མད་ཐཱ། 15

15
གཙང་ང་དང་མེད་གཙང་ང་ཡི་སྐོར་ལ།
(མར་ཀུ། ༧:༡-༡༣)
1ད་ཕཱ་རུ་ཤི་པ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡེ་རུ་ཤ་ལེམ་ནས་ཡེ་ཤུ་རྩ་རུ་བཅར་ཏེ་ཞུས་བ་ལགས། 2ཁྱེད་རང་གི་ཉེ་གནས་ཀྱ་གི་བྱས་རེ་དང་པོའི་ཕ་མའི་ལུགས་སྲོལ་ལ་མི་རྩི་ལ་ལེ། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཟ་མ་ཟ་ཡས་ཨེན་ལ་ལག་པ་འཁྲུ་གིན་སྲོལ་གོ་མི་སྲུང་ང་།
3ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་རང་གི་ལུགས་སྲོལ་གྱི་ཕྱིར་ལ་དཀོན་མཆོག་གི་བཀའ་ཀྱ་གི་བྱས་རེ་མི་རྩི་ལ་ལེ། 4གི་བྱས་རེ་སྨྲ་ན་དཀོན་མཆོག་གི་བཀའ་ལ། རང་གི་ཕ་མ་ལ་བརྩི་བཀུར་བྱེད།#སྡེབ་ཐོན། ༢༠:༡༢; བཀའ་ཁྲིམས། ༥:༡༦ དེ་ནས་རང་གི་ཕ་མ་ལ་ཚིག་ངན་པ་སྨྲ་གིན་གོ་ལ་བསད་རང་དགོས་གུ་ལགས་#སྡེབ་ཐོན། ༢༡:༡༧; ལེ་ཝི། ༢༠:༩སྨྲས་རེ་གསུངས་འོད་ད་ལགས། 5ཡིན་ནའང་མི་གཅིག་གིས་རང་གི་ཕ་མ་ལ། ཁྱེད་རང་ལ་ང་ནས་ཐོབ་དགོས་ཡས་གོ་ངས་དཀོན་མཆོག་ལ་ཕུལ་ཚར་འོད་སྨྲས་རེ་སྨྲ་ན། 6ཁོས་ཁོ་རི་ཕ་མ་ལ་བརྩི་བཀུར་བྱེད་མེད་དགོས་བ་ལགས་སྨྲས་རེ་ཁྱེད་ཀྱ་སྨྲ་ལགས། འོ་བྱས་རེ་ཁྱེད་ཀྱ་ཡིས་རང་གི་ལུགས་སྲོལ་གྱི་ཕྱིར་ལ་དཀོན་མཆོག་གི་བཀའ་གོ་དོན་མེད་ཀྱིན་བཟོས་འདུག། 7ཁྱེད་ཟོག་པོ་ཀྱ། ཁྱེད་ཀྱི་ཕྱིར་ལ་ཡེ་ཤ་ཡཱ་ཡིས་མངོན་ཤེས་འདི་ཏག་བའི་གསུངས་འདུག།
8འདི་མི་ཀྱ་ང་ལ་ཁ་ནས་གཅིག་ཀ་སྙིང་བཀུར་བྱེད་འདིག།
ཡིན་ནའང་ཁོང་ཀྱ་ཡི་སེམས་ང་ནས་ཐག་རིང་ང་འདུག
9ཁོང་ཀྱ་ང་ལ་དོན་མེད་ད་ལ་ཕྱག་འཚལ་ལ་ལགས།
གི་བྱས་རེ་སྨྲ་ན་ཁོང་གི་བསླབ་བྱ་ཀྱ་མི་ཀྱ་ཡིས་རྩོམ་ཙ་ཁྲིམས་ཀྱ་གཅིག་ཀ་ལགས།#ཡེ་ཤ་ཡཱ། ༢༩:༡༣
