མད་ཐཱ། 15
15
ལེའུ་བཅོ་ལྔ།
གཙང་མ་དིང་མི་གཙང་བའི་སྐོར།
1དེ་ནས་རྗེས་ལེ་ཕཱ་རུ་ཤི་པ་དིང་ཡ་ཧུ་དཱ་པའི་ཆོས་ཁྲིམས་མཁས་པ་ཁ་ཤས་ཡེ་རུ་ས་གླིང་གི་རྒྱལ་ས་ནས་འོངས་ཏེ། ཡེ་ཤུ་ལེ། 2ཁྱེད་ཀྱི་སློབ་མ་ཀྱ་ཀྱིས་འུའི་མེས་མེས་ཀྱ་ཀྱི་ལུགས་སྲོལ་ཅོག་འདྲ་ལག་ག་མ་འཁྲུད་དེ་ཟ་མ་ཅི་ལེ་བཟའ་ཡིན་གོ་ཟིན་དྲིས་ཕེན། 3ཁོང་གིས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་རང་གི་བཟོས་པའི་ལུགས་སྲོལ་དེ་སྲུང་རྒྱུ་ཆེད་དུ། དཀོན་མཆོག་གི་བཀའ་འདི་ཅི་ལེ་རྩིས་མེད་གཏོང་གི་ཡིན་དོ། 4དཔེར་ན། དཀོན་མཆོག་གིས་རང་གི་ཕ་མ་ལེ་བརྩི་བཀུར་གྱིས་ཟིན་གསུངས་འོད་དིག#15.4 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 20 ཨང་ 12 དིང༌། མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 5 ཨང་ 16 ནང་ལེ་གཟིགས་རོགས། ཕ་མ་ལེ་ཚིག་ངན་ཟེར་མཁན་འདི་སྲོག་གཅོད་དགོས་འོད་དིག་ཟིན་གསུངས་འོད་དིག#15.4 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 21 ཨང་ 17 དིང༌། ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གསུམ་པ་ལེ་ཝི་ཚུལ་ཁྲིམས་ལེའུ་ 20 ཨང་ 9 ནང་ལེ་གཟིགས་རོགས། 5ཡིན་ནའང་། ཁྱེད་ཀྱ་ཀྱིས་རང་གི་ཕ་མ་ལེ། ངས་ཁྱེད་ཀྱ་ལེ་ཕན་ཐོགས་རྒྱུ་འདི་ནི། ངས་དཀོན་མཆོག་ལེ་ཕུལ་ལི་ཡིན་སྨྲས་ནི། 6རང་གི་ཕ་མ་ལེ་བརྩི་བཀུར་བགྱིད་དགོས་མེད་དིག་སྨྲས་པི་དིག ཁྱེད་ཀྱ་ཀྱིས་རང་གི་ལུགས་སྲོལ་སྲུང་རྒྱུ་ཆེད་དུ། དཀོན་མཆོག་གི་བཀའ་དེ་མ་བརྩིས་པི་དིག 7ཁ་ཡོད་ལག་མེད་ཁྱེད་ཀྱ་ཀྱི་སྐོར་ལེ་ལུང་སྟོན་པ་ཡེ་ཤ་ཡཱས།
8མི་རྒྱུད་འདི་ཀྱ་ཀྱིས་ཁ་ནས་པ་རྐྱང་། །
ང་ལེ་བརྩི་བཀུར་བགྱིད་འོད་ནའང༌། །
ཁོང་ཀྱ་ཀྱི་སེམས་དེ་ནི་ང་ནས་ཁ་བྲལ། །
9འཇིག་རྟེན་མིས་བརྩམས་པའི་བསླབ་བྱ་རང་ལེ་སྟོན། །
ཁོང་ཀྱ་ཀྱིས་བརྩི་བཀུར་དེ་ནི་ང་ལེ་ཕན་ཐོགས་མེད། །
