མད་ཐཱ། 21
21
ལེའུ་ཉི་ཤུ་རྩ་གཅིག
ཡེ་རུ་ས་གླིང་རྒྱལ་ས་ལེ་ཕེབས་པ།
1ཡང་ཁོང་ཀྱ་ཡེ་རུ་ས་གླིང་རྒྱལ་སའི་ཉེ་འགྲམ་ལེ་ཕེབས་རྒྱ། སྐྱུ་རུ་རིའི་ངོས་ལེ་འོད་ཡོད་གྲོང་སྡེ་པེ་ཕཱ་གེ་ཟེར་རིའི་ཉེ་འགྲམ་དུ་སླེབས་ཕེན། ཡེ་ཤུས་རང་གི་སློབ་མ་གཉིས་ལེ། 2ཕ་གེར་གྲོང་སྡེ་ལེ་རྒྱུགས་དང་། དེ་རུ་བཏགས་ཏེ་བོར་འོད་ཡོད་བོང་གུ་མ་བུ་གཉིས་མཐོང་གྱི་དིག དེ་ནས་ཁྱེད་གཉིས་ཀྱིས་བོང་གུ་མ་བུ་དེ་གཉིས་བཀྲོལ་ཏེ་ངའི་རྩ་ལེ་ཁྲིད་ལེད།#21.2 བོང་ཕྲུག་དེ་ནི་སྐྱེས་ཚོད་མ་དིག རྟེའུ་ཡིན་དིག 3གལ་སྲིད་མི་ཞིག་གིས་ཁྱེད་གཉིས་ལེ། ཅི་ལེ་བཀྲོལ་ལི་ཡིན་དོ་ཟིན་དྲིས་པི་ཡིན་ནི། ཇོ་བོ་ཁོང་ལེ་དགོས་པ་འདུག་སྨྲོས་དང་། ཁོས་གང་མགྱོགས་རྫོང་གྱི་དིག་སྨྲོས་ཤིག་གསུངས་ཏེ་བརྫངས་པི་དིག 4དོན་འདི་ནི་ལུང་སྟོན་པའི་བརྒྱུད་ནས་གསུངས་པི་དེ་སྒྲུབ་རྒྱུ་ཆེད་དུ་ཡིན་དིག
5ཡེ་རུ་ས་གླིང་མི་དམངས་ལེ། །
ལྟོས་དང་ཁྱེད་ཀྱི་རྒྱལ་པོ་དེ་ནི། །
བོང་ཕྲུག་ལེ་བཅིབས་ཏེ་སྙེམས་ཆུང་ངང་། །
ཁྱེད་ཀྱ་ཀྱི་ས་ལེ་ཕེབས་གནང་གྱི་འདུག །
ཟིན་གསུངས་པ་དེ་འགྲུབ་རྒྱུ་ཆེད་དུ་འོ་དེ་གི་བྱུང་པི་དིག#21.5 ཚིགས་བཅད་འདི་ནི་ལུང་སྟོན་པ་ཟ་ཀར་ཡཱས་བྲིས་པའི་མདོ་ལེའུ་ 9 ཨང་ 9 ནང་ལེ་གཟིགས་རོགས། 6དེ་ནས་སློབ་མ་ཁོ་གཉིས་ཕྱིན་ཏེ་ཁོང་གིས་བཀའ་གསུངས་ཅོག་འདྲ་བྱས་ཏེ། 7ཁོ་གཉིས་ཀྱིས་བོང་གུ་མ་བུ་དེ་གཉིས་ཁོང་གི་རྩ་ལེ་ཁྲིད་འོངས་པི་དིང་། རང་གི་ཁ་གྱོན་དེ་ཟང་བོང་ཕྲུག་གི་རྒྱབ་ལེ་བཏིངས་ཕེན། ཁོང་ཟང་བོང་ཕྲུག་དེའི་ལྟག་ག་ལེ་བཅིབས་ཏེ་ཕེབས་པི་དིག 8ཡང་མི་ཚོགས་མང་པོས་རང་གི་ཁ་གྱོན་དེ་ལམ་ལེ་བཏིངས་པི་མ་ཟད། ཡང་མི་གཞན་མ་ཀྱ་ཀྱིས་སྡོང་པོའི་ཡལ་ག་བཅད་དེ་ལམ་ལེ་བཏིངས་པི་དིག 9ཡང་མི་ལ་ལ་ཁོང་གི་སྔོན་ལེ་འགྲོ་བ་དིང་། ཡང་ལ་ལ་ཁོང་གི་རྗེས་ལེ་འབྲངས་ཏེ་སྐད་ཆེན་པོས་ངང་ནས།