10ཡེ་ཤུ་ཡིས་མི་མང་ཀྱ་ལ་རང་རྩ་རུ་བོས་རེ་གསུངས་བ་ལགས། ཉན། དེ་ནས་ཧ་གོ་ར་བྱེད། 11མིའི་ཁ་ནང་དུ་འཛུལ་གྱིན་གྱིས་མི་དེ་ལ་མེད་གཙང་ང་མེད་བཟོ་བ་ལགས། ཡིན་ནའང་མིའི་ཁ་ནས་འཐོན་གྱིན་གྱིས་མི་དེ་ལ་མེད་གཙང་ང་བཟོ་བ་ལགས།
12དེ་ནས་ཉེ་གནས་ཀྱ་འོངས་རེ་ཁོང་པ་ལ་ཞུས་བ་ལགས། ཁྱེད་རང་གིས་དེ་གསུངས་ཀྱིན་གོ་ཕཱ་རུ་ཤི་པ་ཀྱ་ཡིས་གོ་སྟེ། ཁོང་ཀྱ་ལ་ཕོག་གིན་གོ་ཁྱེད་རང་གིས་མཁྱེན་ད་མཛད་དེ།
13ཁོང་པ་ཡིས་བཀའ་ལན་གནང་བ་ལགས། ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱིས་མ་བཙུགས་ཙ་རྩི་ཤིང་གི་རི་རྩ་བ་ནས་བཀོག་གི་ལགས། 14ཁོང་ཀྱ་ལ་ཡ་མ་བྱེད། ཁོང་ཀྱ་ཞ་རའི་འགོ་ཁྲིད་ཞ་ར་ཀྱ་ལགས། དེ་ནས་ཞ་ར་གཅིག་གིས་ཞ་ར་ལ་འཁྲིད་ན། གཉིས་ཀ་ར་དོང་དོང་ནང་ལ་ལྷིམ་གྱི་ལགས།
15དེ་ནས་པེ་ཏྲོ་ཡིས་ཞུས་བ་ལགས། དཔེ་དེའི་དོན་དག་འེ་ཀྱ་ལ་བཀྲོལ་བ་མཛད།
16དེ་ནས་ཁོང་པ་ཡིས་གསུངས་བ་ལགས། ཁྱེད་ཀྱ་དོ་རང་འང་ཧ་མེད་གོ་ར་བའི། 17ཁ་ནང་དུ་འགྲོ་གིན་གི་རི་ཕོ་བ་ནང་དུ་འཛུལ་རེ་ཕི་ལ་འཐོན་གྱིན་གོ་ཁྱེད་ཀྱ་ལ་ཆ་མེད་ད་ལེ། 18ཡིན་ནའང་ཁ་ནས་འཐོན་གྱིན་གི་རི་སེམས་ནང་ནས་འོང་ང་ལགས། དེ་ནས་འོ་དེ་ཡིས་མི་ལ་མེད་གཙང་ང་བཟོ་བ་ལགས། 19གི་བྱས་རེ་སྨྲ་ན་སེམས་ནང་ནས་བསམ་བློ་ངན་པ་ཀྱ་དང་། མི་བསད་ཡས་དང་། ལོག་གཡེམ་དང་། འདོད་ལོག་དང་། རྐུ་མ་རྐུ་ཡས་དང་། དཔང་པོ་ཟོག་པོ་སྟེར་ཡས་དང་། དམའ་འབེབས་བྱེད་ཡས་ཀྱ་ཐོན་ད་ལགས། 20དེ་ཀྱ་ཡིས་རང་མི་ལ་མེད་གཙང་ང་བཟོ་བ་ལགས། ཡིན་ནའང་ལག་པ་མ་འཁྲུས་བ་ཟ་ན་མི་ལ་མེད་གཙང་ང་མེད་བཟོ་བ་ལགས།
ཀ་ནཱན་པ་སྐྱེས་དམན་གྱི་དད་པ།
(མར་ཀུ། ༧:༢༤-༣༠)
21ཡེ་ཤུ་འོ་དེ་ས་ཆ་བོར་ཏེ་ཏཱ་ཨར་དང་སི་དཱོན་ཡུལ་ཁག་ཕྱོགས་ལ་ཕེབས་པ་ལགས། 22འོ་དེ་ས་ཆའི་ཀ་ནཱན་པ་སྐྱེས་དམན་གཅིག་ཁོང་པ་ཡི་དྲུང་དུ་འོངས་རེ། སྐད་ཆེ་བརྒྱབ་སྟེ་ཞུས་བ་ལགས། ཀྱེ་གཙོ་བོ་ལགས། དཱ་བིད་ཀྱི་སྲས། ང་ལ་སྙིང་རྗེ་མཛད་རོགས་གནང་། ངའི་བུ་མོ་འདྲེ་ཡིས་ཟིམ་ཏེ་དམི་ཅིག་གི་སྡུག་བ་བྱུང་རེ་བསྡད་འདུག།
