YouVersion Logo
Search Icon

ཡོ་ཧ་ནན། 16

16
ལེའུ་བཅུ་དྲུག
དམ་པའི་ཐུགས་ཉིད་ཀྱི་སྐོར་ལེ་གསུངས་པ།
1དེ་ནས་​ཡང་ཡེ་ཤུས་​ངས་​དོན་​དེ་ཡེ་རེ་​ཁྱེད་​ཀྱ་​ལེ་ཟེར་རྒྱུ་དེ་ནི། ཁྱེད་​ཀྱ་​ཀྱི་དད་པ་​ཉམས་མི་འགྲོ་བའི་ཆེད་དུ་ཡིན། 2མི་དེ་ཀྱ་ཀྱིས་ཁྱེད་​ཀྱ་​ཚོགས་ཁང་​ནས་​ཕྱི་​ལེ་​འབུད་​ཀྱི་​དིག ཡང་​མི་​སུ་ཞིག་གིས་ཁྱེད་ཀྱ་གསོད་ཇུས་བགྱིད་རྒྱུ་དེ་ནི། མི་དེ་ཀྱ་​ཀྱིས་​དཀོན་མཆོག་​ལེ་​བསྙེན་བཀུར་གྱི་ལས་བྱས་པི་ཡིན་​བསམ་པའི་དུས་ཞིག་སླེབས་འོང་གྱི་དིག 3མི་​དེ་​ཀྱ་​ཀྱིས་​ངའི་​ཨ་ཀྱི་ཟང་ངོ་​མ་​ཤེས་​པི་མ་ཟད། ང་ཟང་ངོ་མ་ཤེས་ཕེན། ཁྱེད་​ཀྱ་​ལེ་​འོ་དེ་ཅོག་འདྲ་བགྱིད་ཀྱི་​དིག 4ཡིན་ནའང་​། ངས་​དོན་​དེ་​ཁྱེད་​ཀྱ་​ལེ་​ཟེར་རི་རྒྱུ་མཚན་​དེ་ནི། དུས་​དེ་སླེབས་​རྒྱ་​ཁྱེད་​ཀྱ་​ཀྱིས་​ངས་སྨྲས་པི་​དེ་​དྲན་​རྒྱུ་ཆེད་དུ་​ཡིན། སྔོན་མ་​དོན་​དེའི་​སྐོར་​ངས་ཁྱེད་ཀྱ་ལེ་མ་སྨྲས་པི་ཡིན། ཅི་ལེ་ཟེར་ནི། དེ་རྒྱ་ང་ནི་ཁྱེད་ཀྱ་དིང་སྐྱེན་​ལེ་​འོད་དིག 5ད་ང་ནི་ད་ལྟ་​ང་རང་​རྫོང་​མཁན་​གྱི་​དྲུང་​དུ་​འགྲོ་བ་​ཡིན། ཁྱེད་​ཀྱ་​ནང་​ནས་​སུ་ཞིག་གིས་​ཟང་​ཁྱེད་རང་​ག་ན་ལེ་​འགྲོ་བ་​ཡིན་​དོ་​ཟིན་​མི་འདྲི་​འོད་དིག 6ངས་​དོན་​འདི་ཀྱ་​ཁྱེད་​ཀྱ་​ལེ་​སྨྲས་​ཕེན། ཁྱེད་ཀྱ་​སེམས་སྡུག་​འཇུ་གུ་​བྱུང་​པི་​དིག 7ཡིན་ནའང་། ང་ཁྱེད་​ཀྱ་​ལེ་​བདེན་པ་ཟེར་རོ། ང་​འགྲོ་རྒྱུ་དེ་ནི་ཁྱེད་​ཀྱ་​ལེ་​ཕན་ཐོགས་​འོད་དིག གལ་སྲིད་​ང་​མ་​ཕྱིན་དི་ཡིན་ནི། རོགས་རམ་​བགྱིད་མཁན་དམ་པའི་​ཐུགས་ཉིད་​དེ་​ཁྱེད་​ཀྱ་​འོད་​ས་​ལེ་​འོང་གྱི་མ་དིག འོ་དེ་ལེ་​བརྟེན་ཏེ། ང་​ཕྱིན་ཏེ་ཁྱེད་ཀྱ་ཀྱི་​རྩ་​ལེ་​ཐུགས་ཉིད་ཁོང་རྫོངས་ངོ་། 8ཡང་ཐུགས་ཉིད་​ཁོང་རང་​ཕེབས་​ཏེ། སྡིག་པ་​དིང་། དྲང་བདེན། ཁྲིམས་​གཅོད་​དེ་གསུམ་གྱི་སྐོར་ལེ། འཇིག་རྟེན་གྱི་མི་ཀྱ་ལེ་གསལ་པོ་སྟོན་ཏེ་བདེན་པའི་དཔང་པོ་​གནང་གྱི་​དིག 9སྡིག་པ་​དེ་ནི། མི་ཀྱ་ཀྱིས་ང་​ལེ་​དད་པ་​མེད་​དི་དོན་​ཡིན་དི་དིང་། 10དྲང་བདེན་དེ་ནི། ང་​ཨ་ཀྱི་དྲུང་དུ་འགྲོ་བ་དིང་། དུས་ད་ཕྱིན་ཆད། ཁྱེད་ཀྱ་ཀྱིས་ང་མི་མཐོང་བའི་དོན་དེ་ཡིན་དིང་། 11ཁྲིམས་གཅོད་རྒྱུ་དེ་ནི། འཇིག་རྟེན་​འདིའི་དབང་​འཛིན་​མཁན་​དེ་ལེ་ཉེས་པའི་​ཁྲིམས་​བཅད་​བྱས་ཚར་​རི་དོན་ཡིན་དིག 12ང་​ལེ་​ད་རུང་​ལབ་​མང་པོ་​ཟེར་རྒྱུ་འོད། ཡིན་ནའང་། ད་ལྟ་​དེ་ཡེ་རེ་སྨྲས་པི་ཡིན་ནི། ཁྱེད་ཀྱ་ཀྱིས་​བཟོད་​ཐུབ་ཀྱི་མ་དིག 13ཡིན་ནའང་​། དཀོན་མཆོག་​གི་​བདེན་པ་སྟོན་མཁན་ཐུགས་ཉིད་​དེ་​ཕེབས་​ཏེ། ཁོང་​གིས་​ཁྱེད་​ཀྱ་​ལེ་​དཀོན་མཆོག་གི་བདེན་པ་ཡེ་རེའི་ནང་ལེ་འཁྲིད་གནང་གྱི་དིག ཡང་དཀོན་མཆོག་​ནས་​ཅི་​ཐོས་​པི་​དེ་རང་མ་གཏོགས། རང་གི་འདོད་པ་ཅི་ཡོད་​ཅོག་འདྲ་​གསུང་གནང་གྱི་མ་དིག མ་འོངས་པའི་​དོན་​དེ་ཀྱ་ཟང་​ཁྱེད་​ཀྱ་​ལེ་​གསུང་​གནང་གྱི་​དིག 14དེ་ནས་ཐུགས་ཉིད་​ཀྱིས་​ངའི་གཟི་བརྗིད་མངོན་​དུ་བཅུག་​སྟེ། ངའི་ཡིན་པ་དེ་ཀྱ་​བླངས་​ཏེ་​ཁྱེད་​ཀྱ་​ལེ་​སྟོན་གནང་​གྱི་​དིག 15ཨ་ཀྱི་​ལེ་​ཅི་​འོད་ཡོད་​དེ་ཡེ་རེ་ངའི་ཡིན་​དིག འོ་དེ་ལེ་བརྟེན་ཏེ། ཐུགས་ཉིད་ཀྱིས་​ངའི་​ཡིན་པ་དེ་ཀྱ་བླངས་ཏེ། ཁྱེད་​ཀྱ་​ལེ་​སྟོན་​གནང་གྱི་​དིག་​ཟིན་​ངས་​ཁྱེད་​ཀྱ་​ལེ་​སྨྲས་​ཚར་​རི་​ཡིན། 16ད་​ཅུང་མ་ཞིག་རྗེས་ལེ་​ཁྱེད་​ཀྱ་​ཀྱིས་​ང་​མཐོང་​གྱི་​མ་དིག དེ་ནས་ཡང་​ཅུང་མ་​རྗེས་ལེ་​ཁྱེད་​ཀྱ་​ཀྱིས་​ང་​མཐོང་​གྱི་​དིག་ཟིན་​གསུངས་​པི་​དིག
སློབ་མ་​ཀྱ་​ཀྱིས་དཀའ་ངལ་​ནས་​དགའ་སྤྲོ་​སྐྱེས་པ།
17དེ་ནས་​སློབ་མ་​ཀྱ་​ཕན་ཚུན་​གཅིག་གིས་གཅིག་​ལེ། ཁོང་​གིས་​ད་​ཅུང་མ་​ཞིག་རྗེས་ལེ་ཁྱེད་​ཀྱ་​ཀྱིས་​ང་​མཐོང་​གྱི་​མ་དིག་​ཟིན་གསུངས་པི་​དིང་​། དེ་ནས་​ཡང་ཅུང་མ་རྗེས་ལེ་​ཁྱེད་​ཀྱ་​ཀྱིས་​ང་​མཐོང་​གྱི་དིག་​ཟིན་གསུངས་པི་​མ་ཟད། ཡང་​ང་​ཨ་ཀྱིའི་​དྲུང་​དུ་​འགྲོ་བ་​ཡིན་​གསུངས་པའི་​དོན་​དེ་​ཅི་​ཡིན་​ནེ་སྨྲས་པི་དིག 18ཡང་​སློབ་མ་​ཀྱ་​ཕན་ཚུན་​གཅིག་​གིས་​གཅིག་​ལེ། ཁོང་​གིས་​ཅུང་མ་​ཞིག་རྗེས་ལེ་​གསུངས་པའི་​དོན་​དེ་​ཅི་​ཡིན་​ནེ། ཁོང་​གིས་​གསུངས་པའི་དོན་དག་དེ་​ཧ་​མི་​གོ་​འདུག་​ཟིན་འོད་དིག 19ཡང་སློབ་མ་​ཀྱ་​ཀྱིས་​ཁོང་​ལེ་དེའི་དོན་ལེ་སྐད་ཆ་​འདྲི་​འདོད་​འོད་​དེ་ཡེ་ཤུས་​མཁྱེན་​གནང་ཕེན། ཁོང་​གིས་​ངས་​ཅུང་མ་​ཞིག་རྗེས་​ལེ་ཁྱེད་​ཀྱ་​ཀྱིས་​ང་​མཐོང་​གྱི་​མ་དིག ཡང་​ཅུང་མ་​རྗེས་​ལེ་ང་​མཐོང་​གྱི་​དིག་​ཟེར་རི་དོན་དེ་ཅི་​ཟེར་རི་ཡིན་​དི་​སྐོར་​ལེ་ཁྱེད་​ཀྱ་ལེ་དྲི་བ་​འོད་དས། 20ང་ཁྱེད་​ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་​ཀྱ་​ངུས་ཏེ་​མྱ་ངན་​བྱས་​ནའང་​། འཇིག་རྟེན་​གྱི་​མི་​ཀྱ་​ཀྱིས་དགའ་རི་​བགྱིད་​ཀྱི་​དིག ཁྱེད་​ཀྱ་​ལེ་​དཀའ་ངལ་​འབྱུང་​ནའང་​། ཁྱེད་​ཀྱ་​ཀྱི་​དཀའ་ངལ་འདི་​དགའ་སྤྲོ་​ལེ་​འགྱུར་​གྱི་​དིག 21དཔེར་ན། སྐྱེ་​རེན་པའི་​བུ་མའ་ཞིག་​ལེ་​སྐྱེ་​ཟུག་​གི་​དཀའ་ངལ་​འོད་​ནའང་​། ཕྲུ་གུ་​ཞིག་​འཇིག་རྟེན་​ལེ་སྐྱེས་​པི་​དེ་ལེ་​དགའ་རེ་​བྱུང་​སྟེ། སྐྱེ་ཟུག་​གི་​དཀའ་ངལ་​དེ་མི་​དྲན་​འོད་དིག 22དཔེ་​དེ་ཅོག་འདྲ། ད་ལྟ་​ཁྱེད་​ཀྱ་​ལེ་​དཀའ་ངལ་​འོད་​ནའང་​། ཡང་དང་​ང་ཁྱེད་​ཀྱ་​ལེ་​ཐུག་​དུ་​འོང་​རྒྱུ་​ཡིན་དི་མ་ཟད། ཁྱེད་​ཀྱ་​དགའ་སྤྲོ་​འོང་​གྱི་​དིག དེ་རྒྱ་མི་​སུ་​ཞིག་གིས་​ཟང་​། ཁྱེད་ཀྱ་ཀྱི་​དགའ་སྤྲོ་​དེ་འཕྲོག་​སྲིད་ཀྱི་མ་དིག 23དུས་​དེ་སླེབས་​རྒྱ་​ཁྱེད་​ཀྱ་​ཀྱིས་​ང་​ལེ་​དྲི་བ་ཅི་​གང་​དྲིས་ཀྱི་​མ་དིག ང་ཁྱེད་​ཀྱ་ལེ་ང་བདེན་པ་ཟེར་རོ​། ཁྱེད་​ཀྱ་​ཀྱིས་​ངའི་​མིང་​བརྒྱུད་ནས་ངའི་ཨ་ཀྱི་​ལེ་​ཅི་​ཞིག་​ཞུས་​ནའང་​ཁོང་​གིས་​ཁྱེད་​ཀྱ་​ལེ་གནང་​གྱི་​དིག 24ད་ལྟ་​བར་​དུ་ཁྱེད་​ཀྱ་​ཀྱིས་​ངའི་​མིང་​ནང་​ལེ་​ཅི་​གང་​ཞུས་​མྱོང་​མེད་དིག ད་​ཁྱེད་ཀྱ་ཀྱི་དགའ་སྤྲོ་​དེ་འགྲུབ་རྒྱུ་ཆེད་དུ་​གསོལ་བ་སྨོན་ལམ་​ཐོབ་དང་​། ཁྱེད་ཀྱ་ལེ་དེ་འཐོབ་ཀྱི་​དིག་ཟིན་​གསུངས་​པི་​དིག 25ད་ལྟ་ངས་​དོན་​དེ་ཀྱ་​དཔེའི་​བརྒྱུད་ནས་​ཁྱེད་​ཀྱ་​ལེ་​སྨྲས་​པི་​ཡིན། ཡིན་ནའང་​། ཁྱེད་​ཀྱ་​ལེ་​དཔེ་​མ་​སྟོན་​ཏེ་ངའི་ཨ་ཀྱིའི་སྐོར་​ཡེ་རེ་​གསལ་པོ་​བྱས་​ཏེ་​ཟེར་​རི་​དུས་དེ་སླེབས་ཀྱི་དིག 26དུས་དེ་རྒྱ་ཁྱེད་​ཀྱ་​ཀྱིས་​ངའི་​མིང་​ནང་​ལེ་​དཀོན་མཆོག་​ལེ་​གསོལ་བ་སྨོན་ལམ་​འདེབས་​ཀྱི་དིག ང་ཁྱེད་​ཀྱ་​ཀྱི་​ཆེད་དུ་ངའི་ཨ་ཀྱི་​ལེ་​གསོལ་བ་སྨོན་ལམ་​འདེབས་ཀྱི་ཡིན་ཟེར་​རྒྱུ་​མན། 27ཅི་ལེ་​ཟེར་​ནི། ཁྱེད་​ཀྱ་​ཀྱིས་​ང་​ལེ་​བྱམས་བརྩེ་བ་བ​གྱིད་​འོད་དི་མ་ཟད། ང་​ནི་དཀོན་མཆོག་​གི་​དྲུང་​ནས་​འོངས་​པི་དེ་ལེ་ཡིད་ཆེས་​བྱས་​ཕེན། ཨ་ཀྱིས་​ཟང་ཁྱེད་​ཀྱ་​ལེ་བྱམས་བརྩེ་བ་​གནང་གྱོ་འོད་དིག 28ང་​ཨ་ཀྱིའི་​དྲུང་​ནས་​འཇིག་རྟེན་​འདི་​རུ་​འོངས་པི་​དིང་​། ཡང་​འཇིག་རྟེན་​དིང་​ཁ་བྲལ་​ཏེ་​ཨ་ཀྱིའི་​དྲུང་​དུ་​འགྲོ་བ་​ཡིན་​ཟིན་གསུངས་​པི་​དིག
29དེ་ནས་​སློབ་མ་​ཀྱ་​ཀྱིས། ད་​ཁྱེད་​ཀྱིས་​དཔེ་​སྟོན་ཏེ་པ་རྐྱང་མ་གསུངས་ཏེ། གསོལ་པོ་བྱས་ཏེ་གསུང་གྱོ་འོད་དི་མ་ཟད། 30ད་ལྟ་​ཉེད་ཀྱ་ཀྱིས་​ཁྱེད་ཀྱིས་དོན་​ཡེ་རེ་​མཁྱེན་​གནང་གྱོ་འོད་དི་ཧ་གོ་བྱུང་། འོ་དེ་ལེ་བརྟེན་ཏེ། མི་སུ་ཞིག་གིས་​ཟང་​ཁྱེད་​ལེ་​བཀའ་འདྲི་​ཞུ་​དགོས་​མེད་དིག ཁྱེད་ནི་​ངོ་ཐོག་​དཀོན་མཆོག་གི་​དྲུང་​ནས་​ཕེབས་​གནང་པི་​ཡིན་​དི་ཉེད་ཀྱ་ཀྱིས་ཡིད་ཆེས་བགྱིད་འོད་ཟིན་ཞུས་​ཕེན། 31ཡེ་ཤུས་​ད་ལྟ་​ཁྱེད་​ཀྱ་​ཀྱིས་​དད་པ་ངོ་ཐོག་བགྱིད་འོད་​དས། 32ལྟོས་​དང་​། དུས་​དེ་སླེབས་​རེན་​འོད་​དི་​མ་ཟད། ད་ལྟ་​ངོ་ཐོག་​སླེབས་​ཟང་ཚར་​འོད་དིག ད་​ཁྱེད་​ཀྱ་​ཀྱིས་ང་​གཅིག་​རང་​གཡུགས་​ཏེ། རང་​སོ་སོ་ཁ་​འགྱེས་འགྲོ་གྱི་དིག ཡིན་ནའང་། ངའི་ཨ་ཀྱི་​ནི་ངའི་​སྐྱེན་​ལེ་​བཞུགས་​འོད་​ཕེན། ང་​གཅིག་​རང་​མ་དིག 33ཁྱེད་ཀྱ་ངའི་ནང་ལེ་གནས་འོད་ཕེན། ངའི་བརྒྱུད་ནས་ཁྱེད་ཀྱ་ཞི་བདེ་འཐོབ་རྒྱུ་ཆེད་དུ། ངས་ཁྱེད་ཀྱ་ལེ་འོ་དེ་ཀྱ་སྨྲས་པི་ཡིན། འཇིག་རྟེན་​འདི་རུ་​ཁྱེད་​ཀྱ་​ཀྱིས་​དཀའ་ངལ་​མྱོང་​དགོས་​འབྱུང་​ནའང་​། ང་​རང་ནི་འཇིག་རྟེན་​གྱི་དགྲོ་བོའི་ལག་ནས་རྒྱལ་ཕེན། ད་ཁྱེད་​ཀྱ་​འཁྱར་སྣང་མ་བགྱིད་ཅིག་ཟིན་གསུངས་​པི་​དིག །

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in