YouVersion Logo
Search Icon

ཡོ་ཧ་ནན། 15

15
ལེའུ་བཅོ་ལྔ།
ཡེ་ཤུས་​རྒུན་འབྲུམ་​སྡོང་པོ་ཞིག་ལེ་​དཔེ་​བསྟན་​པ།
1དེ་ནས་​ཡང་ཡེ་ཤུས་​སློབ་མ་​ཀྱ་​ལེ། ང་​ནི་​རྒུན་འབྲུམ་གྱི་​སྡོང་པོ་​ངོ་ཐོག་​དེ་​ཡིན། ངའི་​ཨ་ཀྱི་ནི་​རྒུན་འབྲུམ་​སྡོང་པོ་​ལེ་​ལྟ་རྟོག་​གནང་​མཁན་​དེ་​ཡིན་​དིག 2ཁོང་​གིས་​ངའི་ནང་ལེ་འབྲས་བུ་མ་སྐྱེས་པའི་ཡལ་ག་​དེའི་​རིགས་ཡེ་རེ་​བཅད་​དེ་​གཡུགས་​ཀྱི་དིག ཡང་​ངའི་ནང་ལེ་​འབྲས་བུ་​སྐྱེས་​པའི་ཡལ་ག་​རེ་རེ་ལེ་​འབྲས་བུ་​མང་པོ་འཕེལ་​རྒྱུ་ཆེད་དུ་​འདྲེག་བཅོས་གནང་གྱི་​དིག 3ངས་​ཁྱེད་ཀྱ་ལེ་སྨྲས་པའི་​བཀའ་​དེས་​ཁྱེད་​ཀྱ་​དྲི་མ་​མེད་​པར་དམ་པ་​ཞིག་​བཟོས་ཚར་རི་དིག 4ང་​ཁྱེད་ཀྱ་ཀྱི་ནང་ལེ་གནས་འོད་དི་​ཅོག་འདྲ། ཁྱེད་​ཀྱ་​ཟང་​ངའི་​ནང་ལེ་​གནས་པར་གྱིས་ཤིག དཔེར་ན། རྒུན་འབྲུམ་​ཡལ་ག་​ཅི་གི་​ཞིག་​ཡིན་ནའང་​། རྒུན་འབྲུམ་​གྱི་​སྡོང་པོ་ལེ་མ་གནས་ནི། རང་​ལེ་​འབྲས་བུ་​སྐྱེས་​རྒྱུ་​མེད་དིག འོ་དེ་ཅོག་འདྲ། ཁྱེད་​ཀྱ་​ཟང་​ངའི་​ནང་ལེ་མ་གནས་པི་ཡིན་ནི། ཁྱེད་​ཀྱ་​ལེ་​ཟང་​འབྲས་བུ་​སྐྱེས་སྲིད་​ཀྱི་མ་དིག 5ང་​ནི་​རྒུན་འབྲུམ་​སྡོང་པོ་​དིང་​། ཁྱེད​་ཀྱ་​ནི་​ཡལ་ག་​ཅོག་འདྲ་​ཡིན་​དིག མི་​སུ་​ཞིག་​ཡིན་ནའང་​། ངའི་ནང་ལེ་གནས་པི་ཡིན་ནི། ང་​ཟང་​མི་​དེའི་​ནང་ལེ་གནས་པི་​མ་ཟད། མི་​དེ་​ལེ་ཟང་​འབྲས་བུ་​མང་པོ་​སྐྱེས་ཀྱི་དིག གལ་སྲིད་​ང་​རིང་​ཁ་བྲལ་​ལི་ཡིན་ནི། ཁྱེད་​ཀྱ་​ཀྱིས་​ཅི་​གང་​བགྱིད་​ཐུབ་ཀྱི་​མ་དིག 6ངའི་​ནང་ལེ་མི་གནས་​མཁན་​དེ་ནི། ཕྱི་​ལེ་​གཡུགས་པའི་​ཡལ་ག་​ཅོག་འདྲ་​སྐམ་འགྲོ་བ་དིང་། ཡལ་ག་​དེ་ཀྱ་​ནི་མེ་​ལེ་​གཡུགས་ཏེ་​འཚིག་​འགྲོ་​གྱི་​དིག 7གལ་སྲིད་​ཁྱེད་​ཀྱ་​ངའི་​ནང་ལེ་གནས་པི་ཡིན་ནི། ངས་སྨྲས་པའི་​བཀའ་​དེ་ཟང་​ཁྱེད་​ཀྱ་​ཀྱི་​སེམས་​ནང་​ལེ་​གནས་ཀྱི་དིག ཡང་ཁྱེད་​ཀྱ་ལེ་འདོད་པ་​ཅི་​ཞིག་​འོད་ནའང་། ཁྱེད་ཀྱ་ཀྱིས་ཁོང་ལེ་ཞུས་​ནི་དེ་འགྲུབ་​ཀྱི་​དིག 8ཁྱེད་​ཀྱ་​ལེ་འབྲས་བུ་​མང་པོ་​སྐྱེས་​ནི། ཁྱེད་​ཀྱ་​ནི་ངའི་​སློབ་མ་​ངོ་ཐོག་​ཡིན་​དི་​མ་ཟད། དེའི་​བརྒྱུད་ནས་ངའི་​ཨ་ཀྱིའི་​གཟི་བརྗིད་​དེ་ཟང་​མངོན་འོང་གྱི་དིག 9ཨ་ཀྱིས་​ང་​ལེ་​བྱམས་བརྩེ་བ་གནང་པི་ཅོག་འདྲ། ངས་​ཟང་​ཁྱེད་​ཀྱ་​ལེ་​བྱམས་བརྩེ་བ་​བགྱིད་​འོད། ཁྱེད་​ཀྱ་​ངའི་​བྱམས་བརྩེ་བའི་ནང་ལེ་གནས་པར་གྱིས་ཤིག 10ངས་​ང་རང་གི་ཨ་​ཀྱིའི་​བཀའ་​ཀྱ་བསྲུངས་​འོད་དི་མ་ཟད། ཁོང་​གི་​བྱམས་བརྩེ་བའི་ནང་ལེ་གནས་པི་ཅོག་འདྲ། ཁྱེད་​ཀྱ་​ཀྱིས་​ཟང་​ངའི་​བཀའ་​ཀྱ་བསྲུངས་​ཏེ། ངའི་​བྱམས་བརྩེ་བའི་ནང་ལེ་གནས་ཀྱི་དིག 11ངས་ཁྱེད་ཀྱ་ལེ་སྨྲས་པི་འདི་ཀྱ་ནི། ངའི་དགའ་སྤྲོ་​ཁྱེད་ཀྱ་ཀྱི་སེམས་ནང་ལེ་གནས་རྒྱུ་དིང་། ཁྱེད་ཀྱ་དགའ་སྤྲོ་ཁེངས་རྒྱུ་ཆེད་དུ་​ཡིན། 12ངས་​ཁྱེད་​ཀྱ་​ལེ་​བྱམས་བརྩེ་བ་​བྱས་​པི་​ཅོག་འདྲ། ཁྱེད་​ཀྱ་​ཟང་​ཕན་ཚུན་​གཅིག་གིས་གཅིག་ལེ་​བྱམས་བརྩེ་བ་​གྱིས་​ཤིག འདི་ནི་ངའི་​བཀའ་​ཡིན་དིག 13མི་​ཞིག་​གིས་​རང་གི་རོགས་པོའི་​དོན་​ལེ་​རང་སྲོག་​བློས་​བཏང་​ནི། དེ་​ལས་​ལྷག་​གི་​བྱམས་​བརྩེ་བ་​གཞན་​མེད་དིག 14ཡང་​གལ་སྲིད་​ཁྱེད་ཀྱ་ཀྱིས་​ཟང་​ངའི་​བཀའ་​ཅོག་འདྲ་​བསྒྲུབས་​པི་​བྱས་​ནི། ཁྱེད་​ཀྱ་​ཟང་​ངའི་​རོགས་པོ་​ཡིན་དིག 15དུས་ད་​ནས་​ཕྱིན་ཆད། ངས་​ཁྱེད་​ཀྱ་​ལེ་​གཡོག་པོ་ཟེར་​རྒྱུ་​མན། ཅི་ལེ་ཟེར་ནི། དཔོན་པོས་​ཅི་​བགྱིད་​གཡོག་པོས་​མི་​ཤེས་​འོད་དིག ཡིན་ནའང་​། ངས་​ཨ་ཀྱིའི་དྲུང་​ནས་​ཅི་​ཐོས་​པི་དེ་ཡེ་རེ་​ཁྱེད་​ཀྱ་​ལེ་​སྨྲས་​འོད་​ཕེན། ངས་​ཁྱེད་​ཀྱ་​ལེ་​རོགས་པོ་​མཛའ་མོ་ཟིན་འོད། 16ཁྱེད་ཀྱ་ཀྱིས་​ང་ལེ་​མ་​བདམས་​པི་​དིག ཡིན་ནའང་། ངས་​ཁྱེད་​ཀྱ་​ལེ་བདམས་​ཏེ་​བསྐོས་​པི་​ཡིན། ད་ཁྱེད་​ཀྱ་​ཕྱིན་ཏེ་​འབྲས་བུ་སྐྱེས་རུ་བཅུག འབྲས་བུ་​དེ་​དུས་རྟག་ཏུ་​གནས་པར་གྱིས་ཤིག དེ་ནས་​ངའི་​མིང་​བརྒྱུད་ནས་ངའི་ཨ་ཀྱི་​ལེ་ཅི་གི་​ཞིག་​ཞུས་​ནའང་​། ཁོང་​གིས་​ཟང་​ཁྱེད་​ཀྱ་​ལེ་​སྟེར་གནང་གྱི་དིག 17ཁྱེད་​ཀྱ་​ཀྱིས་​ཕན་ཚུན་​བར་​ལེ་​བྱམས་​བརྩེ་བར་གྱིས་ཤིག དེ་ནི་​ངའི་​བཀའ་​ཡིན་​ཟིན་གསུངས་​པི་​དིག
འཇིག་རྟེན་​མི་ཀྱ་ཀྱིས་ཡེ་ཤུའི་​སློབ་མ་​ཀྱ་ལེ་​དགྲ་སྡང་པོ་བྱས་པ།
18ཡང་​ཡེ་ཤུས། གལ་སྲིད་འཇིག་རྟེན་​གྱི་​མི་​ཀྱ་ཀྱིས་​ཁྱེད་​ཀྱ་ལེ་​དགྲ་སྡང་པོ་​བྱས་ནི། ཁྱེད་​ཀྱ་​ཀྱི་སྔོན་ལེ་ང་རང་ལེ་​དགྲ་སྡང་པོ་​བྱས་པི་དེ་ཁྱེད་​ཀྱ་​ཀྱིས་​ཧ་གོ་​བར་བགྱིད་​དགོས་​འོད་དིག 19གལ་སྲིད་​ཁྱེད་​ཀྱ་​འཇིག་རྟེན་གྱི་ཁོངས་ལེ་གཏོགས་​འོད་ནི། འཇིག་རྟེན་​མི་​ཀྱ་​ཀྱིས་​རང་གི་ཡིན་​པ་དེ་ལེ་​གཅེས་པོ་​བགྱིད་​འོད་དིག ཡིན་ནའང་​། ངས་​ཁྱེད་​ཀྱ་​འཇིག་རྟེན་​གྱི་​ནང་​ནས་​བདམས་​པི་ཡིན། ད་ཁྱེད་ཀྱ་འཇིག་རྟེན་འདིའི་ཁོངས་གཏོགས་ལེ་མེད་དིག འོ་དེ་ལེ་བརྟེན་ཏེ། འཇིག་རྟེན་གྱི་མི་​ཀྱ་​ཀྱིས་ཁྱེད་​ཀྱ་​ལེ་​དགྲ་སྡང་པོ་བགྱིད་​འོད་དིག 20སྔོན་མ་​ངས་​ཁྱེད་​ཀྱ་​ལེ་​གཡོག་པོ་​ནི་​དཔོན་པོའི་​གོང་ལེ་མི་སླེབས་འོད་དིག་ཟིན་​སྨྲས་པི་​དེ་​ལེ་དྲན་པ་​གྱིས་​ཤིག གལ་སྲིད་འཇིག་རྟེན་​མི་ཀྱ་ཀྱིས་ང་ལེ་​གནོད་​འཚེ་​བྱས་པི་ཡིན་ནི། ཁྱེད་ཀྱ་ལེ་ཟང་གནོད་འཚེ་བགྱིད་ཀྱི་དིག ཡང་ཁོང་ཀྱ་ཀྱིས་ངས་སྨྲས་པའི་བཀའ་དེ་ཀྱ་བསྲུངས་པི་ཡིན་ནི། ཁྱེད་ཀྱ་ཀྱི་སྨྲས་པི་དེ་ཟང་བསྲུང་གྱི་དིག#15.20 ཚིགས་བཅད་འདི་ནི་ཡོ་ཧ་ནན་གྱིས་བྲིས་པའི་གཏམ་བཟང་ལེའུ་ 13 ཨང་16 ནང་ལེ་གཟིགས་རོགས། 21ཡིན་ནའང་། ཁྱེད་​ཀྱ་​ངའི་ཁོངས་གཏོགས་ལེ་འོད་ཕེན། འཇིག་རྟེན་​གྱི་མི་​ཀྱ་ཀྱིས་​ཁྱེད་ཀྱ་​ལེ་​གནོད་​འཚེ་​བགྱིད་ཀྱི་​དིག