23ཡིན་ནའང་ཡེ་ཤུ་ཡིས་བཀའ་ལན་དུ་ཚིག་གཅིག་འང་མ་གསུངས་བ་ལགས། དེ་ནས་ཁོང་པ་ཡི་ཉེ་གནས་ཀྱ་འོངས་རེ་ཁོང་པ་ལ་ཞུས་བ་ལགས། མོ་ལ་ཧ་ལ་བརྫངས་རོགས་མཛད། གི་བྱས་རེ་སྨྲ་ན་མོ་སྐད་བརྒྱབ་སྟེ་འོ་རི་གཤམ་པ་ལ་འོང་བའི།
24ཁོང་པ་ཡིས་གསུངས་བ་ལགས། ང་ནི་ཡིས་ར་ཨེལ་ཁྱིམ་གྱི་ལུག་སྟོར་ཏོ་བ་ཀྱ་ཡི་ཕྱིར་ལ་གཅིག་ཀ་བརྫངས་ཛ་ཡིན།
25ཡིན་ནའང་མོས་ཁོང་པ་ཡི་གདོང་དུ་པུས་མོ་བཙུགས་ཏེ་ཞུས་བ་ལགས། གཙོ་བོ་ལགས། ང་ལ་ཕྱག་རོགས་གནང་།
26ཁོང་པ་ཡིས་གསུངས་བ་ལགས། ཕྲུ་བའི་གྱང་ག་ཁྱེར་ཏེ་ཁྱི་ལ་གཡུག་ན་མི་སྒྲིག་བ་ལགས།
27མོས་ཞུས་བ་ལགས། ལགས་གཙོ་བོ། ཡིན་ནའང་ཁྱི་ཀྱ་ཡིས་འང་རང་གི་བདག་པོའི་ལྕོག་ཙེ་ནས་ལྷིམ་ལ་ཀྱ་ཟ་ལགས།
28དེ་ནས་ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། བུ་མོ། ཁྱོའི་དད་པ་ཆེ་འདུག།ཁྱོའི་དད་པ་ཅོག་རེ་ཁྱོད་ལ་འབྱུང་བར་ཤོག། འོ་དེ་གང་ལ་རང་མོའི་བུ་མོ་གོ་དྲག་པ་ལགས།
ནད་པ་མང་ང་ལ་བཅོས་བ།
29དེ་ནས་ཡེ་ཤུ་འོ་དེ་ནས་ཕེབས་ཏེ་ག་ལིལ་མཚོའི་འགྲམ་ལ་ཕེབས་པ་ལགས། དེ་ནས་ཡར་ལ་རི་ཕྱོགས་ལ་ཕེབས་ཏེ། འོ་དུ་རུ་བཞུགས་བ་མཛད་པ་ལགས། 30མི་ཚོགས་ཆེ་གཅིག་ཁོང་པ་ཡི་དྲུང་དུ་བཅར་པ་ལགས། དེ་ནས་ཞ་ཀྱོག།ཞ་ར། འཁོང་པོ། གོ་བ་གུ་མ་དང་། གཞན་མ་དམི་ཅིག་གི་མང་ང་ཁྲིད་དེ་ཁོང་པ་ཡི་ཞབས་དྲུང་དུ་བཞག་པ་ལགས། དེ་ནས་ཁོང་པ་ཡིས་འོ་དེ་ཀྱ་ལ་བཅོས་ག་མཛད་པ་ལགས། 31དེ་ནས་མི་ཚོགས་ཀྱ་ཡིས་གོ་བ་གུ་མ་ཀྱ་ལབ་བཏང་གིན། འཁོང་པོ་ཀྱ་དྲག་གིན། ཞ་ཀྱོག་བ་ཀྱ་རྒྱུག་གིན་དང་། ཞ་ར་ཀྱ་མཐོང་གིན་མཐོང་རེ་དམི་ཅིག་གི་ཡམ་སངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཡིས་ར་ཨེལ་གྱི་དཀོན་མཆོག་ལ་བསྟོད་པ་ཕུལ་བ་ལགས།
མི་བཞི་སྟོང་ལ་ཞལ་ལག་གནང་བ།
(མར་ཀུ། ༨:༡-༡༠)
32ད་ཡེ་ཤུ་ཡིས་ཉེ་གནས་ཀྱ་ལ་རང་རྩ་རུ་བོས་རེ་གསུངས་བ་ལགས། མི་ཚོགས་དེ་ཀྱ་ངའི་མུ་ལ་བསྡད་དེ་ཉིན་མ་གསུམ་འགྲོའི། དེ་ནས་དེ་ཀྱ་ལ་ཟ་ཡས་གིའང་མེད་ད་ང་ཁོང་ཀྱ་ལ་སྙིང་རྗེ་ལི། དེ་ནས་ཁོང་ཀྱ་ལྟོགས་ཏེ་ལམ་ཁ་ལ་དྲན་མེད་འཐོར་ཏེ་བརྒྱལ་གྲོ་སྨྲས་རེ། ང་ཁོང་ཀྱ་ལ་ཕོ་བ་སྟོང་པ་ལོག་སྟེ་བཏང་ཉིད་མེད་འདོད་དག།
33དེ་ནས་ཉེ་གནས་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། དེ་རེ་ས་ཆ་དབྱེན་ད་གཅིག་ལ་འོ་རེ་མི་ཚོགས་ཆེ་ཡི་ཕྱིར་ལ་ཚང་གིན་ཟ་མ་འེ་ཀྱ་ལ་ག་ནས་འབྱོར་ཡས།
34ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ལ་གྱང་ག་ག་ཚོད་འོད་ད།
ཁོང་ཀྱ་ཡིས་གྱང་ག་བདུན་དང་ཉ་ཅི་མེ་རེས་འོད་སྨྲས་རེ་ཞུས་བ་ལགས། 35དེ་ནས་མི་ཚོགས་ཀྱ་ལ་ཐང་ཀ་རུ་བསྡད་ཡས་ལ་བཀའ་གནང་རེ། 36ཁོང་པ་ཡིས་གྱང་ག་བདུན་དང་ཉ་གོ་ཕྱག་ལ་བསྣུམས་མ་མཛད་དེ། དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་བ་ལགས། དེ་ནས་འོ་དེ་ཀྱ་བཅག་སྟེ་ཉེ་གནས་ཀྱ་ལ་གནང་བ་ལགས། དེ་ནས་ཉེ་གནས་ཀྱ་ཡིས་མི་ཚོགས་ཀྱ་ལ་སྟེར་པ་ལགས། 37དེ་ནས་ཁོང་གི་རི་ཡིས་བཟས་རེ་འགྲངས་བ་ལགས། དེ་ནས་ཉེ་གནས་ཀྱ་ཡིས་ལྷག་མ་དུམ་བུ་ཀྱ་བསྡུས་རེ་བག་ཏང་བདུན་བཀང་བ་ལགས། 38ད་སྐྱེས་དམན་ཀྱ་དང་ཕྲུ་བ་ཀྱ་མི་རྩི་ལ། འོ་དུ་རུ་ཟ་མཁན་ཀྱ་ནས་སྐྱེས་བའི་ཕོ་བཞི་སྟོང་འོད་ད་ལགས། 39དེ་ནས་མི་ཚོགས་ཀྱ་ལ་བརྫངས་རེ་ཡེ་ཤུ་གྲུ་ནང་དུ་བཞུགས་ཏེ་མ་ག་དན་སྨྲ་གིན་ཡུལ་ཕྱོགས་ལ་ཕེབས་པ་ལགས།།

انتخاب شده:

མད་ཐཱ། 15: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید