YouVersion Logo
Search Icon

ཡོ་ཧ་ནན། 17

17
ལེའུ་བཅུ་བདུན།
ཡེ་ཤུས་​དཀོན་མཆོག་​ལེ་​གསོལ་བ་སྨོན་ལམ་​བཏབ་​པ།
1དེ་ནས་​ཡེ་ཤུས་​འོ་དེ་གསུངས་​གནང་བའི་རྗེས་​ལེ་​ནམ་མཁའ་​ལེ་​གཟིགས་​ཏེ། ངའི་​ཨ་ཀྱེ། ད་​ནི་​དུས་​དེ་སླེབས་​སོང་​། བི་ས་ཀྱིས་ཁྱེད་​ཀྱི་གཟི་བརྗིད་​དེ་​མངོན་​རྒྱུ་​ཆེད་དུ། ཁྱེད་​ཀྱི་​བི་སའི་གཟི་བརྗིད་​དེ་ཟང་མངོན་དུ་འཇུག་​རོགས། 2ཅི་ལེ་​ཟེར་​ནི། ཁྱེད་​ཀྱིས་​མི་​ཀུན་​ཀྱ་རང་གི་བི་སའི་དབང་ལེ་​གནང་​འོད་ཕེན། བི་ས་ཀྱིས་ཟང་ཁྱེད་ཀྱིས་གནང་བའི་མི་ཡེ་རེ་ལེ་​མཐའ་​མེད་པའི་​ཚེ་སྲོག་​སྟེར་​གྱི་དིག 3བདེན་པའི་​དཀོན་མཆོག་​ནི་​གཅིག་​རང་​གཅིག་​འོད་​དི་དིང་​། ཁྱེད་​ཀྱིས་​བརྫངས་པའི་​སྐྱབས་མགོན་​ཡེ་ཤུ་ཁོང་ཀྱ་ཀྱིས་​ངོ་​ཤེས་​པི་དེ་ནི་མཐའ་​མེད་པའི་​ཚེ་སྲོག་དེ་ཡིན་དིག 4ཁྱེད་​ཀྱིས་​ང་​ལེ་​བསྐུལ་​གནང་བའི་​ལས་ཀ་​ཡེ་རེ་​ངས་​ནུས་​པི་​བྱས་​ཏེ་​ས་སྟེང་​ལེ་​ཁྱེད་​ཀྱི་​གཟི་བརྗིད་​ཟང་​མངོན་​དུ་​བཅུག་​འོད། 5འཇིག་རྟེན་​མ་​བཀོད་པའི་སྔོན་​ལེ། ང་ཨ་ཀྱི་ཁྱེད་​དིང་སྐྱེན་​ལེ་​སྡོད་​རྒྱ་ནས་ཕེན་འོད་ཡོད་​གཟི་བརྗིད་​དེ། ད་ལྟ་ཟང་ཁྱེད་ཀྱི་མདུན་དུ་​ང་​ལེ་​མངོན་པར་གནང་རོགས་ཟིན་​གསུངས་​པི་​དིག
ཡེ་ཤུས་​སློབ་མ་​ཀྱ་​ཀྱི་​ཆེད་དུ་གསོལ་བ་​སྨོན་ལམ་​བཏབ་པ།
6ཡང་ཡེ་ཤུས་ཁྱེད་​ཀྱིས་​འཇིག་རྟེན་​གྱི་ནང་​ནས་​ངའི་​དྲུང་​དུ་​ཁྲིད་​འོངས་པའི་​མི་འདི་ཀྱ་​ལེ། ངས་​ཁྱེད་​ཀྱི་​མཚན་མངོན་པར་བྱས་​འོད། ཁོང་ཀྱ་ནི་སྔོན་མ་​ནས་​ཕེན་​ཁྱེད་རང་གི་ཡིན་དིག ཁོང་ཀྱ་​ཀྱིས་​ཟང་​ཁྱེད་ཀྱི་​བཀའ་​སྲུངས་​གྱོ་​འོད་དིག 7ད་ལྟ་ང་​ལེ་​ཅི་​འོད་ཡོད་​ཡེ་རེ་​ཁྱེད་རང་​ནས་​བྱུང་​པི་ཡིན་​དི་​ཁོང་ཀྱ་ཀྱིས་ཟང་ཧ་གོ་​པི་​དིག 8ཅི་ལེ་​ཟེར་​ནི། ཁྱེད་​ཀྱིས་​ང་​ལེ་​གནང་བའི་​བཀའ་དེ་​ཡེ་རེ་ཟང་། ངས་​ཁོང་​ཀྱ་​ལེ་​གཏད་​འོད་ཕེན། ཁོང་ཀྱ་​ཀྱིས་​ཟང་​དེ་ལེ་ཁས་ལེན་​བྱས་​པི་དིག