ཅི་ལེ་ཟེར་ནི། མི་​དེ་ཀྱ་​ཀྱིས་​ང་​རྫོང་​མཁན་​ཁོང་​ལེ་ངོ་​མ་​ཤེས་​པའི་རྐྱེན་གྱིས་​ཡིན་དིག 22གལ་སྲིད་​ང་​འཇིག་རྟེན་​དུ་​འོང་​སྟེ་​མི་​དེ་​ཀྱ་​ལེ་​ཆོས་​མ་​བཤད་ནི། ཁོང་​ཀྱ་​ལེ་​སྡིག་པའི་​ཉེས་པ་​མེད་དིག ཡིན་ནའང་​། ད་ལྟ་​མི་​དེ་ཀྱ་​ཀྱིས་​ཉེད་ཀྱིས་སྡིག་ཉེས་མ་​བྱས་འོད་ཟེར་ས་མེད་​དིག 23ང་​ལེ་​དགྲ་སྡང་པོ་​བགྱིད་​མཁན་​ཀྱ་ཀྱིས་​ངའི་​ཨ་ཀྱི་​ལེ་​ཟང་​དགྲ་སྡང་པོ་​བགྱིད་​འོད་དིག 24གལ་སྲིད་​མི་​སུ་ཞིག་གིས་​བགྱིད་​མྱོང་​མེད་​པའི་​དོན་​དེ་ཀྱ། ངས་མི་​དེ་​ཀྱ་​ཀྱི་​མིག་གི་མདུན་​དུ་​མ་​བྱས་​འོད་​ནི། མི་​དེ་​ཀྱ་​ལེ་​ཟང་སྡིག་ཉེས་མེད་དིག ཡིན་ནའང་། ད་ལྟ་​མི་​དེ་​ཀྱ་​ཀྱིས་ངས་​ཅི་​བྱས་​པི་​དོན་​དེ་ཀྱ་​ཡེ་རེ་མཐོང་​མྱོང་​འོད་​ནའང་​། མི་​དེ་​ཀྱ་​ཀྱིས་​ང་​དིང་​ངའི་​ཨ་ཀྱི་ཉེད་​གཉིས་​ལེ་དགྲ་​སྡང་པོ་​བགྱིད་​འོད་དིག 25ཡིན་ནའང་། དེ་​ནི་​གསུང་རབ་​ཀྱི་མདོ་ནང་​ལེ། ཁོང་ཀྱ་ཀྱིས་​དོན་​མེད་ང་​ལེ་དགྲ་​སྡང་པོ་​བགྱིད་ཀྱི་​དིག་ཟེར་རི་​བཀའ་​དེ་​འགྲུབ་​རྒྱུ་ཆེད་དུ་ཡིན་དིག#15.25 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 35 ཨང་ 19 དིང་། གསུང་མགུར་མདོ་ལེའུ་ 69 ཨང་ 4 ནང་ལེ་གཟིགས་རོགས། 26ངས་ཨ་ཀྱིའི་​དྲུང་​ནས་ཁྱེད་ཀྱ་ལེ་​རོགས་རམ་​བགྱིད་མཁན་​ཞིག་​རྫོངས་ཀྱི་ཡིན། ཁོང་ནི་ཨ་ཀྱི་ནས་བྱུང་བའི་ཐུགས་ཉིད་བདེན་པ་དེ་ཡིན་དིག ཁོང་གིས་ངའི་​སྐོར་​ལེ་བདེན་པའི་དཔང་​པོ་གནང་གྱི་དིག 27ཡང་ཁྱེད་​ཀྱ་​ཟང་​སྔོན་མ་​ནས་​ཕེན་​ངའི་​སྐྱེན་​ལེ་​སྡོད་​མཁན་​ཡིན་​ཕེན། ངའི་​སྐོར་​ལེ་​བདེན་པའི་​དཔང་པོ་​བགྱིད་​དིག་​ཟིན་གསུངས་​པི་​དིག །

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in