Лого на YouVersion
Икона за пребарување

མད་ཐཱ། 3

3
ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ལམ་གྲ་སྒྲིག་མཛད་པ།
(མར་ཀུ། ༡:༡-༨; ལུ་ཀ། ༣:༡-༡༨; ཡོ་ཧ་ནན། ༡:༡༩-༢༨)
1ལོ་ག་ཞིང་གཤམ་ལ་ཁྲུས་གསོལ་གནང་མཁན་ཡོ་ཧ་ནན་ཡུ་དེ་ཡཱ་ཡུལ་གྱི་རི་སྟོང་ལ་འོངས་རེ་དེ་རེ་ཆོས་བཤད་པ་ལགས། 2སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་། གི་བྱས་རེ་སྨྲ་ན་ནམ་མཁའི་རྒྱལ་སྲིད་ཉེ་སླེབས་ཚར་འདུག 3མངོན་ཤེས་མཁན་ཡེ་ཤ་ཡཱ་ཡིས་དེ་རེ་གསུངས་ཀྱིན་འདི་ནི་ཡོ་ཧ་ནན་གྱི་སྐོར་ལ་ལགས།
རི་སྟོང་དུ་འབོད་ཀྱིན་སྐད་གཅིག
གཙོ་བོའི་ཕེབས་ལམ་གྲ་སྒྲིག་བྱེད།
ཁོང་པ་ཡི་ཕེབས་ལམ་དེ་ཁབ་ཐད་བཟོས།#ཡེ་ཤ་ཡཱ། ༤༠:༣
4ད་ཡོ་ཧ་ནན་སེམས་ཅན་སྣ་བོའི་སྤུའི་གོས་གོན་ད་ལགས། དེ་ནས་རྐེད་པ་ལ་ཀོ་བའི་སྐེད་རགས་རེལ་ལ་ལགས། དེ་ནས་ཁོའི་ཟ་མ་གོ་ཨི་ལི་ཚག་ཚག་དང་རིའི་སྦྲང་རྩི་ལགས། 5དེ་ནས་ཡེ་རུ་ཤ་ལེམ་དང་། ཡུ་དེ་ཡཱ་གི་རི་ནས། དེ་ནས་ཡོར་དན་གཙང་པོའི་མཐའ་སྐོར་ལ་འོད་ཀྱིན་ཡུལ་གི་རི་ནས་མི་ཀྱ་ཁོའི་རྩ་རུ་སོང་བ་ལགས། 6དེ་ནས་ཁོང་ཀྱ་རང་གི་སྡིག་པ་ཀྱ་ཁས་ལེན་ཏེ་ཁོ་ནས་ཡོར་དན་གཙང་པོ་རུ་ཁྲུས་གསོལ་ལེན་པ་ལགས།
7ཡིན་ནའང་ཕཱ་རུ་ཤི་པ་ཀྱ་དང་སཱ་དུ་ཀི་པ་ཀྱ་ནས་མི་མང་ཆེ་ཁྲུས་གསོལ་ལེན་དུ་འོང་གིན་གོ་གཟིགས་ཏེ་ཁོས་ཁོང་ཀྱ་ལ་སྨྲས་བ་ལགས། དུག་སྦྲུལ་གྱི་བརྒྱུད་པ་ཁྱེད་ཀྱ། མ་འོངས་པར་གྱི་ཐུགས་ཁྲོ་ནས་ཁྱེད་ཀྱ་འབྲོས་ཡས་ལ་སུས་ཉེན་བརྡ་བཏང་སོ། 8སྡིག་པ་སྤངས་རེ་སེམས་སྒྱུར་བ་ལ་མཐུན་གྱིན་འབྲས་བུ་སྐྱེད། 9འེ་ཀྱ་ཨབ་ར་ཧམ་གྱི་བརྒྱུད་པ་ཡིན་སྨྲས་རེ་རང་རང་སྨྲ་ཡས་མ་བསམ། གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་སྨྲ་ཡིན། དཀོན་མཆོག་གིས་འདི་རྡོ་གོང་ཀྱ་ནས་ཨབ་ར་ཧམ་གྱི་ཕྱིར་ལ་བུ་རྒྱུད་བཀོད་མཛད་ཐུབ་ཀྱི་ལགས། 10ད་ལྟ་རང་སྡོང་པོ་ཀྱ་ཡི་རྩ་བ་ལ་སྟི་རི་བཞག་ཚར་འདུག དེ་ནས་འབྲས་བུ་བཟང་པོ་མེད་སྐྱེས་ཀྱིན་སྡོང་པོ་གི་རི་བཅད་དེ་མེ་ལ་གཡུག་གི་ལགས།
11ཁྱེད་ཀྱ་སྡིག་པ་ནས་སྒྱུར་ར་ཤོག་སྨྲས་རེ་ང་ཁྱེད་ཀྱ་ལ་ཆུའི་ཁྲུས་གསོལ་སྟེར་ར་ཡིན། ཡིན་ནའང་ངའི་གཤམ་ལ་ཕེབས་མཁན་གོ་ང་ནས་དབང་ཆེ་འོད་ད་ལགས། ང་ཁོང་པ་ཡི་ཞབས་ལྷམ་འཁྱེར་རིན་ཁ་ཡས་མེད། ཁོང་པ་ཡིས་ཁྱེད་ཀྱ་ལ་དམ་པའི་ཐུགས་ཉིད་དང་མེའི་ཐོག་ནས་ཁྲུས་གསོལ་གནང་གི་ལགས། 12ཁོང་པ་ཡི་ཕྱག་ལ་ཕྲོ་མ་བསྣུམས་འདུག དེ་ནས་ཁོང་པ་ཡིས་འོ་ར་གཙང་མ་མཛད་ཀྱི་ལགས། དེ་ནས་གྲོ་ཀྱ་སྡུད་རེ་འབྲུ་ཁང་ལ་བཞག་མཛད་ཀྱི་ལགས། ཡིན་ནའང་ཕུབ་མ་ཀྱ་ནམ་མའང་མི་ཤི་གིན་མེ་ཡིས་བསྲག་མཛད་ཀྱི་ལགས།
ཡེ་ཤུའི་ཁྲུས་གསོལ།
(མར་ཀུ། ༡:༩-༡༡; ལུ་ཀ། ༣:༢༡-༢༢; ཡོ་ཧ་ནན། ༡:༣༢-༣༤)
13དེ་ནས་ཡེ་ཤུ་ག་ལིལ་ནས་ཡོ་ཧ་ནན་རྩ་རུ་ཁོ་ནས་ཁྲུས་གསོལ་བཞེས་ཡས་ལ་ཡོར་དན་གཙང་པོ་རུ་ཕེབས་པ་ལགས། 14ཡོ་ཧ་ནན་གྱིས་ཁོང་ལ་བཀག་ཡས་འདོད་དེ། དེ་རེ་སྨྲས་བ་ལགས། ང་ཀ་ཁྱེད་རང་ནས་ཁྲུས་གསོལ་ལེན་དགོས་གུ་ལགས། ཡིན་ནའང་ཁྱེད་རང་ངའི་རྩ་རུ་ཕེབས་བ་ལེ།
15ཡིན་ནའང་ཡེ་ཤུ་ཡིས་ཁོ་ལ་ལན་མཛད་པ་ལགས། འོ་རང་ཀྱ་དཀོན་མཆོག་གི་ཐུགས་དགོངས་གི་རི་སྒྲུབ་ཏུ་བཅུག་ཡས་ལ་ད་ལྟ་དེ་རེ་རང་འོང་དུ་ཆུག དེ་ནས་ཁོས་དེ་རེ་རང་བྱས་བ་ལགས།
16ཡེ་ཤུ་ཁྲུས་གསོལ་བཞེས་ཚར་ཏེ་ལམ་སང་ཁོང་པ་ཆུ་ནས་ཡར་ལ་བཞེངས་བའི་གང་ལ། ནམ་མཁའ་བས་རེ་དཀོན་མཆོག་གི་ཐུགས་ཉིད་ཕུག་རོན་གྱི་གཤིས་ཀ་ལ་བབ་ཀྱིན་དང་། ཁོང་པ་ཐོག་ལ་བཞུགས་ཀྱིན་གོ་གཟིགས་པ་ལགས། 17འདི་ནི་ནམ་མཁའ་ནས་གསུང་སྐད་གཅིག་གིས། འདི་ནི་ངའི་གཅེས་བའི་སྲས་ཡིན། ང་ཁོའི་མུ་ལ་དམི་ཅིག་གི་ཉམ་མོ་དགའ་འོད་གསུངས་རེ་གསུངས་བ་ལགས།།

Селектирано:

མད་ཐཱ། 3: LOY

Нагласи

Сподели

Копирај

None

Дали сакаш да ги зачуваш Нагласувањата на сите твои уреди? Пријави се или најави се