དཱ་བིད་སྲས་ལེ་བསྟོད་པ་འབུལ་ལོ། །
ཇོ་བོ་དཀོན་མཆོག་གི་མཚན་གྱི་ནང་ནས། །
ཕེབས་གནང་མཁན་དེ་ལེ་བདེ་བ་ཆེའོ། །
དཀོན་མཆོག་ལེ་བསྟོད་པ་འབུལ་ལོ། །
ཟིན་སྨྲས་པི་དིག#21.9 ཧོ་ཟན་ནཱ་ཟེར་རི་དོན་དེ་ནི། དཀོན་མཆོག་ལེ་བསྟོད་པ་འབུལ་ལོ་ཟེར་རི་དོན་ཡིན་དིག ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 118 ཨང་ 26 ནང་ལེ་གཟིགས་རོགས། 10དེ་ནས་ཡེ་ཤུ་ཡེ་རུ་ས་གླིང་རྒྱལ་སའི་ནང་ལེ་སླེབས་པི་དིང་། མི་ཡེ་རེས་འུར་ཟིང་བརྒྱབ་སྟེ་མི་འདི་སུ་ཡིན་གོ་ཟིན་དྲིས་ཕེན 11མི་ཚོགས་ཀྱིས་མི་འདི་ནི་ག་ལིལ་ལུང་པ་ནཱ་ཙ་རེལ་ཡུལ་ནས་ཡིན་མཁན་ལུང་སྟོན་པ་ཡེ་ཤུ་དེ་ཡིན་དིག་ཟིན་སྨྲས་པི་དིག
མཆོད་ཁང་ནང་ལེ་ཉོ་ཚོང་བགྱིད་མཁན་ཀྱ་ཕྱི་ལེ་བུད་པ།
12དེ་ནས་ཡེ་ཤུ་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོའི་དྭངས་རའི་ནང་ལེ་ཕེབས་གནང་པི་དིག ཡང་ཁོང་གིས་དྭངས་རའི་ནང་ལེ་ཉོ་ཚོང་བགྱིད་མཁན་མི་ཡེ་རེ་རྒྱལ་སྒོའི་ཕྱི་ལེ་བུད་གནང་གི་མ་ཟད། དངུལ་རྗེ་མཁན་གྱི་ཅོག་ཙེ་དིང་། བྱ་ཕུག་མོ་ཚོང་མཁན་སྡོད་ས་རྐུབ་ཀྱག་དེ་ཟང་ས་ལེ་གཡུགས་པི་དིག 13ཡང་ཁོང་གིས་མི་དེ་ཀྱ་ལེ། དཀོན་མཆོག་གི་གསུང་རབ་ནང་ལེ། ངའི་ཁྱིམ་འདི་ནི་སྨོན་ལམ་འདེབས་སའི་ཁྱིམ་ཟེར་གྱི་དིག་ཟིན་བྲིས་འོད་དིག ཡིན་ནའང་། ཁྱེད་ཀྱ་ཀྱིས་ཇག་པའི་ཚང་ཅོག་འདྲ་བཟོས་འདུག་ཟིན་གསུངས་པི་དིག#21.13 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 56 ཨང་ 7 དིང༌། ཡང་ལུང་སྟོན་པ་ཡེ་རེམ་ཡཱས་བྲིས་པའི་མདོ་ལེའུ་ 7 ཨང་ 11 ནང་ལེ་གཟིགས་རོགས། 14དེ་ནས་མིག་ཞ་ར་དིང་རྐང་པ་ཞ་རིལ་ཀྱ་མཆོད་ཁང་ཆེན་མོའི་དྭངས་རའི་ནང་ལེ་ཁོང་གི་དྲུང་དུ་འོངས་ཕེན། ཁོང་གིས་མི་དེ་ཀྱ་དྲག་ཏུ་བཅུག་པི་དིག 15ཡང་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང༌། ཆོས་ཁྲིམས་མཁས་པའི་མི་ཀྱ་ཀྱིས་ཡེ་ཤུས་བསྒྲུབས་པའི་ངོ་མཚར་ཆེན་པོ་དེ་མཐོང་པི་མ་ཟད། ཡང་མཆོད་ཁང་ཆེན་མོའི་དྭངས་རའི་ནང་ལེ་འོད་ཡོད་ཕྲུ་གུ་ཀྱ་ཀྱིས་སྐད་ཆེན་པོས་ངང་ནས་ཡེ་ཤུ་ལེ། རྒྱལ་པོ་དཱ་བིད་ཀྱི་སྲས་ཁྱེད་ལེ་བསྟོད་པ་འབུལ་ལོ་ཟེར་རི་ཟང་ཐོས་ཕེན་ཞེ་སྡང་ལངས་པི་དིག 16ཡང་མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ། ཕྲུ་གུ་འདི་ཀྱ་ཀྱིས་ཁྱེད་ལེ་ཅི་ཟེར་རི་དེ་ཁྱེད་ཀྱིས་ཐོས་བྱུང་གས་ཟིན་ཞུས་ཕེན། ཡེ་ཤུས་མི་དེ་ཀྱ་ལེ། ངས་ཐོས་བྱུང་། ཡང་གསུང་རབ་ནང་ལེ། ཕྲུ་གུ་དིང་ཡང་འོ་མ་འཐུང་མཁན་དམར་འབྱར་ཀྱ་ཀྱིས་ཁ་ནས་བསྟོད་པ་འབུལ་རྒྱུ་ལེ་གྲ་སྒྲིགས་བཟོས་གནང་པི་དིག་ཟིན་ཁོང་གིས་གསུངས་པི་དེ། ཁྱེད་ཀྱ་ཀྱིས་བསྒྲོགས་མྱོང་མེད་དས་ཟིན་གསུངས་པི་དིག 17དེ་ནས་ཡེ་ཤུས་མི་དེ་ཀྱ་དིང་ཁ་བྲལ་ཏེ་རྒྱལ་ས་འདིའི་ཕྱི་ལེ་འོད་ཡོད་པེ་ཐན་ཡཱ་ཡུལ་ལེ་ཕེབས་གནང་སྟེ་མཚན་མོ་ཞིག་འདི་རུ་བཞུགས་པི་དིག
འབྲས་བུ་མེད་མེད་བསེ་ཡབ་སྡོང་པོའི་སྐོར།
18དེའི་སྔ་དྲོ་སྔ་རོག་རྒྱལ་ས་དེ་རུ་རང་འཇགས་ཚུར་ཕེབས་འོང་རྒྱ། ཡེ་ཤུ་གསོལ་གྲོད་ལྟོགས་པི་མ་ཟད། 19ཡང་ལམ་གྱི་ཟུར་ལེ་བསེ་ཡབ་སྡོང་པོ་ཞིག་འོད་དི་གཟིགས་ཏེ། དེའི་རྩ་ལེ་ཕེབས་པི་དིག ཡིན་ནའང་། སྡོང་པོ་དེ་ལེ་ལོ་མ་པ་རྐྱང་མ་གཏོགས་ཤིང་ཏོག་ཅི་གང་མེད་དི་གཟིགས་པི་དིག དུས་ད་ནས་ཕྱིན་ཆད། ཤིང་ཏོག་མེད་མེད་སྡོང་པོ་དེ་ལེ། དུས་ནམ་ཞིག་ཡིན་ནའང་། ཤིང་ཏོག་མ་སྐྱེད་ཅིག་ཟིན་གསུངས་ལོང་མེད་དེ། བསེ་ཡཱབ་སྡོང་པོ་དེ་བསྐམས་བུད་དི་དིག 20སློབ་མ་ཀྱ་ཀྱིས་དེ་མཐོང་ཕེན། ཡ་མཚན་ཆེན་པོ་བྱུང་སྟེ། བསེ་ཡབ་སྡོང་པོ་འདི་ཅི་གི་བྱས་ཏེ་མགྱོགས་པོ་བསྐམས་པི་ཡིན་ནེ་ཟིན་དྲིས་ཕེན། 21ཡེ་ཤུས་སློམ་མ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཐེ་ཚོམ་མེད་དི་དད་པ་བྱས་ནི། བསེ་ཡབ་སྡོང་པོ་འདི་ལེ་ཅི་བྱས་པི་ཅོག་འདྲ། ཁྱེད་ཀྱ་ཀྱིས་ཟང་བགྱིད་ཐུབ་པི་མ་ཟད། རི་འདི་ལེ། འདི་ནས་རྒྱ་མཚོའི་ནང་ལེ་གཡུགས་ཤིག་སྨྲས་ནི། འོ་དི་ཅོག་འདྲ་འགྲུབ་ཀྱི་དིག 22ཁྱེད་ཀྱ་ཀྱིས་དད་པའི་ངང་ནས་གསོལ་བ་སྨོན་ལམ་ཅི་ཞུས་པི་དེ་ཡེ་རེ་འཐོབ་ཀྱི་དིག་ཟིན་གསུངས་པི་དིག
ཡེ་ཤུའི་དབང་ཆ།
23ཡང་ཡེ་ཤུ་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོའི་དྭངས་རའི་ནང་ལེ་ཕེབས་ཏེ། ཁོང་གིས་མི་ཚོགས་ལེ་ཆོས་སྟོན་གནང་རྒྱ། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཡུལ་གྱི་རྒན་མི་ཀྱ་ཁོང་གི་དྲུང་དུ་འོངས་ཏེ། དབང་ཆ་ཅིའི་བརྒྱུད་ནས་ཁྱོད་ཀྱིས་དོན་འདི་ཀྱ་བགྱིད་དི་ཡིན་དོ། ཡང་སུས་ཁྱོད་ལེ་དོན་འདི་ཀྱ་བགྱིད་རྒྱུ་དབང་ཆ་གཏད་བྱུང་ཟིན་སྨྲས་ཕེན། 24ཁོང་གིས་མི་དེ་ཀྱ་ལེ། ང་ལེ་ཟང་ཁྱེད་ཀྱ་ལེ་དྲི་བ་ཞིག་འདྲི་རྒྱུ་འོད། ཁྱེད་ཀྱ་ཀྱིས་དྲི་བ་དེ་ལེ་ལན་བརྒྱབ་ཡིན་ནི། ངས་དོན་འདི་སུའི་དབང་ཆ་བརྒྱུད་ནས་བྱས་པི་ཡིན་དི་ཁྱེད་ཀྱ་ལེ་ཟེར་རོ། 25འོ་ནེ། ཡོ་ཧ་ནན་གྱིས་སུའི་དབང་ཆ་ལེ་བརྟེན་ཏེ་ཁྲུས་གསོལ་བགྱིད་དི་ཡིན་གོ། དེ་དཀོན་མཆོག་གི་བརྒྱུད་ནས་བྱུང་པི་ཡིན་གོ། ཡང་ནི། མིའི་བརྒྱུད་ནས་བྱུང་པི་ཡིན་གོ་ཟིན་གསུངས་ཕེན། མི་འདི་ཀྱ་ཕན་ཚུན་གཅིག་གིས་གཅིག་ལེ། གལ་སྲིད་དེ་དཀོན་མཆོག་གི་བརྒྱུད་ནས་བྱུང་པི་ཡིན་དིག་སྨྲས་ནི། ཁོང་གིས་འུ་ཀྱ་ལེ། འོ་ནེ། ཁྱེད་ཀྱ་ཀྱིས་ཅི་ལེ་ཁོང་ལེ་དད་པ་མི་བགྱིད་དི་ཡིན་དོ་ཟིན་དྲི་སྲིད་ཀྱི་དིག 