མད་ཐཱ། 19

19
ནང་ཚང་ཁ་བྲལ་གྱིན་གྱི་སྐོར་ལ་བསླབ་བྱ།
(མར་ཀུ། ༡༠:༡-༡༢)
1ད་ཡེ་ཤུ་ཡིས་དེ་ཀྱ་གསུངས་ཚར་ཏེ། ཁོང་པ་ག་ལིལ་ནས་ཡོར་དན་གཙང་པོའི་ཧ་ཀན་གྱི་ཡུ་དེ་ཡཱ་ཡུལ་དུ་ཕེབས་པ་ལགས། 2འོ་དུ་རུ་མི་ཚོགས་ཆེ་གཅིག་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ཡི་ན་ཚ་བཅོས་ག་མཛད་པ་ལགས།
3ཕཱ་རུ་ཤི་པ་རིང་འགའ་ཁོང་པ་ཡི་དྲུང་དུ་འོངས་རེ་ཁོང་ལ་བརྟག་དཔྱད་བྱེད་ཡས་ལ་ཁོང་པ་ལ་ཞུས་བ་ལགས། མི་གཅིག་གིས་རང་གི་སྐྱེས་དམན་ལ་དོན་དག་ག་རེ་གཅིག་ཡིན་ན་ཁ་འབྲལ་ཆོག་གི་ལེ།
4ཁོང་པ་ཡིས་གསུངས་བ་ལགས། བཀོད་པ་པོ་ཡིས་ཨེན་མ་ནས་རང་ཁོང་ཀྱ་ལ་བུ་དང་བུ་མོ་བཀོད་བ་མཛད་ཀྱིན་གོ་#བཀོད་པ། ༡:༢༧ཁྱེད་ཀྱ་ཡིས་གསུང་རབ་ལ་མ་སྒྲོག་འོད་དེ། 5དེ་ནས་ཡང་དཀོན་མཆོག་གིས་གསུངས་བ་མཛད་འོད་ད་ལགས། འོ་བྱས་རེ་མི་གཅིག་གིས་རང་གི་ཕ་མ་ལ་བོར་ཏེ་ཁོ་རི་སྐྱེས་དམན་མུ་ལ་འཆམས་ཏེ་བསྡད་ད་ལགས། དེ་ནས་ཁོང་གཉིས་ཤ་རུས་གཅིག་བྱུང་ང་ལགས།#བཀོད་པ། ༢:༢༤ 6འོ་བྱས་རེ་ད་ཁོང་གཉིས་བོ་གཉིས་མིན་ད་གཅིག་རང་བྱུང་ང་ལགས། དེ་རེ་བྱས་རེ་དཀོན་མཆོག་གིས་གཅིག་སྦྲེལ་གྱིན་གོ་མིས་ཁ་མ་འབྲལ་ཤོག།
7དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། འོ་རེ་ཡིན་ན་མོ་ཤེས་གི་བྱས་རེ་ནང་ཚང་ཁ་འབྲལ་ཡས་ཀྱི་ཡི་གེ་བྲིས་ཏེ། ཁོས་མོ་ལ་ཕར་བཏང་ན་འགྲིག་གི་ལགས་སྨྲས་རེ་བཀའ་གནང་ང་ལེ།
8ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཡི་སེམས་སྲ་བྱུང་རེ་མོ་ཤེས་ནང་ཚང་ཁ་བྲལ་ཡས་ཀྱི་ཕྱིར་ལ་ཁྲིམས་གནང་བ་ལགས། ཡིན་ནའང་ཐོག་མ་ནས་དེ་རེ་མེད་ད་ལགས། 9ད་ང་ཁྱེད་ཀྱ་ལ་སྨྲ་ཡིན། འདོད་ལོག་གི་དོན་དག་མ་ན། གཞན་མ་དོན་དག་ཀྱ་ཡིས་བྱས་རེ། སུ་གཅིག་གིས་རང་གི་སྐྱེས་དམན་མུ་ལ་ཁ་བྲལ་རེ་བུ་མོ་གཞན་མ་མུ་ལ་མནའ་མ་ལེན་ན། འོ་དེ་ཡིས་ལོག་གཡེམ་བྱེད་ད་ལགས།
10དེ་ནས་ཉེ་གནས་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། ད་མི་གཅིག་གིས་རང་གི་སྐྱེས་དམན་མུ་ལ་གནས་ཚུལ་དེ་རེ་ཡིན་ན། མནའ་མ་མེད་ལེན་ད་བསྡད་ན་དགའ་གུ་ལགས།
