མད་ཐཱ། 2

2
ལེའུ་གཉིས་པ།
སྐར་རྩིས་མཁས་པ་ཀྱ་ཡེ་ཤུ་འཇལ་དུ་འོངས་པ།
1རྒྱལ་པོ་ཧེ་རོ་དཱེའི་དུས་ལེ། ཡ་ཧུ་དཱའི་ལུང་པའི་ནང་ལེ་འོད་ཡོད་བེད་ལེ་ཧེམ་ཡུལ་ལེ་ཡེ་ཤུ་འཁྲུངས་པི་རྗེས་ལེ། ཤར་ཕྱོགས་ནས་ཡིན་དི་སྐར་རྩིས་མཁས་པའི་མི་ཁ་ཤས་ཡེ་རུ་ས་གླིང་རྒྱལ་ས་ལེ་འོངས་ཏེ། 2ཡ་ཧུ་དཱ་པའི་མི་རིགས་ཀྱི་རྒྱལ་པོ་འཁྲུངས་པི་དེ་ག་ན་ལེ་བཞུགས་འོད་དི་གོ། ཁོང་གི་སྐར་མ་ཤར་རི་དུས་དེ་ཉེད་ཀྱ་ཀྱིས་མཐོང་སྟེ། ཉེད་ཀྱ་ཁོང་ལེ་གུས་ཕྱག་འབུལ་དུ་འོངས་པི་ཡིན་ཟིན་སྨྲས་པི་དིག 3ཡང་རྒྱལ་པོ་ཧེ་རོ་དཱེ་ཁོས་ལབ་དེ་ཐོས་ཏེ། སེམས་འཚབས་ཆེན་པོ་བྱུང་པི་མ་ཟད། ཡེ་རུ་ས་གླིང་གི་མི་ཡེ་རེ་ཟང་སེམས་འཚབས་འཇུ་གུ་བྱུང་པི་དིག 4དེ་ནས་རྒྱལ་པོ་ཁོས་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཆོས་ཁྲིམས་མཁས་པ་ཀྱ་ཤོག་སྨྲས་ཏེ། སྐྱབས་མགོན་དེ་ག་ན་ལེ་འཁྲུང་རྒྱུ་ཡིན་དི་སྐོར་ལེ་སྐད་ཆ་དྲིས་ཕེན། 5མི་དེ་ཀྱ་ཀྱིས་ཡ་ཧུ་དཱའི་ལུང་པའི་ནང་ལེ་འོད་ཡོད་བེད་ལེ་ཧེམ་གྱི་ཡུལ་ལེ་འཁྲུང་གྱི་དིག ཅི་ལེ་ཟེར་ནི། ལུང་སྟོན་པས་བྲིས་པི་ཅོག་འདྲ།
6ཡ་ཧུ་དཱ་ལུང་པའི་བེད་ལེ་ཧེམ་གྱི་མི་ཀྱ། །
ཁྱེད་ཀྱ་ནི་དཔོན་པོ་ལས་ཆུང་ང་མ་དིག །
ཁྱེད་ཀྱ་ཀྱི་ནང་ནས་དབང་སྒྱུར་མཁན་ཞིག་འོང་། །
དབང་སྒྱུར་མཁན་དེས་ངའི་མི་རིགས། །
ཡི་སི་ར་ཨེལ་པའི་རྫི་བོ་ལེ་འགྱུར་གྱི་དིག །
ཟིན་བྲིས་འོད་དིག་ཟིན་ཞུས་པི་དིག#2.6 ཚིགས་བཅད་འདི་ནི་ལུང་སྟོན་པ་མི་ཀཱས་བྲིས་པའི་མདོ་ལེའུ་ 5 ཨང་ 2 ནང་ལེ་གཟིགས་རོགས། 7དེ་ནས་རྒྱལ་པོ་ཧེ་རོ་དཱེ་ཁོས་སྐར་རྩིས་མཁས་པ་དེ་ཀྱ་གསང་བའི་ངང་ནས་སྐད་བཏང་སྟེ། སྐར་མ་དེ་ནམ་དུས་ཏག་ཏག་ཅི་ལེ་ཤར་གྱོ་འོད་དི་གོ་ཟིན་དྲིས་པི་དིག 8དེ་ནས་རྒྱལ་པོ་ཁོས་སྐར་རྩིས་མཁས་པ་དེ་ཀྱ་བེད་ལེ་ཧེམ་ལེ་བརྫངས་ཏེ། ད་ཁྱེད་ཀྱ་ཀྱིས་ཕྲུ་གུ་ཆུང་མ་དེའི་སྐོར་ལེ་རྩད་གཅོད་གྱིས་ཤིག ང་རང་ཟང་ཁོ་ལེ་ཕྱག་འཚལ་དུ་འགྲོ་གྱི་ཡིན། ཁོ་བརྙེད་ནི་ང་ལེ་ལན་སྐུར་ཅིག་ཟིན་སྨྲས་པི་དིག 9དེ་ནས་མི་དེ་ཀྱིས་རྒྱལ་པོའི་བཀའ་གསུངས་ལེ་མཉན་ཏེ་འགྲོ་རྒྱ། ཤར་ཕྱོགས་ནས་མཐོང་བའི་སྐར་མ་དེ་ཟང་། མི་དེ་ཀྱ་ཀྱི་སྔོན་སྔོན་ལེ་ཕེབས་ཏེ། ཕྲུ་གུ་ཆུང་མ་བཞུགས་སའི་མཚམས་ལེ་བསྡད་དི་དིག 10དེ་ནས་ཁོང་ཀྱ་ཀྱིས་སྐར་མ་དེ་མཐོང་སྟེ་དགའ་རི་ཆེན་པོ་བྱུང་ཕེན། 11ཁང་པའི་ནང་ལེ་འཛུལ་ཏེ་ཕྲུ་གུ་ཆུང་མ་དིང་། ཕྲུ་གུའི་ཡུམ་མིར་ཡམ་མཇལ་ལོང་མེད་པུས་མོ་ས་ལེ་བཙུགས་ཏེ་བརྐྱངས་ཕྱག་འཚལ་ལི་མ་ཟད། གཏེར་སྒམ་དེ་ཁ་ཕྱེ་སྟེ། དེའི་ནང་ལེ་འོད་ཡོད་གསེར་དིང༌། སྤོས་དཀར། དྲི་ཞིམ་གྱི་སྤོས་ཆུ་དེ་ཀྱ་མཇལ་རྟེན་ལེ་ཕུལ་ལི་དིག 12དེ་ནས་སྐར་རྩིས་མཁས་པའི་མི་དེ་ཀྱ་ཀྱི་རྨི་ལམ་ནང་ལེ། རྒྱལ་པོ་ཧེ་རོ་དཱེའི་དྲུང་དུ་ལོག་ནི། ཉེན་ཁ་འོད་དི་དཀོན་མཆོག་གིས་བརྡ་བཏང་ཕེན། མི་དེ་ཀྱ་ལམ་གཞན་ཞིག་གི་བརྒྱུད་ནས་རང་གི་ལུང་པ་ལེ་ལོག་པི་དིག
ཨེ་ཇེབ་ལུང་པ་ལེ་བྲོས་བ།
13དེ་ནས་སྐར་རྩིས་མཁས་པ་དེ་ཀྱ་བུད་དི་རྗེས་ལེ། ཇོ་བོ་དཀོན་མཆོག་གི་ཕོ་ཉ་ཞིག་ཡོ་སེབ་ཀྱི་རྨི་ལམ་ནང་ལེ་མངོན་སུམ་ཕེབས་ཏེ། རྒྱལ་པོ་ཧེ་རོ་དཱེ་ཁོས་ཕྲུ་གུ་དེ་གསོད་རྒྱུ་ཆེད་དུ་འཚོལ་གྱི་འདུག ཡར་ལོངས་དང་། ཕྲུ་གུ་དིང་ཁོང་གི་ཨ་མ་འཁྲིད་དེ་ཨེ་ཇེབ་ལུང་པ་ལེ་བྲོས་ཤིག ངས་ཁྱོད་ལེ་ཤོག་མ་སྨྲས་བར་དུ། ཨེ་ཇེབ་ལུང་པ་ལེ་སྡོད་ཅིག་ཟིན་གསུངས་པི་དིག 14དེ་ནས་ཡོ་སེབ་གཉིད་ནས་ཡར་ལངས་ཏེ། དེའི་མཚན་མོ་ཕྲུ་གུ་དིང་ཡུམ་ཁྲིད་དེ་ཨེ་ཇེབ་ལུང་པ་ལེ་བུད་དི་དིག 15ཇོ་བོ་དཀོན་མཆོག་གིས་ལུང་སྟོན་པའི་བརྒྱུད་ནས་ཨེ་ཇེབ་ལུང་པ་ནས་ངའི་སྲས་བོས་པི་ཡིན་ཟིན་གསུངས་པི་དེ་སྒྲུབ་རྒྱུ་ཆེད་དུ། རྒྱལ་པོ་ཧེ་རོ་དཱེ་མ་ཤི་བར་དུ་ཁོང་ཀྱ་ལུང་པ་དེ་རུ་བཞུགས་པི་དིག#2.15 ཚིགས་བཅད་འདི་ནི་ལུང་སྟོན་པ་ཧོ་ཤེ་ཨས་བྲིས་པའི་མདོ་ལེའུ་ 11 ཨང་ 1 ནང་ལེ་གཟིགས་རོགས།
ཕྲུ་གུ་ཡེ་རེ་བསད་པ།
16དེ་ནས་རྒྱལ་པོ་ཧེ་རོ་དཱེ་ཁོས་སྐར་རྩིས་མཁས་པའི་མི་དེ་ཀྱ་ཀྱིས་རང་ལེ། མགོ་སྐོར་བཏང་པི་དེ་ཧ་གོ་སྟེ་ཞེ་སྡང་འཇུ་གུ་ལངས་ཕེན། སྐར་རྩིས་མཁས་པའི་མི་དེ་ཀྱ་ཀྱིས་ཁོ་ལེ་སྨྲས་པའི་ཚེས་གྲངས་དེ་ལེ་བརྟེན་ཏེ་དམག་མི་བརྫངས་ཏེ། བེད་ལེ་ཧེམ་དིང་། ཡང་དེའི་མཐའ་འཁོར་གྱི་ས་ཆ་ལེ་སྐྱེས་འོད་ཡོད་བི་ས་ལོ་གཉིས་དིང་། ཡང་ནི། དེ་ལས་ཆུང་བའི་བི་ས་དེ་ཀྱ་སོད་དུ་བཅུག་པི་དིག 17དེ་ནི་ལུང་སྟོན་པ་ཡེ་རེམ་ཡཱས།
18ར་མཱ་རྒྱལ་སའི་མི་ཀྱ་ལེ། །
སྒྲ་ཞིག་ཐོས་པི་དིག སྒྲ་དེ་ནི། །
ཕྲུ་གུའི་ཆེད་དུ་རཱ་ཧེལ་གྱིས། །
ངུ་སྐད་འདོན་པའི་སྒྲ་ཡིན་དིག །
གཞན་གྱི་སེམས་གསོ་མི་འདོད། །
ཁོང་གི་ཕྲུ་གུ་ཡལ་ཚར་རི་དིག །
ཟིན་བྲིས་པི་དེ་བསྒྲུབས་པི་དིག#2.18 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་རེམ་ཡཱས་བྲིས་པའི་མདོ་ལེའུ་ 31 ཨང་ 15 ནང་ལེ་གཟིགས་རོགས།
ཨེ་ཇེབ་ལུང་པ་ནས་ཚུར་ཕེབས་པ།
19དེ་ནས་རྒྱལ་པོ་ཧེ་རོ་དཱེ་ཤི་བའི་རྗེས་ལེ། ཨེ་ཇེབ་ལུང་པ་རུ་ཡང་དང་ཡོ་སེབ་ཁོའི་རྨི་ལམ་ནང་ལེ། ཇོ་བོ་དཀོན་མཆོག་གི་ཕོ་ཉ་ཞིག་མངོན་སུམ་དུ་ཕེབས་ཏེ། 20ཕྲུ་གུ་གསོད་འདོད་བགྱིད་མཁན་ཀྱ་ཤི་ཚར་རི་དིག ད་ཡར་ལོངས་དང་། མ་བུ་གཉིས་ཀ་འཁྲིད་དེ་རང་འཇགས་ཡི་སི་ར་ཨེལ་ལུང་པ་ལེ་རྒྱུགས་ཤིག་ཟིན་གསུངས་པི་དིག 21དེ་ནས་ཡོ་སེབ་ཡར་ལངས་ཏེ། མ་བུ་གཉིས་ཀ་འཁྲིད་དེ་རང་འཇགས་ཡི་སི་ར་ཨེལ་ལུང་པ་ལེ་བུད་དི་དིག 22ཡིན་ནའང་། རྒྱལ་པོ་ཧེ་རོ་དཱེའི་ཤུལ་ལེ། ཁོའི་བི་ས་ཨར་ཀེ་ལཱ་ཟེར་མཁན་ཁོས་ཡ་ཧུ་དཱའི་ལུང་པ་ལེ་དབང་སྒྱུར་བགྱིད་འོད་དི་ཐོས་ཕེན། ཡོ་སེབ་ལུང་པ་དེ་ལེ་འགྲོ་རྒྱུ་ལེ་འཁྱར་རི་དིག དེ་ནས་ཡང་དང་དཀོན་མཆོག་གིས་ཡོ་སེབ་ཀྱི་རྨི་ལམ་ནང་ལེ། ཉེན་ཁ་འོད་དི་བརྡ་འབྱོར་ཕེན་ག་ལིལ་ལུང་པ་ལེ་བུད་དིག 23དེ་ནས་ཁོང་ཀྱ་ནཱ་ཙ་རེལ་​ཟེར་རི་ཡུལ་ལེ་སླེབས་ཏེ་དེ་རུ་བཞུགས་པི་དིག དེ་ནི་ལུང་སྟོན་པ་ཀྱ་ཀྱི་བརྒྱུད་ནས་ཁོང་ལེ་ནཱ་ཙ་རེལ་པ་ཟེར་གྱི་དིག་ཟིན་སྨྲས་པི་དེ་འགྲུབ་རྒྱུ་ཆེད་དུ་ཡིན་དིག །

ハイライト

シェア

コピー

None

すべてのデバイスで、ハイライト箇所を保存したいですか? サインアップまたはサインインしてください。