མད་ཐཱ། 7

7
གཞན་མ་ལ་སྐྱོན་མ་སྟོན།
(ལུ་ཀ། ༦:༣༧-༣༨,༤༡-༤༢)
1གཞན་མ་ལ་སྐྱོན་མ་ཚུགས། དེ་རེ་བྱེད་ན་དཀོན་མཆོག་གི་ཁྲིམས་ཁྱོད་ལ་མེད་ཕོག་གི་ལགས། 2གི་བྱས་རེ་སྨྲ་ན་ཁྱོས་གཞན་མ་ལ་ག་རེ་བྱས་རེ་སྐྱོན་འཛུགས་བའི། དེ་རེ་རང་ཁྱོད་ལ་ཁྲིམས་བཅད་ཀྱི་ལགས། ཁྱོས་ཚད་གང་བྱས་རེ་བརྒྱབ་བའི། འོ་དེ་ཚད་ལ་རང་ཁྱོད་ལ་བརྒྱབ་ཀྱི་ལགས། 3རང་གི་མིག་ལ་འོད་ཀྱིན་གདུང་མ་གོའང་མེད་མཐོང་ང་ལ། རང་གི་སྤུན་གྱི་མིག་ནང་ལ་འོད་ཀྱིན་ཤིང་གྲུག་གོ་གི་བྱས་རེ་མཐོང་ང་ལེ། 4ཡང་རང་གི་མིག་ལ་གདུང་མ་འོད་དེ་འོད་དེ། ཁྱོད་རི་སྤུན་ལ་ཁྱོའི་མིག་ནས་ཤིང་གྲུག་བཏོན་དུ་ཆུག་སྨྲས་རེ་གང་བྱས་རེ་སྨྲ་ཐུབ་བ་ལེ། 5ཁྱོད་ཟོག་པོ། ཨེན་ལ་རང་གི་མིག་ནས་གདུང་མ་བཏོན། དེ་ནས་ཁྱོད་རི་སྤུན་གྱི་མིག་ནས་ཤིང་གྲུག་བཏོན་ཡས་ལ་གསལ་བོ་མཐོང་གི་ལགས།
6དམ་པ་ཡིན་གྱིན་གོ་ཁྱི་ལ་མ་སྟེར། གི་བྱས་རེ་སྨྲ་ན་དེ་ཀྱ་ཁ་ལོག་སྟེ་ཁྱོད་ལ་རྨུག་ཏུ་འོང་གི་ལགས། དེེ་ནས་ཁྱོད་རི་མུ་ཏིག་ཀྱ་ཕག་ཀྱ་ཡི་གདོང་དུ་མ་གཡུག དེ་རེ་བྱེད་ན་དེ་ཀྱ་ཡིས་རྐང་པས་གླེམ་གྱི་ལགས།
ཞུས། ཚོལ། དེ་ནས་རྡུངས།
(ལུ་ཀ། ༡༡:༩-༡༣)
7ཞུས། དེ་ནས་ཁྱོད་ལ་གནང་གི་ལགས། ཚོལ། དེ་ནས་ཁྱོད་ལ་རྙེད་ཀྱི་ལགས། སྒོ་རྡུངས། དེ་ནས་ཁྱོའི་ཕྱིར་ལ་པེ་ཀྱི་ལགས། 8གི་བྱས་རེ་སྨྲ་ན་ཞུ་མཁན་གི་རི་ལ་འཐོབ་ཀྱི་ལགས། བཙལ་མཁན་གི་རི་ལ་རྙེད་ཀྱི་ལགས། དེ་ནས་སྒོ་རྡུང་མཁན་གི་རིའི་ཕྱིར་ལ་སྒོ་པེ་ཀྱི་ལགས། 9ཁྱེད་ཀྱ་ནས་རང་གི་བི་ཛ་ཡིས་གྱང་ག་གནོང་སྨྲིས་གང་ལ་སུས་རྡོ་གོང་སྟེར་གྱི་ལེ། 10ཡང་ཁོས་ཉ་བསླངས་བའི་གང་ལ་སྦྲུལ་སྟེར་གྱི་ལེ། 11འོ་བྱས་རེ་ཁྱེད་ཀྱ་ངན་པ་བྱས་རེའང་རང་གི་ཕྲུ་བ་ཀྱ་ལ་རྔན་པ་བཟང་ང་སྟེར་ཤེས་ན། ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱོའི་ཡབ་ཀྱིས་ཁོང་ལ་ཞུ་མཁན་ཀྱ་ལ་ག་ཚོད་མང་ང་བཟང་ང་འོད་ཀྱིན་ཀྱ་གནང་བའི་འོད་གྲོ།
