1
ཡོ་ཧ་ནན། 11:25-26
Tibetan, Modern, gSungrab གསུང་རབ།
ཡེ་ཤུས་“སླར་གསོན་པ་དང་དཔག་ཏུ་མེད་པའི་ཚེ་ནི་ངའོ། སུ་ཡང་ང་ལ་དད་པ་བྱེད་མཁན་དེ་ཤི་ཡང་གསོན་པར་འགྱུར་ལ། སུ་ཡང་ང་ལ་བརྟེན་ནས་གསོན་ཞིང་ང་ལ་དད་པ་བྱེད་མཁན་དེ་འཆི་མི་སྲིད། དོན་དེ་ལ་ཁྱེད་ཀྱིས་ཡིད་ཆེས་སམ་”ཞེས་གསུངས།
Palyginti
Naršyti ཡོ་ཧ་ནན། 11:25-26
2
ཡོ་ཧ་ནན། 11:40
ཡེ་ཤུས་“སྔར་ངས་ཁྱེད་ལ་གལ་ཏེ་དད་པ་བྱས་ན་དཀོན་མཆོག་གི་གཟི་བརྗིད་མཐོང་ངེས་ཡིན་ཞེས་བཤད་པ་མ་ཡིན་ནམ་”ཞེས་གསུངས་པས།
Naršyti ཡོ་ཧ་ནན། 11:40
3
ཡོ་ཧ་ནན། 11:35
དེར་ཡེ་ཤུ་བཤུམས།
Naršyti ཡོ་ཧ་ནན། 11:35
4
ཡོ་ཧ་ནན། 11:4
ཡེ་ཤུས་དེ་གསན་ནས་ཁོང་གིས་“ནད་དེ་ནི་འཆི་བའི་རྒྱུ་མ་ཡིན། དཀོན་མཆོག་གི་གཟི་བརྗིད་མངོན་པར་འགྱུར་བའི་ཕྱིར་ཡིན་ཏེ། དཀོན་མཆོག་གི་སྲས་ལ་མིས་བཀུར་སྟི་བྱ་བའི་ཆེད་དུ་བྱུང་”ཞེས་གསུངས།
Naršyti ཡོ་ཧ་ནན། 11:4
5
ཡོ་ཧ་ནན། 11:43-44
ཁོང་གིས་གསུང་སྐད་ཆེན་པོས་“ལཱ་ཟར། ཕྱིར་ཐོན་ཤོག་”ཅེས་གསུངས་མ་ཐག གཤིན་པོ་རྐང་ལག་རས་ཀྱིས་བསྡམས་པ་དང༌། གདོང་པ་ཡང་རས་ཀྱིས་བཏུམས་པ་དེ་ཕྱི་རོལ་ཏུ་ཐོན། ཡེ་ཤུས་ཁོ་ཚོར་“རས་བཀྲོལ་ལ་ཁོང་འགྲོ་རུ་ཆུག་ཅིག་”ཅེས་གསུངས།
Naršyti ཡོ་ཧ་ནན། 11:43-44
6
ཡོ་ཧ་ནན། 11:38
དེར་ཡང་ཡེ་ཤུ་རང་གི་ཐུགས་འཁྲུགས་ཏེ་དུར་ཁང་གི་རྩར་ཕེབས། དུར་ཁང་དེ་བྲག་ཕུག་ཅིག་ཡིན་ཞིང་དེའི་ཁ་ལ་རྡོ་ཆེན་པོ་ཞིག་བཞག་ཡོད་པ་ཡིན།
Naršyti ཡོ་ཧ་ནན། 11:38
7
ཡོ་ཧ་ནན། 11:11
ཁོང་གིས་ཁོ་ཚོར་“ང་ཚོའི་གྲོགས་པོ་ལཱ་ཟར་གཉིད་ཁུག་སྟེ། ངས་ཁོང་གཉིད་གསོད་པར་ཆེད་དུ་འགྲོ་”ཞེས་གསུངས།
Naršyti ཡོ་ཧ་ནན། 11:11
Pradžia
Biblija
Planai
Vaizdo įrašai