ཡང་ང་​ནི་​ངོ་ཐོག་​ཁྱེད་རང་གི་​དྲུང་​ནས་​སླེབས་​པི་ཡིན་དི་ཧ་གོ་​པི་​དིང་​། ཁྱེད་​ཀྱིས་​ང་བརྫངས་​གནང་པི་དེ་ལེ་ཟང་​། ཁོང་ཀྱ་ཀྱིས་དད་པ་​བྱས་པི་དིག 9ད་ལྟ་​ངས་​འཇིག་རྟེན་​གྱི་​མིའི་​ཆེད་དུ་གསོལ་བ་​སྨོན་ལམ་​འདེབས་​པི་​མན། ཁྱེད་​ཀྱིས་​ངའི་​དྲུང་​དུ་​འཁྲིད་​འོངས་པའི་​སློབ་མ་​ཀྱ་​ཀྱི་ཆེད་དུ་གསོལ་བ་​སྨོན་ལམ་​འདེབས་​པི་​ཡིན། ཅི་ལེ་​ཟེར་​ནི། ཁོང་ཀྱ་ནི་ཁྱེད་རང་གི་ཡིན་དིག 10ང་​ལེ་​འོད་ཡོད་​ཡེ་རེ་ཁྱེད་ཀྱི་​ཡིན་​དི་དིང་​། ཁྱེད་​ལེ་​འོད་ཡོད་​ཡེ་རེ་ངའི་​ཡིན་ཕེན། ངའི་གཟི་བརྗིད་​དེ་ཟང་ཁོང་ཀྱ་ལེ་མངོན་​པར་བྱས་པི་ཡིན། 11དུས་ད་​ཕྱིན་​ཆད་ཁོང་​ཀྱ་​འཇིག་རྟེན་​འདི་​རུ་​འབོར་​ཏེ། ང་​ཁྱེད་​རང་འོད་​ས་​ལེ་​ལོག་འོང་​འོད། ཨ་ཀྱི་བཟང་པོ། འོ་རང་​གཉིས་པོ་​རྡོག་རྩ་གཅིག་​ཡིན་​དི་ཅོག་འདྲ། ཁོང་ཀྱ་ཟང་​རྡོག་​རྩ་གཅིག་​འོང་​རྒྱུ་​ཆེད་དུ། ཁྱེད་​ཀྱིས་​ང་​ལེ་​ཁྱེད་རང་​གི་​ནུས་པ་​གནང་​པི་ཅོག་འདྲ། སློབ་མ་​དེ་ཀྱ་​ལེ་​ཟང་​ཁྱེད་​ཀྱི་​མཚན་གྱི་དབང་བརྒྱུད་ནས་བསྲུང་གནང་རོགས​། 12ང་​སློབ་མ་​ཀྱ་​སྐྱེན་​ལེ་​འོད་​རྒྱ། ཁྱེད་​ཀྱིས་​ང་​ལེ་​གནང་བའི་མཚན་གྱི་དབང་བརྒྱུད་ནས་ངས་​ཟང་། ཁོང་​ཀྱ་​བསྲུངས་ཏེ་བསྐྱངས་​པི་​ཡིན། ཡང་གསུང་རབ་​ཀྱི་​མདོ་​ནང་ལེ་གསུངས་པའི་ཅོག་འདྲ་​འགྲུབ་རྒྱུ་ཆེད་དུ། དམྱལ་ལའི་​བསྐོས་​ཐང་​ཟེར་​མཁན་​ཁོ་​པ་རྐྱང་​མ་གཏོགས་གཞན་​མ་ཀྱ་​བསྐྱུར་​མེད།#17.12 དམྱལ་ལའི་བསྐོས་ཐང་ཟེར་དོན་དེ་ནི། ཡེ་ཤུའི་སློབ་མ་བཅུ་གཉིས་ནང་ནས་ཡུ་དཱ་ཨི་སི་ཀར་རེ་ཁོའི་སྐོར་ལེ་ཟེར་རི་དིག ཅི་ལེ་ཟེར་ནི། ཁོས་ཡེ་ཤུ་དགྲའི་ལག་ལེ་གཏད་དི་དིག 13ཡིན་ནའང་​། ད་ལྟ་​ང་​ཁྱེད་​ཀྱི་དྲུང་དུ་འོང་འོད། ང་​ད་རུང་​འཇིག་རྟེན་​ལེ་​སྡོད་​དགོས་​པའི་དོན་​དེ་ནི། ངའི་​དགའ་སྤྲོ་​སློབ་མ་​ཀྱ་​ཀྱི་​སེམས་​ནང་​ལེ་​ཁྱབ་རྒྱུ་​ཆེད་དུ་ཡིན། 