11ཡིན་ནའང་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། མི་གི་རི་ཡིས་འདི་བཀའ་དེ་ཁས་ལེན་མི་ཐུབ་ཀྱི་ལགས། ཡིན་ནའང་སུའི་ཕྱིར་ལ་གནང་བ་ལགས། ཡོ་དེ་ཀྱ་ཡིས་གཅིག་ཀ་ཁས་ལེན་ཐུབ་ཀྱི་ལགས། 12གི་བྱས་རེ་སྨྲ་ན་རིང་འགའ་སྐྱེས་ནས་ཧ་ལ་རང་ཉུག་རུམ་བྱས་རེ་སྐྱེས་ལ་ལགས། དེ་ནས་རིང་འགའ་ལ་མིས་ཉུག་རུམ་བཟོ་བ་ལགས། དེ་ནས་རིང་འགའ་ནམ་མཁའི་རྒྱལ་སྲིད་ཀྱི་ཕྱིར་ལ་རང་གིས་རང་ལ་ཉུག་རུམ་བཟོ་ལ་ལགས། འདི་བཀའ་དེ་ལེན་ཐུབ་མཁན་གྱིས་དེ་ཁས་ལེན་ད་ཤོག།
ཡེ་ཤུ་དང་ཕྲུ་བ་ཀྱ།
(མར་ཀུ། ༡༠:༡༣-༡༦; ལུ་ཀ། ༡༨:༡༥-༡༧)
13ད་ཡེ་ཤུ་ཡིས་ཕྱག་མཛད་དེ་སྨོན་ལམ་མཛད་ད་ཤོག་སྨྲས་རེ་མི་ཀྱ་ཡིས་ཕྲུ་བ་ཀྱ་ཁོང་པ་ཡི་གདོང་དུ་ཁྲིད་དེ་འོངས་བ་ལགས། ཡིན་ནའང་ཉེ་གནས་ཀྱ་ཡིས་མི་ཀྱ་ལ་ཨང་ཇི་བཏང་རེ་བཀག་པ་ལགས། 14ཡིན་ནའང་ཡེ་ཤུ་ཡིས་གསུངས་བ་ལགས། ཕྲུ་བ་ཆུང་ང་ཀྱ་ལ་ངའི་རྩ་རུ་འོང་དུ་བཅུག།ཁོང་ཀྱ་ལ་མ་བཀག། གི་བྱས་རེ་སྨྲ་ན་ནམ་མཁའི་རྒྱལ་སྲིད་ཁོང་ཀྱ་ཅོག་རེ་ཡིན་མཁན་ཀྱ་ཡི་ཕྱིར་ལ་ལགས།
15དེ་ནས་ཁོང་གིས་རང་གི་ཕྱག་འོ་དེ་ཀྱ་ཁར་ལ་བཞག་མཛད་དེ་འོ་དེ་ནས་ཕེབས་པ་ལགས།
ཁྱོག་ཐོང་ཕྱུག་པོ་གཅིག།
(མར་ཀུ། ༡༠:༡༧-༣༡; ལུ་ཀ། ༡༨:༡༨-༣༠)
16ད་མི་གཅིག་ཡེ་ཤུ་ཡི་གདོང་དུ་འོངས་རེ་ཞུས་བ་ལགས། སློབ་དཔོན་ལགས། མཐའ་མེད་པའི་ཚེ་སྲོག་གི་ཕྱིར་ལ་ངས་ལས་བཟང་གི་བྱེད་དགོས་གུ་ལེ།
17དེ་ནས་ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། བཟང་པོ་གི་ཡིན་གྱིན་གྱི་སྐོར་ལ་ང་ལ་གི་བྱས་རེ་འདྲི་ལ་ལེ། བཟང་པོ་ཡིན་གྱིན་གོ་གཅིག་གཅིག་ཀ་འོད་ད་ལགས། མཐའ་མེད་པའི་ཚེ་སྲོག་ནང་དུ་འཛུལ་ཡས་ཡིན་ན་ཆོས་ཁྲིམས་ཀྱ་སྲུང་།
18མི་ཡིས་ཞུས་བ་ལགས། གིན་གོ་སྲུང་ཡས།
དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ཁྱོས་སྲོག་མ་བཅད། ལོག་གཡེམ་མ་བྱེད། རྐུ་མ་མ་རྐུ། དཔང་པོ་ཟོག་པོ་མ་སྟེར། 19རང་གི་ཕ་མ་ལ་བརྩི་བཀུར་བྱེད།#སྡེབ་ཐོན། ༢༠:༡༢-༡༦; བཀའ་ཁྲིམས། ༥:༡༦-༢༠ དེ་ནས་རང་གི་ཁྱིམ་མཚེས་ལ་རང་ལ་ཅོག་རེ་བརྩེ་བ་བྱེད།#ལེ་ཝི། ༡༩:༡༨
20དེ་ནས་འོ་དེ་ཁྱོག་ཐོང་གིས་ཁོང་པ་ལ་ཞུས་བ་ལགས། དེ་གི་རི་ངས་བསྲུངས་འོད། དོ་རང་འང་གི་མེད་ཚང་ང་བོ།
21ཡེ་ཤུ་ཡིས་ཁོང་ལ་གསུངས་བ་ལགས། ཁྱོད་ཕུན་སུམ་ཚོགས་པ་འབྱུང་ཉིད་འདོད་ན། སོང་རེ་ཁྱོད་ལ་འོད་ཀྱིན་གི་རི་བཙོངས་རེ་དབུལ་སྤྲེ་ཀྱ་ལ་སྟེར། དེ་ནས་ཁྱོད་ལ་ནམ་མཁའི་ཞིང་ཁམས་དུ་བྱ་དགའ་འཐོབ་ཀྱི་ལགས། དེ་ནས་འོང་རེ་ངའི་གཤམ་པ་ལ་འབྲོང་།
22འོ་དེ་མི་ཁྱོག་ཐོང་གིས་དེ་གོ་རི་གང་ལ། ཁོ་སེམས་པ་སྐྱོ་རེ་སོང་བ་ལགས། གི་བྱས་རེ་སྨྲ་ན་ཁོ་ལ་རྒྱུ་ནོར་དམི་ཅིག་གི་མང་ང་འོད་ད་ལགས།
23དེ་ནས་ཡེ་ཤུ་ཡིས་ཁོང་པ་ཡི་ཉེ་གནས་ཀྱ་ལ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། མི་ཕྱུག་པོ་གཅིག་ལ་ནམ་མཁའི་རྒྱལ་སྲིད་ལ་འཛུལ་ཡས་ལ་དམི་ཅིག་གི་དཀའ་ལས་གག་བ་འོད་ད་ལགས། 24ཡང་ང་ཁྱེད་ཀྱ་ལ་སྨྲ་ཡིན། མི་ཕྱུག་པོ་གཅིག་དཀོན་མཆོག་གི་རྒྱལ་སྲིད་ལ་འགྲོ་ཡས་ལ་ལྷག། སེམས་ཅན་སྣ་བོ་གཅིག་ཁབ་ཀྱི་མིག་བོ་ནང་ནས་འཛུལ་ཡས་ལ་ལས་སླ་འོད་གྲོ།
25ཉེ་གནས་ཀྱ་ཡིས་དེ་གོ་སྟེ་ཁོང་ཀྱ་དམི་ཅིག་གི་ཧ་ལས་རེ་ཞུས་བ་ལགས། ད་ཧ་ན་སུ་ལ་ཐར་པ་འཐོབ་ཐུབ་ཀྱི་ལེ།
26ཡེ་ཤུ་ཡིས་ཁོང་ཀྱ་ལ་གཟིགས་ཏེ་གསུངས་བ་ལགས། མི་ཀྱ་ནས་དེ་འབྱུང་མི་ཐུབ་ཀྱི་ལགས། ཡིན་ནའང་དཀོན་མཆོག་གིས་གི་རི་མཛད་ཐུབ་ཀྱི་ལགས།
27དེ་ནས་པེ་ཏྲོ་ཡིས་ལན་ཞུས་བ་ལགས། གཟིགས་དང་། འེ་ཀྱ་ཡིས་གི་རི་བོར་ཏེ་ཁྱེད་རང་གི་གཤམ་པ་ལ་འབྲངས་འོད། ད་ཧ་ན་འེ་ཀྱ་ལ་གི་འཐོབ་ཀྱི་ལེ།
28ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། གི་རི་གསར་པ་བཀོད་ལི་གང་ལ། མིའི་བུ་རང་གི་གཟི་བརྗིད་ཀྱི་བཞུགས་ཁྲི་ལ་བཞུགས་བའི་གང་ལ། ཁྱེད་ཀྱ་ངའི་གཤམ་པ་ལ་འབྲང་གིན་ཀྱ་བཞུགས་ཁྲི་བཅུ་གཉིས་ཁར་ལ་བསྡད་དེ། ཡིས་ར་ཨེལ་གྱི་ཚོ་ཁག་བཅུ་གཉིས་ཁར་ལ་ཁྲིམས་བཅད་ཀྱི་ལགས། 29དེ་ནས་ངའི་མིང་གི་ཕྱིར་ལ་རང་གི་ཁང་པ་ཀྱ་དང་། སྤུན་ཀྱ་དང་། ཕ་མ་དང་། ཕྲུ་བ་ཀྱ་དང་། ས་ཞིང་ཀྱ་བོར་འོད་ན། ཁོ་ལ་ལྡབ་བརྒྱ་འཐོབ་ཀྱི་ལགས། དེ་ནས་མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་ལགས། 30ཡིན་ནའང་ད་ལྟ་ཨེན་ལ་ཡིན་མཁན་མང་ཆེ་གཤམ་མ་དང་། ད་ལྟ་གཤམ་ལ་ཡིན་མཁན་མང་ཆེ་ཨེན་ལ་འབྱུང་གི་ལགས།།

انتخاب شده:

མད་ཐཱ། 19: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید