1
ཡོ་ཧ་ནན། 10:10
Tibetan, Modern, gSungrab གསུང་རབ།
རྐུན་མས་རྐུ་བ་དང་གསོད་པ་དང་མེད་པར་བྱེད་པ་ཁོ་ནའི་ཕྱིར་ཡོང༌། འོན་ཀྱང་ང་ནི་དེ་ཚོར་དཔག་ཏུ་མེད་པའི་ཚེ་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་ཡོང༌།
Palyginti
Naršyti ཡོ་ཧ་ནན། 10:10
2
ཡོ་ཧ་ནན། 10:11
ང་ནི་ལུག་རྫི་བཟང་པོ་ཡིན། ལུག་རྫི་བཟང་པོས་ལུག་གི་དོན་དུ་རང་གི་སྲོག་གཏོང་ངོ༌།
Naršyti ཡོ་ཧ་ནན། 10:11
3
ཡོ་ཧ་ནན། 10:27
ངའི་ལུག་ངའི་སྐད་ལ་ཉན། ངས་དེ་ཚོ་ངོ་ཤེས་ཤིང་དེ་ཚོ་ངའི་རྗེས་སུ་འབྲང༌།
Naršyti ཡོ་ཧ་ནན། 10:27
4
ཡོ་ཧ་ནན། 10:28
ཡང་ངས་དེ་ཚོར་དཔག་ཏུ་མེད་པའི་ཚེ་སྦྱིན་ཞིང་དེ་ཚོ་ནམ་ཡང་འཇིག་པར་མི་འགྱུར། སུས་ཀྱང་ངའི་ལག་ནས་འཕྲོག་མི་སྲིད།
Naršyti ཡོ་ཧ་ནན། 10:28
5
ཡོ་ཧ་ནན། 10:9
ང་ནི་སྒོ་དེ་ཡིན། སུ་ཡང་ང་བརྒྱུད་ནས་འཛུལ་ན་ཐར་བར་འགྱུར། ཡང་ཕྱི་འགྲོ་ནང་འཛུལ་བྱེད་ཅིང་རྩྭ་ཁ་རྙེད་པར་འགྱུར།
Naršyti ཡོ་ཧ་ནན། 10:9
6
ཡོ་ཧ་ནན། 10:14
ང་ནི་ལུག་རྫི་བཟང་པོ་ཡིན། ཇི་ལྟར་ངས་རང་གི་ལུག་རྣམས་ངོ་ཤེས་པ་དང༌། ངའི་ལུག་རྣམས་ཀྱིས་ཀྱང་ང་ངོ་ཤེས།
Naršyti ཡོ་ཧ་ནན། 10:14
7
ཡོ་ཧ་ནན། 10:29-30
ངའི་ཡབ་ཀྱིས་དེ་ཚོ་ང་ལ་གནང་བ་དང༌། ཁོང་ནི་ཐམས་ཅད་ལས་མཆོག་ཡིན། སུས་ཀྱང་དེ་ཚོ་ངའི་ཡབ་ཀྱི་ཕྱག་ནས་འཕྲོག་མི་སྲིད། ང་དང་ཡབ་གཅིག་ཡིན་ནོ་”ཞེས་གསུངས།
Naršyti ཡོ་ཧ་ནན། 10:29-30
8
ཡོ་ཧ་ནན། 10:15
དེ་ལྟར་ཡབ་ཀྱིས་ང་ངོ་མཁྱེན་པ་དང༌། ངས་ཀྱང་ཡབ་ཀྱི་ཞལ་ངོ་ཤེས། ཡང་ངས་ལུག་གི་དོན་དུ་ང་རང་གི་སྲོག་བློས་གཏོང༌།
Naršyti ཡོ་ཧ་ནན། 10:15
9
ཡོ་ཧ་ནན། 10:18
སུས་ཀྱང་ངའི་སྲོག་མི་འཕྲོག ང་ནི་རང་སྲོག་རང་གིས་གཏོང༌། ང་ལ་སྲོག་བློས་གཏོང་བའི་དབང་ཆ་ཡོད་ཅིང་སླར་གསོན་པའི་དབང་ཆ་ཡང་ཡོད། དེ་ལྟར་ངའི་ཡབ་ཀྱིས་ང་ལ་བཀའ་གནང་”ཞེས་གསུངས།
Naršyti ཡོ་ཧ་ནན། 10:18
10
ཡོ་ཧ་ནན། 10:7
དེའི་ཕྱིར་ཡེ་ཤུས་ཁོ་ཚོར་ཡང་བསྐྱར་“ངས་ཁྱེད་ཚོར་བདེན་པ་བདེན་པར་ཟེར་རྒྱུར། ལུག་རའི་སྒོ་དེ་ནི་ང་ཡིན།
Naršyti ཡོ་ཧ་ནན། 10:7
11
ཡོ་ཧ་ནན། 10:12
གླ་པ་ནི་ལུག་རྫི་མ་ཡིན། ལུག་གི་བདག་པོ་ཡང་མ་ཡིན་པས། སྤྱང་ཀི་ཡོང་བ་མཐོང་སྐབས་ཁོས་ལུག་རྣམས་དོར་ནས་འབྲོས་པ་དང༌། སྤྱང་ཀིས་ལུག་འཁྱེར་ཞིང་ལུག་ཁྱུ་གཏོར།
Naršyti ཡོ་ཧ་ནན། 10:12
12
ཡོ་ཧ་ནན། 10:1
ཡེ་ཤུས་“ངས་ཁྱེད་ཚོ་ལ་བདེན་པ་བདེན་པར་ཟེར་རྒྱུར། སུ་ཡང་ལུག་རའི་སྒོ་ནས་ལུག་རའི་ནང་དུ་མ་འཛུལ་བར། ཕྱོགས་གཞན་ནས་འཛེག་པ་དེ་ནི་རྐུན་མ་དང་ཇག་པ་ཡིན།
Naršyti ཡོ་ཧ་ནན། 10:1
Pradžia
Biblija
Planai
Vaizdo įrašai