14ངས་​ཁྱེད་​ཀྱི་​བཀའ་ཡེ་རེ་​སློབ་མ་​ཀྱ་​ལེ་​གཏད་འོད། འཇིག་རྟེན་​གྱི་​མི་​ཀྱ་​ཀྱིས་ཁོང་​ཀྱ་​ལེ་​དགྲ་​སྡང་པོ་​བགྱིད་​འོད་དིག ཅི་ལེ་​ཟེར་​ནི། ང་​འཇིག་རྟེན་​འདི་ནས་​མན་དི་ཅོག་འདྲ། ཁོང་​ཀྱ་ཟང་​འཇིག་རྟེན་​འདི་ལེ་​སྐྱེས་ནའང་​། འཇིག་རྟེན་​འདིའི་ཁོངས་གཏོགས​་མན་དིག 15ངས་​ཁྱེད་​ཀྱིས་​སློབ་མ་​འདི་​ཀྱ་​འཇིག་རྟེན་​དིང་​ཁ་བྲལ་​ཏེ་​ནམ་མཁའི་ཞིང་ཁམས་​ལེ་​འདྲེན་​རྒྱུ་​ཆེད་དུ་​གསོལ་བ་སྨོན་ལམ་འདེབས་​པི་​མན། བདུད་ངན་​པ་སཱ་ཏན་གྱི་​ལག་​ལེ་​མི་ཤོར་རི་ཆེད་དུ་​གསོལ་བ་སྨོན་​ལམ་​འདེབས་​གྱོ་འོད​། 16ང་​འཇིག་རྟེན་​འདིའི་ཁོངས་ལེ་གཏོགས་མེད་ཕེན། ཁོང་ཀྱ་​ཟང་འཇིག་རྟེན་​འདིའི་ཁོངས་ལེ་གཏོགས་མེད་དིག 17ཁྱེད་​ཀྱིས་​བདེན་པའི་​བཀའ་​བརྒྱུད་​ནས་​སློབ་མ་​འདི་​ཀྱ་​དམ་པ་​བཟོས་​གནང་རོགས​། ཁྱེད་​ཀྱི་​བཀའ་​ནི་​བདེན་པ་​ང་ཐོག་དེ་ཡིན་དིག 18ཁྱེད་​ཀྱིས་​ང་​འཇིག་རྟེན་​དུ་​ཅི་གི་​བྱས་​ཏེ་​བརྫངས་​པི་ཅོག་འདྲ། ངས་​ཟང་​ཁོང་​ཀྱ་​འཇིག་རྟེན་​ལེ་​བརྫངས་པི་​ཡིན། 19ཡང་ཁོང་​ཀྱ་ཟང་​བདེན་པའི་​ངང་​ནས་​དམ་པ་​འགྱུར་བའི་​ཆེད་དུ། ངས་རང་གི་སྲོག་དམ་པའི་མཆོད་པ་ལེ་ཕུལ་​ལི་​ཡིན།
ཡེ་ཤུས་​རྗེས་འབྲང་​ཡེ་རེའི་​དོན་​ལེ་​གསོལ་བ་སྨོན་ལམ་​བཏབ་པ།
20ཡང་​ཡེ་ཤུས་ངས་​སློབ་མ་​ཀྱ་​ཀྱི་དོན་ལེ་པ་རྐྱང་​གསོལ་བ་སྨོན་ལམ་​འདེབས་​པི་​མན། སློབ་མ་​ཀྱ་​ཀྱིས་​བསྟན་པའི་​ཆོས་​དེ་ལེ་​ཉན་​ཏེ་​ང་​ལེ་​དད་པ་​བགྱིད་​མཁན་​ཡེ་རེའི་​དོན་​ལེ་ཟང་​གསོལ་བ་སྨོན་ལམ་​འདེབས་​གྱོ་འོད། 21འཇིག་རྟེན་​གྱི་​མི་​ཀྱ་​ཀྱིས་​ཟང་​ང་​ནི་​ཁྱེད་​ཀྱིས་བ​རྫངས་​པི་ཡིན་དི་ལེ་དད་པ་བགྱིད་​རྒྱུ་ཆེད་དུ། ཨ་ཀྱི་ཁྱེད་​རང་​ནི་​ངའི་​ནང་​ལེ་​བཞུགས་​འོད་​དི་​དིང་​། ང་​ཟང་​ཨ་ཀྱི་ཁྱེད་​ཀྱི་​ནང་​ལེ་​གནས་འོད་​དི་​ཅོག་འདྲ། དད་པ་​བགྱིད་​མཁན་​ཡེ་རེ་རྡོག་རྩ་གཅིག་དྲིལ་ངང་ནས་​ཨ་ཀྱི་​འུ་​གཉིས་​ཀྱི་​ནང་​ལེ་​བོར་​རོགས། 