ཟིན་གསུངས་འོད་དིག#15.9 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 29 ཨང་ 13 ནང་ལེ་གཟིགས་རོགས། 10དེ་ནས་ཡེ་ཤུས་མི་ཚོགས་ཀྱ་རང་གི་མདུན་དུ་ཤོག་སྨྲས་ཏེ། ཁྱེད་ཀྱ་ཡེ་རེས་ངས་སྨྲས་པི་དེ་ལེ་ཉེན་ཏེ་ཧ་གོ་ཐུབ་བར་གྱིས་ཤིག 11ཁ་ནས་ཁོག་ལེ་འཛུལ་ལི་དེས་མི་ལེ་མི་གཙང་བར་མི་བཟོ་འོད་དིག ཡིན་ནའང་། མིའི་ཁོག་ནས་ཕྱི་ལེ་ཅི་ཐོན་པི་དེས་མི་ལེ་མི་གཙང་བར་བཟོ་འོད་དིག་ཟིན་གསུངས་པི་དིག 12དེ་ནས་སློབ་མ་ཀྱ་ཁོང་གི་མདུན་དུ་འོངས་ཏེ། ཁྱེད་ཀྱིས་གསུངས་པི་དེ་ཕཱ་རུ་ཤི་པ་ཀྱ་ཀྱིས་ཐོས་ཏེ། ཁོང་ཀྱ་ཕོག་ཐུག་བྱུང་བ་དེ་ཁྱེད་ཀྱིས་མཁྱེན་བྱུང་གས་ཟིན་ཞུས་ཕེན། 13ཁོང་གིས་སློབ་མ་ཀྱ་ལེ། ཞིང་ཁམས་ལེ་བཞུགས་འོད་ཡོད་ངའི་ཨ་ཀྱིས་མ་ཚུགས་པའི་སྡོང་པོ་དེ་ཀྱ་རེ་རེ་བྱས་ཏེ་རྩ་བ་ནས་བཀོག་གནང་གྱི་དིག 14མི་དེ་ཀྱ་ལེ་དོ་སྣང་མ་བགྱིད། མི་དེ་ཀྱ་ནི། ཞ་རས་ཞ་ར་ལེ་ཁྲིད་དེ་གཉིས་ཀ་ས་དོང་ནང་ལེ་དགྱེལ་ལི་དིང་ཅོག་འདྲ་ཡིན་དིག་ཟིན་གསུངས་པི་དིག 15དེ་ནས་པེ་ཏྲོས་ཁོང་ལེ་དཔེ་དེའི་དོན་དག་ཅི་ཡིན་མིན་ཉེད་ཀྱ་ལེ་གསལ་བཤད་གནང་རོགས་ཟིན་ཞུས་ཕེན། 16ཁོང་གིས་ཁོ་ལེ། ཁྱེད་ཀྱ་ཀྱིས་ད་རུང་ཟང་མི་ཤེས་འདུག་གས། 17ཁ་ནས་ཁོག་ནང་ལེ་ཟས་རིགས་ཅི་ཞིག་འཛུལ་ནའང་། དེ་གྲོད་པའི་ནང་ལེ་མ་བསྡད་དེ། ཕྱི་ལེ་འཐོན་འོང་གི་དེ་ཁྱེད་ཀྱ་ཀྱིས་མི་ཤེས་འོད་དས། 18ཡིན་ནའང་། མིའི་ཁ་ནས་ཕྱི་ལེ་ཅི་འཐོན་འོངས་པི་དེ་ནི། སེམས་ཀྱི་ནང་ནས་འཐོན་འོངས་པི་ཡིན་ཕེན། དེས་མི་ལེ་མི་གཙང་བར་བཟོ་འོད་དིག 19ཅི་ལེ་ཟེར་ནི། མིའི་སེམས་ནང་ལེ་སེམས་པ་ངན་པ་དིང་། མིའི་སྲོག་བཅོད་པ། བྱི་བོ་བྱི་མོ། ལུས་འབྲེལ་གྱི་འདོད་ཆགས། རྐུན་མ། རྫུན་གྱི་དཔང་པོ། དམའ་འབེབས་གཏོང་རྒྱུ་དེ་ཀྱ་འཐོན་འོང་འོད་ཕེན། 20འོ་དེ་ཡེ་རེས་མི་ལེ་མི་གཙང་བར་བཟོ་འོད་དིག ལག་ག་མ་ཁྲུས་ཏེ་ཟ་མ་བཟས་པའི་རྐྱེན་གྱིས་མི་ལེ་མི་གཙང་བར་མི་བཟོ་འོད་དིག་ཟིན་གསུངས་པི་དིག
ཀ་ནཱན་ལུང་པའི་བུ་མའ་ཞིག་གི་དད་སེམས་ཀྱི་སྐོར།
21དེ་ནས་ཡེ་ཤུ་ས་ཆ་དེ་ནས་ཁ་བྲལ་ཏེ་ཐཱ་ཨེར་དིང་ཚི་དོན་རྒྱལ་སའི་ས་ཁུལ་ཕེབས་པི་དིང་། 22ཀ་ནཱན་ཟེར་རི་ལུང་པ་ནས་བུ་མའ་ཞིག་ཁོང་གི་དྲུང་དུ་འོངས་ཏེ། སྐད་ཆེན་པོས་ངང་ནས། ཇོ་བོ། རྒྱལ་པོ་དཱ་བིད་ཀྱི་སྲས། ཁྱེད་ཀྱིས་ང་ལེ་ཐུགས་རྗེས་གཟིགས་རོགས། ངའི་བུ་མོ་ལེ་གདོན་འདྲེ་ཞུགས་ཏེ་མནར་གཅོད་མང་པོ་གཏོང་གི་འདུག་ཟིན་ཞུས་པི་དིག 23ཡིན་ནའང་། ཁོང་གིས་ལན་ཅི་གང་མ་བརྒྱབ་ཕེན། སློབ་མ་ཀྱ་ཀྱིས་ཁོང་ལེ། བུ་མའ་འདི་འུ་ཀྱ་ལེ་སྐད་ཆེན་པོས་ངང་ནས་སྐད་འཇུ་གུ་གཏོང་གི་འདུག ཕ་ལེ་རྫོངས་དང་། འུ་ལེ་སུན་པོ་བཟོ་འདུག་ཟིན་ཁོང་ལེ་ཞུས་པི་དིག 24ཡིན་ནའང་། ཁོང་གིས་ང་ནི་ལུག་བསྐྱུར་རི་ཅོག་འདྲ་ཡིན་མཁན་ཡི་སི་ར་ཨེལ་གྱི་མི་ཀྱ་ཀྱི་ཆེད་དུ་པ་རྐྱང་བརྫངས་པི་དིག་ཟིན་གསུངས་པི་དིག 25དེ་ནས་བུ་མའ་དེ་ཁོང་གི་མདུན་དུ་འོངས་ཏེ། པུས་མོ་ས་ལེ་བཙུགས་ཏེ། ཇོ་བོ། ང་ལེ་རོགས་རམ་བགྱིད་རོགས་ཟིན་ཞུ་བ་ཕུལ་ཕེན། 26ཁོང་གིས་མོ་ལེ། ཕྲུ་གུའི་ལག་ནས་སྒོར་ཕྱེ་བླངས་ཏེ་ཁྱི་ལེ་གཡུགས་ནི་དགའ་མོ་མི་ཡོང་འོད་དིག་ཟིན་གསུངས་ནའང་། 27མོས། ཇོ་བོ། འོ་ཀ་ཟེ། ཡིན་ནའང་། ཁྱི་ཀྱ་ཀྱིས་ཁྱིམ་གྱི་བདག་པོའི་ཅོག་ཙེའི་འོག་ལེ་ཟས་ལྷག་དེ་ཀྱ་ཟ་འདུག་ཟིན་ཞུས་ཕེན། 28ཡེ་ཤུས་བུ་མའ་མོ་ལེ། ཁྱོད་ཀྱིས་དད་པ་ཆེན་པོ་བྱས་པི་དེ་ལེ་བརྟེན་ཏེ། ཁྱོད་ཀྱི་འདོད་པ་ཅོག་འདྲ་འོང་གྱི་དིག་ཟིན་གསུངས་ལོང་མེད། བུ་མོ་དེ་ལེ་ཞུགས་འོད་ཡོད་གདོན་འདྲེ་དེ་མོའི་ལུས་ནས་ཐོན་ཕེན་མོ་རང་ལུས་བདེ་མོ་བྱུང་པི་དིག
ནད་པ་མང་པོའི་ན་ཚ་དྲག་ཏུ་བཅུག་པ།
29དེ་ནས་ཡེ་ཤུ་ས་ཆ་དེ་ནས་ཁ་བྲལ་ཏེ་ག་ལིལ་མཚོ་ཉེ་འགྲམ་ལེ་འོད་ཡོད་རི་ལེ་ཕེབས་ཏེ་དེ་རུ་བཞུགས་པི་དིག 30དེ་ནས་མི་ཚོགས་ཀྱིས་ཁོང་གི་དྲུང་དུ། ཞ་ར། ལྐུག་པ། དབང་བོ་སྐྱེན་ཅན། དེ་མན་ནད་པ་དེ་ཀྱ་ཡེ་རེ་འཁྲིད་འོངས་ཏེ། ཁོང་གི་ཞབས་ཀྱི་རྩ་རུ་བོར་ཕེན། ཁོང་གིས་མི་དེ་ཀྱ་ཡེ་རེ་དྲག་ཏུ་བཅུག་པི་དིག 31མི་ཚོགས་ཀྱ་ཀྱིས་ལྐུག་པ་ཀྱ་ལབ་ཟེར་རི་དིང་། དབང་པོ་སྐྱོན་ཅན་ཀྱ་དྲག་པི་དིང༌། རྐང་ཀྱོག་ཀྱ་ཟང་གོམ་སྤོས་པི་མ་ཟད། མིག་ཞ་ར་ཀྱ་ཟང་མཐོང་རྒྱུ་འོད་ཡོད་བྱུང་པི་དེ་མཐོང་ཕེན་ཧ་ལས་ཆེན་པོ་བྱུང་སྟེ། མི་ཚོགས་ཀྱ་ཀྱིས་ཡི་སི་ར་ཨེལ་གྱི་དཀོན་མཆོག་ལེ་བསྟོད་པ་ཕུལ་ལི་དིག
ཡེ་ཤུས་མི་བཞི་སྟོང་ལྷག་ཚོད་གྲོད་པ་འགྲང་དུ་བཅུག་པ།
32དེ་ནས་ཡེ་ཤུས་སློབ་མ་ཀྱ་རང་གི་མདུན་དུ་ཤོག་སྨྲས་ཏེ། མི་ཚོགས་འདི་ཀྱ་ངའི་སྐྱེན་ལེ་བསྡད་དེ་ཞག་མ་གསུམ་བུད་དི་དིག ད་ལྟ་མི་འདི་ཀྱ་ལེ་ཟ་མ་ཅི་གང་མེད་ཕེན་ང་ཁོང་ཀྱ་ལེ་སྙིང་འཇུ་གུ་རྗེ་འདུག ལམ་ཀ་ལེ་མི་འདི་ཀྱ་གྲོད་པ་ལྟོགས་ཏེ་དྲན་མེད་ཤོར་རི་ཉེན་ཁ་འོད་དིག ཁ་སྟོང་པ་ལེ་ལོག་རྫོངས་འདོད་མི་འདུག་ཟིན་གསུངས་པི་དིག 33དེ་ནས་སློབ་མ་ཀྱ་ཀྱིས་ཁོང་ལེ་མི་ཚོགས་མང་པོ་འདི་ཡེ་རེ་ལེ་འགྲང་རྒྱུ་སྒོར་ཕྱེ་མང་པོ་ཞིག་ལུང་པ་དབེན་སྟོང་འདི་རུ་ག་ནས་ནི་འབྱོར་སྲིད་རྒྱུ་ཟིན་ཞུས་ཕེན། 34ཁོང་གིས་སློབ་མ་ཀྱ་ལེ། ཁྱེད་ཀྱ་ལེ་སྒོར་ཕྱེ་ཙམ་འོད་དོ་ཟིན་སྐད་ཆ་དྲིས་ཕེན། ཉེད་ཀྱ་ལེ་སྒོར་ཕྱེ་བདུན་དིང་ཉ་ཤ་ཆུང་མ་ཁ་ཤས་ཞིག་མ་གཏོགས་མེད་ཟིན་ཞུས་པི་དིག 35དེ་ནས་ཁོང་གིས་མི་ཚོགས་ཀྱ་ས་ལེ་སྡོད་ཟིན་བཀའ་གནང་སྟེ། 36སྒོར་ཕྱེ་བདུན་པོ་དིང་ཉ་ཤ་དེ་ཕྱག་ལེ་བསྣམས་ཏེ། དཀོན་མཆོག་ལེ་བཀའ་དྲིན་ཆེ་ཟིན་ཞུས་ནུས་པི་རྗེས་ལེ། སྒོར་ཕྱེ་དེ་ཕྱེད་ཀ་བཏང་སྟེ་སློབ་མ་ཀྱ་ལེ་གཏད་ཕེན། སློབ་མ་ཀྱ་ཀྱིས་ཟང་མི་ཚོགས་ཀྱ་ལེ་བགོས་ཏེ་གཏད་དི་དིག 37ཡང་མི་ཚོགས་ཀྱ་ཀྱིས་ཟང་འགྲངས་འགྲངས་བཟས་པའི་རྗེས་ལེ། སློབ་མ་ཀྱ་ཀྱིས་ཟས་ལྷག་རྐོན་པ་གང་བདུན་བསྡུས་པི་དིག 38བུ་མའ་དིང་ཕྲུ་གུ་མ་བརྩིས་ཏེ་ཟ་མ་བཟའ་མཁན་མི་སྟོང་ཕྲག་བཞི་ཚོད་འོད་དིག 39དེ་ནས་མི་ཚོགས་དེ་ཀྱ་ཕ་ལེ་ལོག་བརྫངས་པའི་རྗེས་ལེ། ཁོང་རང་གྲུ་ལེ་བཞོན་ཏེ་མ་ག་དན་ཟེར་རི་ལུང་པ་ལེ་ཕེབས་གནང་པི་དིག །
လက္ရွိေရြးခ်ယ္ထားမွု
མད་ཐཱ། 15: DLPO
အေရာင္မွတ္ခ်က္
မၽွေဝရန္
ကူးယူ
မိမိစက္ကိရိယာအားလုံးတြင္ မိမိအေရာင္ခ်ယ္ေသာအရာမ်ားကို သိမ္းဆည္းထားလိုပါသလား။ စာရင္းသြင္းပါ (သို႔) အေကာင့္ဝင္လိုက္ပါ
© 2023 Wycliffe Bible Translators, Inc. All rights reserved.

: