མད་ཐཱ། 20
20
ལེའུ་ཉི་ཤུ།
རྒུན་འབྲུམ་སྡུམ་རའི་ལས་མིའི་དཔེ་སྐོར།
1ཡེ་ཤུས་དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནི། སྔ་རོག་སྔ་མོ་ནས་ཁྱིམ་གྱི་བདག་པོ་ཞིག་གིས་རྒུན་འབྲུམ་གྱི་ལྡུམ་ར་ལེ། ལས་ཀ་བགྱིད་མཁན་མི་གླ་འཚོལ་དུ་འགྲོ་མཁན་དིང་ཅོག་འདྲ་ཡིན་དིག 2བདག་པོ་ཁོས་མི་གླ་ཀྱ་ལེ་ཉིན་མ་རེ་ལེ་སྒོར་མོ་གཅིག་གླ་ཆ་གཏོད་རྒྱུ་ཁས་ལེན་བྱས་ཏེ། མི་གླ་ཀྱ་རྒུན་འབྲུམ་གྱི་ལྡུམ་ར་ལེ་ལས་ཀ་བགྱིད་དུ་བརྫངས་པི་དིག 3ཡང་བདག་པོ་ཁོས་སྔ་རོག་ཆུ་ཚོད་དགུ་པ་ཚོད་ལེ་ཡང་དང་ཁྲོམ་ལེ་འགྲོ་རྒྱ། ཁྲོམ་སང་ལེ་མི་ཁས་ཤས་ཞིག་ལས་ཀ་མེད་དི་མཐོང་ཕེན། 4ཁོས་མི་དེ་ཀྱ་ལེ། རྒུན་འབྲུམ་གྱི་ལྡུམ་རའི་ནང་ལེ་རྒྱུགས་ཤིག གླ་ཆ་ཅི་འཐོབ་འོས་པ་དེ་ཁྱེད་ཀྱ་ལེ་སྟེར་རོ་སྨྲས་ཕེན། མི་ཀྱ་ཟང་རྒུན་འབྲུམ་གྱི་སྡུམ་ར་ལེ་ལས་ཀ་བགྱིད་དུ་བུད་དི་དིག 5ཡང་བདག་པོ་ཁོས་ཉིན་གུང་དིང་། ཡང་ཆུ་ཚོད་གསུམ་པ་ཚོད་ལེ་ཕྱིན་ཏེ། འོ་དེ་གི་ཅོག་འདྲ་བྱས་ཏེ་མི་ཀྱ་ལེ་ལས་ཀ་སྐུལ་ལི་དིག 6ཡང་ཆུ་ཚོད་ལྔ་པ་ཚོད་ལེ་ཕྱི་ལེ་ལས་ཀ་མེད་མེད་མི་ཀྱ་མཐོང་སྟེ། བདག་པོ་ཁོས་མི་དེ་ཀྱ་ལེ། ཁྱེད་ཀྱ་རང་གི་ལག་ག་རང་གིས་ཟིན་ལས་ཀ་མེད་དི་ཉིན་གང་ཅི་ལེ་འདི་རུ་སྡོད་དེ་ཡིན་དོ་ཟིན་དྲིས་ཏེ། 7མི་འདི་ཀྱ་ཀྱིས་ཁོང་ལེ། མི་སུ་ཞིག་གིས་ཟང་ཉེད་ལེ་མི་གླ་ལེ་ཤོག་ཟེར་མཁན་མི་འདུག་སྨྲས་ཕེན། བདག་པོ་ཁོས། ཁྱེད་ཀྱ་རྒུན་འབྲུམ་གྱི་ལྡུམ་རའི་ནང་ལེ་ལས་ཀ་བགྱིད་དུ་རྒྱུག་ཅིག་སྨྲས་པི་དིག 8ཡང་དགོང་མོའི་དུས་ལེ། བདག་པོ་ཁོས་གཉེར་པ་ལེ། མི་གླ་རྗེས་ཤོས་ལེ་འོང་མཁན་ནས་བྱས་ཏེ་སྔོན་དང་ཤོས་འོང་མཁན་མི་གླ་ཀྱ་སྐད་བཏང་སྟེ། མི་དེ་ཀྱ་ལེ་གླ་ཆ་གཏོད་ཅིག་སྨྲས་པི་དིག 9དེ་ནས་གཉེར་པ་ཁོས་ཟང་ཆུ་ཚོད་ལྔ་པ་ལེ་འོང་མཁན་མི་གླ་ཀྱ་ལེ་སྒོར་མོ་གཅིག་གླ་ཆ་གཏད་དི་དིག 10ཡང་སྔོན་དང་ཤོས་འོང་མཁན་མི་གླ་ཀྱ་འོངས་ཏེ། ཁོང་ཀྱ་ཀྱིས་སེམས་པ་ལེ། རྗེས་ཤོས་འོང་མཁན་མི་གླ་ཀྱ་ལས་ལྷག་ཚོད་གླ་ཆ་མང་ང་འབྱོར་གྱི་དིག་བསམས་པི་དིག ཡིན་ནའང་། ཁོང་ཀྱ་ལེ་ཟང་སྒོར་མོ་གཅིག་གཏད་དི་དིག 11དེ་ནས་དངུལ་སྒོར་གཅིག་འབྱོར་རི་མི་གླ་ཀྱ་ཀྱིས་སྡུག་སྐད་བརྒྱབ་སྟེ་བདག་པོ་ལེ། 12མི་གླ་རྗེས་ཤོས་འོང་མཁན་ཀྱ་ཀྱིས་ཆུ་ཚོད་གཅིག་པ་རྐྱང་ལས་ཀ་བྱས་པི་དིག ཡིན་ནའང་། ཉེད་ཀྱ་ཀྱིས་ཉིན་གང་ཉི་མ་ཚ་པོ་འདིའི་འོག་ཏུ་དཀའ་ལས་མྱངས་པི་དེ་གཉིས་བར་ལེ་ཁྱད་པར་མེད་དི་བཟོས་པི་ཡིན་དས་ཟིན་སྨྲས་པི་དིག 13དེ་ནས་བདག་ཁོས་མི་འདི་ཀྱ་ནང་ནས་གཅིག་ལེ། རོགས་པོ། ངས་ཁྱོད་ལེ་དྲང་པོ་མེད་མེད་ལས་ཀ་མ་བྱས་འོད། ཁྱོད་ཀྱིས་ཉིན་མ་གཅིག་ལེ་གླ་ཆ་སྒོར་མོ་གཅིག་ལེན་རྒྱུ་ཁས་ལེན་བྱས་པི་མ་གས། 14རང་ལེ་ཅི་ཐོབ་འོད་ཡོད་དེ་འཁྱེར་ཏེ་རྒྱུགས། ཁྱོད་ལེ་གཏད་དི་གླ་ཆ་དེ་རིང་ཅོག་འདྲ། རྗེས་ཤོས་འོང་མཁན་མི་དེ་ལེ་ཟང་སྟེར་འདོད་འོད། 15རང་ལེ་འོད་ཡོད་འདི་ངས་འདོད་པ་ཅོག་འདྲ་བགྱིད་མི་ཆོག་འོད་དི་གས། ཡང་ནི། ང་ལག་ཡངས་མོ་བྱས་ཕེན། ཁྱེད་རང་ཕྲག་དོག་སྐྱེས་འདུག་གས་སྨྲས་པི་དིག 16འོ་དེ་ཅོག་འདྲ། རྗེས་ཤོས་ཡིན་མཁན་དེ་ཀྱ་དང་ཤོས་འོང་གྱི་དིག ཡང་དང་ཤོས་ཡིན་མཁན་ཀྱ། རྗེས་ཤོས་འོང་གྱི་དིག་ཟིན་གསུངས་པི་དིག
ཡང་དང་ལུང་བསྟན་གནང་བ།
17ཡེ་ཤུ་ཡེ་རུ་ས་གླིང་རྒྱལ་ས་ལེ་ཕེབས་རྒྱ། རང་གི་སློབ་མ་བཅུ་གཉིས་ཀྱ་ཟུར་ལེ་འཁྲིད་གནང་སྟེ་ཁོང་ཀྱ་ལེ། 18ང་ལེ་ཉོན་ཅིག ད་ལྟ་འུ་ཀྱ་ཡེ་རུ་ས་གླིང་གི་ལམ་ལེ་འགྲོ་འོད་དིག མིའི་བི་ས་ནི་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཆོས་ཁྲིམས་མཁས་པའི་མི་ཀྱ་ཀྱི་ལག་ལེ་གཏོད་ཀྱི་དིག ཡང་མི་དེ་ཀྱ་ཀྱིས་ཟང་ཁོ་ལེ་གསོད་དགོས་པའི་ཁྲིམས་ཐག་བཅད་དེ། 19ཁོང་རང་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ཀྱི་ལག་ལེ་གཏོད་ཀྱི་དིག ཡང་མི་དེ་ཀྱ་ཀྱིས་ཟང་ཁོང་ལེ་འཕྱམ་ཆ་གཏོང་གི་མ་ཟད། ལྕགས་ཚན་བཞུས་པི་རྗེས་ལེ། གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་བརྒྱངས་ཏེ་གསོད་ཀྱི་དིག དེ་ནས་ཉིན་གསུམ་པ་ལེ་ཁོང་རང་ཡང་དང་གསོན་འོང་གྱི་དིག་ཟིན་གསུངས་པི་དིག
ཨ་མ་ཞིག་ཞུ་བ།
20དེ་ནས་ཟེ་བད་ཡཱ་ཟེར་མཁན་གྱི་བི་ས་གཉིས་ཀྱི་ཨ་མ་མོས་རང་གི་བི་ས་ཁྲིད་འོངས་ཏེ། ཡེ་ཤུའི་མདུན་དུ་པུས་མོ་ས་ལེ་བཙུགས་ཏེ། ཁྱེད་ལེ་ཞུ་བ་ཞིག་འབུལ་རྒྱུ་འོད་ཟིན་ཞུས་པི་དིག 21ཡེ་ཤུས་མོ་ལེ། ཁྱོད་ཀྱི་ཞུ་བ་ཅི་ཡིན་དོ་ཟིན་དྲིས་ཕེན། མོས་ཁོང་ལེ། ངའི་བི་ས་གཉིས་པོ་འདི་ཁྱེད་ཀྱི་རྒྱལ་ཁབ་ནང་ལེ། གཅིག་ཁྱེད་ཀྱི་གཡས་ཕྱོགས་དིང་། གཅིག་ཁྱེད་གཡོན་ཕྱོགས་ལེ་སྡོད་དུ་འཇུག་རྒྱུ་ལེ་བཀའ་གནང་རོགས་ཟིན་ཞུས་པི་དིག 22དེ་ནས་ཡེ་ཤུས་མོ་དིང་། མོའི་བི་ས་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཞུ་བ་ཅི་འབུལ་ལི་དོན་འདི་མི་ཤེས་འོད་དིག ཕོར་རུ་ནང་ལེ་འོད་ཡོད་ངས་འཐུང་དགོས་པའི་དཀའ་སྡུག་དེ། ཁྱེད་ཀྱ་ཀྱིས་ཟང་འཐུང་ནུས་རྒྱུ་དྲག་གས་ཟིན་གསུངས་ཕེན། ཁོང་ཀྱ་ཀྱིས་ཡེ་ཤུ་ལེ། དེ་ཉིད་ཀྱ་ཀྱིས་འཐུང་ནུས་རྒྱུ་དྲག་ཟིན་ཞུས་པི་དིག 23ཡང་ཡེ་ཤུས་ཁོང་ཀྱ་ལེ། ངས་འཐུང་དགོས་པའི་ཕོར་རུ་དེ་ཁྱེད་ཀྱ་ཀྱིས་ཟང་འཐུང་ནུས་ཀྱི་དིག ཡིན་ནའང་། ངའི་གཡས་གཡོན་ལེ་སྡོད་དུ་འཇུག་རྒྱུ་དབང་ཆ་དེ་ང་ལེ་མེད། ངའི་ཨ་ཀྱིས་མི་སུ་ལེ་གྲ་སྒྲིག་བཟོས་གནང་འོད་ནི། འོ་དེ་ལེ་འཐོབ་ཀྱི་དིག་ཟིན་གསུངས་པི་དིག 24དེ་ནས་སློབ་མ་བཅུ་པོ་ཀྱ་ཀྱིས་གསུང་འདི་ཐོས་ཕེན། བི་ས་སྤུན་གཉིས་པོ་དེ་ལེ་ཞེ་སྡང་ལངས་པི་དིག 25དེ་ནས་ཡེ་ཤུས་སློབ་མ་དེ་ཀྱ་རང་གི་མདུན་དུ་ཤོག་སྨྲས་ཏེ། ཡ་ཧུ་དཱ་པ་མིན་པའི་ཕྱིའི་དཔོན་རིགས་ཀྱ་ཀྱིས་རང་གི་མི་དམངས་ལེ་གཙན་དབང་བཏང་སྟེ་དབང་ཆ་བགྱིད་འོད་དི་མ་ཟད། ཡང་ཁོང་ཀྱ་ཀྱི་ནང་ལེ་འོད་ཡོད་དཔོན་རིགས་ཀྱིས་ཟང་རང་གི་མི་དམངས་ལེ་དབང་ཆ་ཅི་འདོད་བགྱིད་འོད་དེ་ནི། ཁྱེད་ཀྱ་ཀྱིས་ཧ་གོ་གོ་བ་ཡིན་དིག 