12འོ་བྱས་རེ་མི་གཞན་མ་གྱིས་ཁྱེད་ཀྱ་ལ་ག་རེ་བྱེད་ཀྱིན་གོ་འདོད་འདིག། འོ་དེ་རེ་རང་གཞན་མ་ཀྱ་ལ་བྱེད། དེ་རང་ཆོས་ཁྲིམས་དང་མངོན་ཤེས་མཁན་ཀྱ་ཡིས་སྟོན་གྱིན་གྱི་དོན་མདོར་བསྡུས་གོ་ལགས།
སྒོ་དོག་བ་དང་ཡངས་བ།
(ལུ་ཀ། ༡༣:༢༤)
13སྒོ་དོག་བ་ནས་འཛུལ། གི་བྱས་རེ་སྨྲ་ན་གཏོར་བཤིག་ལ་འཁྲིད་ཀྱིན་སྒོ་ནི་ཡངས་ང་དང་ལམ་ནི་ལས་སླ་འོང་ང་ལགས། དེ་ནས་འདི་ནས་འཛུལ་མཁན་ཀྱ་མང་ང་འོང་ང་ལགས། 14ཡིན་ནའང་མི་ཚེ་ལ་བསྐྱལ་གྱིན་སྒོ་ནི་དོག་བ་དང་བཀག་བ་འོང་ང་ལགས། དེ་ནས་འདི་ལམ་རྙེད་མཁན་ཀྱ་ཉུང་ང་འོང་ང་ལགས།
མངོན་ཤེས་མཁན་ཟོག་པོ་ཀྱ།
(ལུ་ཀ། ༦:༣༣-༣༤;༡༣:༢༥-༢༧)
15མངོན་ཤེས་མཁན་ཟོག་པོ་ཀྱ་ནས་གཟབ་གཟབ་བྱེད། དེ་ཀྱ་ལུག་གི་ལྤགས་བོ་གོན་ཏེ་འོང་ང་ལགས། ཡིན་ནའང་ནང་ནས་འཇིགས་སྐྲག་ཆེ་སྤྱུང་གུ་ཀྱ་ཅོག་རེ་འོང་ང་ལགས། 16ཁོང་ཀྱ་ཡི་འབྲས་བུ་ཀྱ་ནས་ཁྱེད་ཀྱ་ཡིས་ངོ་ཤེས་ཀྱི་ལགས། ཚེར་མ་ཡི་སྡོང་པོ་ནས་རྒུན་འབྲུམ་ཡང་ན་སྲེ་ཀྱ་ནས་སེ་ཡབ་བསྡུས་བ་ལེ། 17འོ་བྱས་རེ་ཤིང་སྡོང་བཟང་པོ་ཀྱ་ནས་འབྲས་བུ་བཟང་པོ་སྐྱེ་ལ་ལགས། ཡིན་ནའང་ཤིང་སྡོང་ངན་པ་ཀྱ་ནས་འབྲས་བུ་ངན་པ་སྐྱེ་ལ་ལགས། 18ཤིང་སྡོང་བཟང་པོ་ནས་འབྲས་བུ་ངན་པ་དང་ཤིང་སྡོང་ངན་པ་ནས་འབྲས་བུ་བཟང་པོ་སྐྱེ་མི་ཐུབ་བ་ལགས། 19འབྲས་བུ་བཟང་པོ་མེད་སྐྱེ་གིན་ཤིང་སྡོང་གི་རི་བཅད་དེ་མེ་ལ་གཡུག་བ་ལགས། 20འོ་བྱས་རེ་མངོན་ཤེས་མཁན་ཟོག་པོ་ཀྱ་ཡི་འབྲས་བུ་ཀྱ་ལ་བལྟས་རེ་ཁྱེད་ཀྱ་ཡིས་ཁོང་ཀྱ་ངོ་ཤེས་ཀྱི་ལགས།
21ང་ལ་གཙོ་བོ། གཙོ་བོ་སྨྲས་རེ་འབོད་མཁན་གི་རི་ནམ་མཁའི་རྒྱལ་སྲིད་ལ་མི་ཆུད་ཀྱི་ལགས། ཡིན་ནའང་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་ཐུགས་དགོངས་སྒྲུབ་མཁན་གོ་གཅིག་ཀ་འདིའི་ནང་དུ་ཆུད་ཀྱི་ལགས། 22འོ་དེ་ཉིན་མ་གོ་ལ་མི་མང་ང་གིས་ང་ལ། གཙོ་བོ། གཙོ་བོ། ཁྱེད་རང་གི་མཚན་ནས་འི་ཀིས་མངོན་མ་བཤད་པའི། དེ་ནས་ཁྱེད་རང་གི་མཚན་གྱི་ཐོག་ནས་བདུད་མ་བཏོན་པའི། དེ་ནས་ཁྱེད་རང་གི་མཚན་གྱི་ཐོག་ནས་འི་ཀིས་ཧང་སང་གིན་ལས་ཀ་མང་ང་མ་བྱེད་བའི་སྨྲས་རེ་སྨྲ་གི་ལགས། 23དེ་ནས་ང་ཁོང་ཀྱ་ལ་གསལ་བོ་སྨྲ་ཡས་ཡིན། ངས་ཁྱེད་ཀྱ་ལ་ནམ་མའང་ངོ་མ་ཤེས། ཁྱེད་ངན་པ་ལས་ཀ་བྱེད་མཁན་ཀྱ། ང་ནས་ཧ་ལ་སོང་།
མཁས་བ་དང་གླེན་པོ་རྩིག་ཙོ་བ་གཉིས།
(ལུ་ཀ། ༦:༤༧-༤༩)
24འོ་བྱས་རེ་ངའི་བཀའ་དེ་ཀྱ་མཉན་ཏེ་བྱེད་མཁན་གི་རི་རང་གི་ཁང་པ་ཕོང་གིན་གྱི་ཁར་ལ་བརྩིགས་ཀྱིན་མི་མཁས་བ་གཅིག་ཅོག་རེ་ལགས། 25དེ་ནས་ཆར་བ་བབ་སྟེ་ཆུ་ལོག་འོངས་བ་ལགས། དེ་ནས་ལྷགས་པ་བརྒྱབ་སྟེ་ཁང་པ་དེ་ལ་ཕོག་སྟེའང་། འོ་དེ་ཕོང་གིན་གྱི་ཁར་ལ་བརྩིགས་ཙ་བྱས་རེ་མ་རྡིབ་པ་ལགས། 26ཡིན་ནའང་ངས་སྨྲ་གིན་བཀའ་ཀྱ་མཉན་ཏེ་འོ་དེ་ཅོག་རེ་མི་བྱེད་མཁན་ཀྱ་རང་གི་ཁང་པ་བེ་མ་ཁར་ལ་བརྩིགས་ཙ་མི་གླེན་པོ་གཅིག་ཅོག་རེ་ལགས། 27དེ་ནས་ཆར་པ་བབ་སྟེ་ཆུ་ལོག་འོངས་བ་ལགས། དེ་ནས་ལྷགས་པ་བརྒྱབ་སྟེ་ཁང་པ་དེ་ལ་ཕོག་སྟེ། འོ་དེ་ཁང་པ་དམི་ཅིག་གི་འཇིགས་སྐྲག་ཆེ་བྱས་རེ་རྡིབ་པ་ལགས།
28ཡེ་ཤུ་ཡིས་བཀའ་དེ་གི་རི་གསུངས་ཚར་ཏེ་ཁོང་པ་ཡིས་གསུངས་ཀྱིན་དེ་ལ་མི་ཚོགས་ཀྱ་ཡམ་སངས་བ་ལགས། 29གི་བྱས་རེ་སྨྲ་ན་ཁོང་པ་ཡིས་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཅོག་རེ་མིན་ད། དབང་གི་ཐོག་ནས་ཆོས་སྟོན་མཛད་པ་ལགས།།

اکنون انتخاب شده:

མད་ཐཱ། 7: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید