁོ་ལ་དྲག་གསོ་གནང་རེ་ཁོ་ལབ་བཏང་ཐུབ་ཀྱིན་དང་མཐོང་གིན་བྱུང་བ་ལགས། 23དེ་ནས་མི་ཚོགས་གི་རི་དམི་ཅིག་གི་ཧ་ལས་རེ་སྨྲས་བ་ལགས། མི་འདི་རྒྱལ་བོ་དཱ་བིད་ཀྱི་སྲས་གོ་ཡིན་གྲོ་བའི།
24ཡིན་ནའང་ཕཱ་རུ་ཤི་པ་ཀྱ་ཡིས་དེ་གོ་སྟེ་སྨྲས་བ་ལགས། འདི་མི་དེས་འདྲེ་ཀྱ་བཏོན་གྱིན་གོ་འདྲེ་ཀྱ་ཡི་གཙོ། བེ་ཨལ་ཟེ་བུལ་གྱི་ཐོག་ནས་གཅིག་ཀ་ལགས།
25ཁོང་ཀྱ་ཡི་བསམ་བློ་མཁྱེན་ད་མཛད་དེ་ཡེ་ཤུ་ཡིས་གསུངས་བ་ལགས། རྒྱལ་ཁབ་གཅིག་གི་ནང་དུ་མི་མཐུན་ད་འབྱུང་ན། འོ་དེ་སྟོངས་ང་ལགས། དེ་ནས་རྒྱལ་ས་དང་ཁྱིམ་ནང་དུ་གཅིག་གིས་གཅིག་ལ་མི་མཐུན་ན། འོ་དེ་མེད་གནས་ལ་ལགས། 26ད་བདུད་ཀྱིས་བདུད་ལ་བཏོན་ན། ཁོ་ཁོ་རི་ནང་དུ་རང་མི་མཐུན་ད་བྱུང་ང་ལགས། ད་འུ་རེ་ཡིན་ན། ཁོའི་རྒྱལ་ཁབ་གང་གི་བྱས་རེ་གནས་ཀྱི་ལེ། 27ད་ངས་བེ་ཨལ་ཟེ་བུལ་གྱི་ཐོག་ནས་འདྲེ་ཀྱ་བཏོན་ན། ཁྱེད་ཀྱི་བི་ཛ་ཀྱ་ཡིས་སུའི་ཐོག་ནས་འོ་དེ་བཏོན་གྱི་ལེ། འོ་བྱས་རེ་དེ་ཀྱ་རང་ཁྱེད་ཀྱི་ཁྲིམས་དཔོན་འབྱུང་གི་ལགས། 28ཡིན་ནའང་ངས་འདྲེ་ཀྱ་བཏོན་གྱིན་གོ་དཀོན་མཆོག་གི་ཐུགས་ཉིད་ནས་ཡིན་ན། དེ་ནས་ནམ་མཁའི་རྒྱལ་སྲིད་ཁྱེད་ཀྱི་ཁོག་ཏུ་སླེབས་འོད་ད་ལགས། 29ཡང་མེད་ན་མི་ཤུགས་ཆེ་གཅིག་ལ་ཨེན་ལ་མ་སྡམ་པ་ཁོའི་ནང་དུ་འཛུལ་རེ། ཁོའི་ཅ་ལག་ཀྱ་གང་གི་བྱས་རེ་འཕྲོག་ཐུབ་ཀྱི་ལེ། ཁོ་ལ་སྡམ་ན་གཅིག་ཀ་ཁོའི་ནང་དུ་འཛུལ་རེ་ཅ་ལག་ཀྱ་འཕྲོག་ཐུབ་ཀྱི་ལགས།
30ངའི་ཕྱོགས་ལ་མེད་ཀྱིན་གི་རི་ངའི་དགྲ་ལ་འོང་ང་ལགས། དེ་ནས་ངའི་མུ་ལ་མི་སྡུད་ཀྱིན་གི་རི་གཏོར་གྱི་ལགས། 31འོ་བྱས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། སྡིག་པ་གི་རི་དང་དཀོན་མཆོག་ལ་སྐུར་བ་འདེབས་ཀྱིན་གི་རི་སེལ་གྱི་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ལ་སྐུར་བ་འདེབས་ཀྱིན་གྱི་སྡིག་པ་དེ་སེལ་གྱི་མ་ལགས། 32དེ་ནས་མིའི་བུའི་སྐོར་ལ་ངན་པ་སྨྲ་གིན་སྡིག་པ་དེ་སེལ་གྱི་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་སྐོར་ལ་ངན་པ་སྨྲ་གིན་སྡིག་པ་དེ། ད་ལྟ་དང་མ་འོང་པར་གྱི་དུས་ཐུག་པའི་མེད་སེལ་གྱི་ལགས།
ཤིང་སྡོང་དང་འོ་དེའི་འབྲས་བུ།
(ལུ་ཀ། ༦:༤༣-༤༥)
33འབྲས་བུ་ནས་ཤིང་སྡོང་ཤེས་ཀྱིན་བྱེད་རེ། ཤིང་སྡོང་བཟང་ང་བཟོ་ན་འབྲས་བུ་དགའ་སྐྱེ་གི་ལགས། དེ་ནས་ཤིང་སྡོང་ཨ་བཟོ་ན་འབྲས་བུ་ཨ་སྐྱེ་གི་ལགས། 34དུག་སྦྲུལ་གྱི་བརྒྱུད་པ་ཁྱེད་ཀྱ། ཁྱེད་ཀྱ་ངན་པ་བྱས་རེ་བཟང་ང་གང་བྱས་རེ་སྨྲ་ཐུབ་བ་ལེ། གི་བྱས་རེ་སྨྲ་ན་སེམས་ལ་གི་འོད་ཀྱིན་གོ་ཁ་ནས་འཐོན་ད་ལགས། 35མི་བཟང་ང་ཡིས་རང་གི་སེམས་ནང་དུ་འོད་ཀྱིན་བཟང་ང་ནས་བཟང་ང་བཏོན་ད་ལགས། དེ་ནས་མི་ངན་པ་ཡིས་སེམས་ནང་དུ་འོད་ཀྱིན་ངན་པ་ནས་ངན་པ་བཏོན་ད་ལགས། 36ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྲིམས་བཅད་ཀྱིན་ཉིན་མ་ལ། མི་གི་རི་ཡིས་ཁོ་རི་སྨྲས་ན་ཆོ་མེད་ཀྱིན་ཚིག་ངན་པ་རེ་རེའི་ལན་སྟེར་དགོས་ཀྱི་ལགས། 37གི་བྱས་རེ་སྨྲ་ན་ཁྱེད་རི་ཚིག་ཀྱ་ཡི་ཐོག་ནས་ཁྱོད་འདག་གི་ལགས། ཡང་མེད་ན་ཁྱོའི་ཚིག་ཀྱ་ཡི་ཐོག་ནས་ཁྱོད་ལ་ཁྲིམས་ཕོག་གི་ལགས།
རྟགས་འདོོད་ཀྱིན་གྱི་སྐོར་ལ།
(མར་ཀུ། ༨:༡༡-༡༢; ལུ་ཀ། ༡༡:༢༩-༣༢)
38དེ་ནས་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་ཕཱ་རུ་ཤི་པ་རིང་འགའ་ཀྱ་ཡིས་ཡེ་ཤུ་ལ་ཞུས་བ་ལགས། སློབ་དཔོན་ལགས། འེ་ཀྱ་ཁྱེད་རང་ནས་རྟགས་གཅིག་མཐོང་ཡས་ཀྱི་འདོད་པ་འོད།
39ཡིན་ནའང་ཁོང་པ་ཡིས་གསུངས་བ་ལགས། ངན་པ་དང་ལོག་གཡེམ་མི་རབས་ཀྱི་རྟགས་བཙལ་ལ་ལགས། ཡིན་ནའང་ཁོང་ཀྱ་ལ་མངོན་ཤེས་མཁན་ཡོ་ནཱའི་རྟགས་མ་ན། གཞན་མ་རྟགས་གིའང་མེད་སྟེར་གྱི་ལགས། 40གི་བྱས་རེ་སྨྲ་ན་ཡོ་ནཱ་ཉིན་མཚན་གསུམ་ཉ་ཆེ་གཅིག་གི་ཕོ་བ་ནང་དུ་བསྡད་ཀྱིན་ཅོག་རེ། མིའི་བུའང་ཉིན་མཚན་གསུམ་ཐུག་པའི་སའི་གཏིང་ལ་བསྡད་ཀྱི་ལགས། 41ཁྲིམས་བཅད་ཀྱིན་ཉིན་མ་ལ་ནིན་ཝེའི་གྲོང་ཁྱེར་གྱི་མི་ཀྱ་དེ་མི་རབས་མུ་ལ་ལངས་ཀྱི་ལགས། དེ་ནས་འོ་དེ་ལ་ཁྲིམས་བཏང་གི་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་ཡོ་ནཱའི་ཆོས་ལ་ཁས་ལེན་ཏེ། རང་གི་སྡིག་པ་ཀྱ་སྤངས་རེ་སེམས་འགྱུར་པ་ལགས། ཡིན་ནའང་ལྟོས། དུ་རུ་ཡོ་ནཱ་ནས་ཁག་ཆེ་གཅིག་འདུག། 42ཁྲིམས་བཅད་ཀྱིན་ཉིན་མ་ལ་ལྷོ་ཕྱོགས་ཀྱི་ཤེ་བཱ་རྒྱལ་ཁབ་ཀྱི་རྒྱལ་མོ་#༡ རྒྱལ་བོ། ༡༠:༡-༡༣འདི་མི་རབས་མུ་ལ་ལངས་ཀྱི་ལགས། དེ་ནས་དེ་ཀྱ་ལ་ཁྲིམས་བཏང་གི་ལགས། གི་བྱས་རེ་སྨྲ་ན་མོ་སོ་ལོ་མོན་གྱི་ཤེས་རབ་ཉན་ཡས་ཀྱི་ཕྱིར་ལ། འཛམ་བུ་གླིང་གི་མཐའ་ནས་འོངས་བ་ལགས། ད་ལྟོས། དུ་རུ་སོ་ལོ་མོན་ནས་ཁག་ཆེ་གཅིག་འདུག།
43མི་གཅིག་ནས་གནོད་པ་ཨ་གཅིག་འཐོན་ཏེ་འགྲོ་ན། འོ་དེ་ས་སྐམ་པོ་ཀྱ་ལ་བསྡད་ས་བཙལ་རེ་རྒྱུག་གི་ལགས། ཡིན་ནའང་ག་རུའང་མི་རྙེད་ཀྱི་ལགས། 44དེ་ནས་འོ་དེ་ཡིས་སྨྲ་གི་ལགས། ང་ང་རང་ཐོན་ས་ནང་ལ་རང་ལོག་སྟེ་འགྲོ་ཡས་ཡིན། དེ་ནས་འོ་དེ་སླེབས་བའི་གང་ལ། འོ་དེ་ནང་གོ་སྟོང་པ་ཕྱགས་ཏེ་བཞག་ཞ་གཙང་མ་དང་གི་རི་བསྒྲིགས་ཏེ་བཞག་ཞ་མཐོང་གི་ལགས། 45དེ་ནས་འོ་དེ་སོང་རེ་ཁོ་རི་མུ་ལ་ཁོ་རང་ནས་ངན་པ་གནོད་པ་གཞན་མ་བདུན་ལ་ཁྲིད་དེ། འོ་དེ་ནང་དུ་འཛུལ་རེ་བསྡད་ཀྱི་ལགས། དེ་ནས་མི་དེའི་གནས་ཚུལ་གོ་ཨེན་མ་ནས་སྡུག་ཏུ་འགྲོ་གི་ལགས། འོ་བྱས་རེ་དེ་མི་རབས་ངན་པ་འདི་ལ་དེ་རེ་རང་འབྱུང་གི་ལགས།
ཡེ་ཤུའི་ཡུམ་དང་སྐུ་མཆེད་ཀྱ།
(མར་ཀུ། ༣:༣༡-༣༥; ལུ་ཀ། ༨:༡༩-༢༡)
46ཡེ་ཤུ་མི་ཚོགས་ལ་བཀའ་མོལ་གསུངས་བའི་གང་ལ། ཁོང་པ་ཡི་ཡུམ་དང་སྐུ་མཆེད་ཀྱ་ཁོང་པ་མུ་ལ་བཀའ་མོལ་ཞུ་ཡས་ལ་ཕི་ད་ལ་ལངས་རེ་བཞུགས་འོད་ད་ལགས། 47དེ་ནས་ཁོང་ཀྱ་ནས་གཅིག་གིས་ཁོང་པ་ལ་ཞུས་བ་ལགས། གཟིགས་རོགས་གནང་། ཁྱེད་རང་གི་ཡུམ་དང་སྐུ་མཆེད་ཀྱ་ཁྱེད་རང་མུ་ལ་བཀའ་མོལ་ཞུ་ཉིད་འདོད་དེ་ཕི་ལ་ལངས་རེ་བཞུགས་འདུག།
48ཡིན་ནའང་ཁོང་པ་ཡིས་འོ་དེ་མི་ལ་གསུངས་བ་ལགས། ངའི་ཨ་མ་སུ་ལེ། དེ་ནས་ངའི་སྤུན་ཀྱ་སུ་ལེ།
49དེ་ནས་ཁོང་པ་ཡིས་ཉེ་གནས་ཀྱ་ཕྱོགས་ལ་ཕྱག་བརྐྱངས་རེ་གསུངས་བ་ལགས། ངའི་ཨ་མ་དང་སྤུན་ཀྱ་དེ་ཀྱ་ཡིན། 50གི་བྱས་རེ་སྨྲ་ན་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་ཐུགས་དགོངས་ཀྱི་ལས་ཀ་སྒྲུབ་ཏུ་བཅུག་མཁན་ཀྱ་རང་། ངའི་ཨ་ཇོ་ནུ་བོ་དང་ཨི་ཇི་ནུ་མོ་དང་ཨ་མ་ཡིན།།
S'ha seleccionat:
མད་ཐཱ། 12: LOY
Subratllat
Comparteix
Copia
Vols que els teus subratllats es desin a tots els teus dispositius? Registra't o inicia sessió
© 2023, Wycliffe Bible Translators, Inc. and Nepal Bible Society