26ཡིན་ནའང་། ཁྱེད་ཀྱ་ཀྱི་ནང་ལེ་འོ་དེ་ཅོག་འདྲ་མེད་དིག ཁྱེད་ཀྱ་ཀྱི་ནང་ནས་མི་སུ་ཆེན་པོ་ཆག་འདོད་འོད་ཡོད་མི་དེས་མི་ཡེ་རེ་ལེ་ཞབས་ཕྱི་རྒྱུགས་དགོས་འོད་དིག 27ཡང་ཁྱེད་ཀྱ་ཀྱི་ནང་ནས་མི་སུ་དང་ཤོས་འོང་འདོད་བགྱིད་མཁན་མི་དེས་མི་ཀུན་ལེ་ཞབས་ཕྱི་རྒྱུགས་དགོས་འོད་དིག 28མིའི་བི་ས་ཟང་མི་གཞན་གྱིས་རང་ལེ་གཡོག་པོ་བགྱིད་དུ་འཇུག་རྒྱུ་ཆེད་དུ་འོངས་པི་མན། གཞན་ལེ་གཡོག་པོ་བགྱིད་རྒྱུ་དིང་། མི་ཀྱ་ཀྱིས་བྱས་པའི་སྡིག་ཉེས་ཀྱི་ཤི་དགོས་པའི་ཆེད་པ་མེད་དི་བཟོ་རྒྱུ་ཆེད་དུ། རང་སྲོག་དེ་འབུལ་དུ་འོངས་པི་ཡིན་ཟིན་གསུངས་པི་དིག
མི་ཞ་ར་གཉིས་དྲག་ཏུ་བཅུག་པ།
29དེ་ནས་ཁོང་ཀྱ་ཡེ་རུ་ཀོ་ཟེར་རི་རྒྱལ་ས་དིང་ཁ་འབྲལ་ཏེ་འགྲོ་རྒྱ། མི་ཚོགས་མང་པོ་ཞིག་ཁོང་གི་རྗེས་ལེ་འབྲངས་པི་དིག 30དེ་རྒྱ་ཞ་ར་ཡིན་མཁན་ཁོ་གཉིས་ཟང་ལམ་དེའི་འགྲམ་ལེ་བསྡད་ཕེན། ཡེ་ཤུ་ལམ་དེའི་བརྒྱུད་ནས་ཕེབས་གནང་གྱོ་འོད་དི་ཁོ་གཉིས་ཀྱིས་ཐོས་ཕེན། ཁོ་གཉིས་ཀྱིས་སྐད་ཆེན་པོས་ངང་ནས། ཇོ་བོ། རྒྱལ་པོ་དཱ་བིད་ཀྱི་སྲས། ཉེད་གཉིས་ལེ་ཐུགས་རྗེ་གཟིགས་རོགས་ཟིན་ཞུས་པི་དིག 31ཡང་མི་ཚོགས་དེ་ཀྱ་ཀྱིས་ཞ་ར་དེ་གཉིས་ལེ། ཁ་སྡུད་ཅིག་ཟིན་ནན་ཏན་བྱས་ཏེ་སྨྲས་པི་དིག ཡིན་ནའང་། ཁོ་གཉིས་ཀྱིས་ད་རུང་སྐད་ཆེ་པོས་ངང་ནས། ཇོ་བོ། རྒྱལ་པོ་དཱ་བིད་ཀྱི་སྲས། ཉེད་གཉིས་ལེ་ཐུགས་རྗེ་གཟིགས་རོགས་ཟིན་ཞུས་ཕེན། 32ཡེ་ཤུ་ཕེབས་འགྲོ་ནས་མ་ཕེབས་ཏེ་ཁོ་གཉིས་ལེ། ཚུར་ཤོག ངས་ཁྱེད་གཉིས་ལེ་ཅི་བགྱིད་དགོས་འདུག་གོ་ཟིན་གསུངས་པི་དིག 33དེ་ནས་ཁོ་གཉིས་ཀྱིས་ཁོང་ལེ། ཇོ་བོ། ཉེད་གཉིས་ཀྱི་མིག་གིས་མཐོང་འདོད་འདུག་ཞུས་ཕེན། 34ཡེ་ཤུས་ཁོ་གཉིས་ལེ་སྙིང་རྗེ་སྐྱེས་ཏེ། ཁོ་གཉིས་ཀྱི་མིག་ལེ་ཕྱག་ཐུག་ལོང་མེད། ཁོ་གཉིས་ཀྱི་མིག་མཐོང་རྒྱུ་འོད་ཡོད་བྱུང་སྟེ། ཡེ་ཤུའི་རྗེས་ལེ་འབྲངས་པི་དིག །
Currently Selected:
མད་ཐཱ། 20: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.