22ཨ་ཀྱི་​འུ་​གཉིས་​རྡོག་རྩ་གཅིག་​ཡིན་​དི་​ཅོག་འདྲ། དད་པ་​བགྱིད་​མཁན་​ཟང་​རྡོག་རྩ་​གཅིག་​དྲིལ་​འོང་རྒྱུ་​ཆེད་དུ། ཁྱེད་​ཀྱིས་​ང་​ལེ་​གནང་བའི་​གཟི་བརྗིད་​དེ་ཟང་​ངས་​ཁོང་​ཀྱ་​ལེ་གཏད་ཚར་རི་ཡིན། 23ང་​ནི་​ཨ་ཀྱི་ཁྱེད་ཀྱིས་བརྫངས་​པི་​དིང་​། ཁྱེད་​ཀྱིས་​ང་​ལེ་​བྱམས་བརྩེ་བ་བགྱིད་དི་ཅོག་འདྲ། དད་པ་​བགྱིད་​མཁན་​ཀྱ་​ལེ་​ཟང་​། བྱམས་བརྩེ་བ་བྱས་པའི་དེ་ལེ་འཇིག་རྟེན་མི་​ཀྱ་​ཀྱིས་​ཧ་གོ་​རུ་​འཇུག་​རྒྱུ་ཆེད་དུ​། ང་​ནི་​སློབ་མ་​ཀྱི་​ནང་​ལེ་​གནས་འོད་​དི་​དིང་​། ཨ་ཀྱི་ཁྱེད་རང་​ཟང་​ངའི་​ནང་​ལེ་​བཞུགས་​འོད་དི་ཅོག་འདྲ། སློབ་མ་​ཀྱ་​ཟང་​རྡོག་རྩ་གཅིག་​དྲིལ་​བཟོ་གནང་​རོགས། 24ཨ་ཀྱི་ཁྱེད་ཀྱིས་ང་ལེ་གནང་འོད་ཡོད་དེ་ཀྱ་ས་ཆ་ག་ན་འོད་ནའང་། ང་དིང་སྐྱེན་ལེ་འོད་དི་ངའི་འདོད་པ་འོད། ཁྱེད་ཀྱིས་ང་ལེ་གནང་བའི་གཟི་བརྗིད་དེ་ཟང་། མི་དེ་ཀྱ་ཀྱིས་མཐོང་རྒྱུ་ཆེད་དུ། འཇིག་རྟེན་​འདི་​མ་​བཀོད་པའི་​སྔོན་ནས་ཁྱེད་ཀྱིས་ང་​ལ་བྱམས་བརྩེ་བ་​གནང་སྟེ་གཟི་བརྗིད་དེ་ང་ལེ་གནང་བྱུང་། 25དྲང་བདེན་ཅན་​གྱི་​ཨ་ཀྱི་ཁྱེད་རང་ལེ་འཇིག་རྟེན་གྱི་མི་ཀྱ་​ཀྱིས་​ངོ་​མི་​ཤེས་​འོད་​ནའང་​། ངས་​ཁྱེད་​རང་​ངོ་​ཤེས་​གྱོ་འོད། མི་འདི་ཀྱ་​ཀྱིས་​ཟང་ང་​ནི་​ཁྱེད་​ཀྱིས་​བརྫངས་པི་​ཡིན་​དི་ཧ་གོ་​པི་​དིག 26ཁྱེད་​ཀྱིས་​ང་​ལེ་​གནང་​བའི་བྱམས་བརྩེ་བ་དེ་ནི། མི་འདི་ཀྱ་​ཀྱི་​སེམས་​ནང་​ལེ་​བཞུགས་འོད་ཕེན། ང་​ཟང་​མི་འདི་ཀྱ་​ཀྱི་​སེམས་​ནང་​ལེ་​སྡོད་​རྒྱུ་​ཆེད་དུ​། ངས་​ཁྱེད་​ཀྱི་​མཚན་​ཁོང་ཀྱ་ལེ་མངོན་དུ་བཅུག་འོད་དི་མ་ཟད། ངས་ད་རུང་​ཟང་ཁྱེད་ཀྱི་མཚན་མངོན་དུ་འཇུག་​རྒྱུ་ཡིན་ཟིན་གསོལ་བ་སྨོན་ལམ་བཏབ་པི་དིག །

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in