26ཡང་དེ་མིའི་བརྒྱུད་ནས་བྱུང་པི་ཡིན་དིག་སྨྲས་ནི། མི་ཡེ་རེས་ཡོ་ཧ་ནན་ཁོང་རང་ནི། ངོ་ཐོག་ལུང་སྟོན་པ་ཞིག་ཡིན་དི་རྩི་གྱོ་འོད་ཕེན། མི་ཚོགས་ཀྱ་ཟིང་ཆ་ལངས་སྲིད་ཀྱི་དིག་སེམས་ཏེ་འཇིགས་པི་དིག 27འོ་དེ་ལེ་བརྟེན་ཏེ། ཁོང་ཀྱ་ཀྱིས་ཡེ་ཤུ་ལེ་ཉེད་ཀྱ་ཀྱིས་ཧ་མི་གོ་འོད་སྨྲས་ཕེན། ཁོང་གིས་མི་འདི་ཀྱ་ལེ། འོ་ནེ། ངས་ཟང་དོན་དེ་ཀྱ་མི་སུའི་དབང་ཆ་བརྒྱུད་ནས་བགྱིད་འོད་མེད་ཤོད་ཀྱི་མན་ཟིན་གསུངས་པི་དིག
བི་ས་གཉིས་ཀྱི་དཔེ་སྐོར།
28ད་ཁྱེད་ཀྱ་ཀྱིས་ཅི་སེམས་ཀྱི་གོ། མི་ཞིག་ལེ་བི་ས་གཉིས་འོད་དིག ཁོས་བི་ས་ཆེ་བའི་རྩ་ལེ་ཕྱིན་ཏེ། བི་སོའོ། ད་རིང་ཁྱོད་རང་རྒུན་འབྲུམ་གྱི་ལྡུམ་ར་ལེ་ཕྱིན་ཏེ་ལས་ཀ་གྱིས་ཤིག་སྨྲས་པི་དིག 29དེ་ནས་བི་ས་ཁོས་ང་འགྲོ་རྒྱུ་མན་སྨྲས་ནའང་། རྗེས་ལེ་ཁོ་རང་སེམས་བསྒྱུར་ཏེ་རྒུན་འབྲུམ་ལྡུམ་རའི་ནང་ལེ་བུད་དི་དིག 30ཡང་ཨ་ཀྱིས་རང་གི་བི་ས་ཆུང་གི་རྩ་ལེ་ཕྱིན་ཏེ། བི་ས་ཆེ་བ་ལེ་སྨྲས་པི་ཅོག་འདྲ་སྨྲས་པི་དིག དེ་ནས་བི་ས་ཆུང་གིས་ཨ་ཀྱི་ལེ། ང་འགྲོ་བོ་སྨྲས་ཏེ་མ་བུད་དི་དིག 31ད་བི་ས་དེ་གཉིས་ཀྱི་ནང་ནས་སུས་ཨ་ཀྱིའི་འདོད་པ་ཅོག་འདྲ་བྱས་པི་གོ་ཟིན་གསུངས་ཕེན། མི་དེ་ཀྱ་ཀྱིས་བི་ས་ཆེ་བ་ཁོས་བྱས་པི་དིག་སྨྲས་པི་དིག ཁོང་གིས་མི་དེ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྲལ་སྡུད་མཁན་དིང་། སྨད་འཚོང་མཁན་ཀྱ། དཀོན་མཆོག་གི་རྒྱལ་ཁབ་ཀྱི་ནང་ལེ་ཁྱེད་ཀྱ་ཀྱི་སྔོན་ལེ་འཛུལ་གྱི་དིག 32ཅི་ལེ་ཟེར་ནི། ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱིས་ཁྱེད་ཀྱ་ལེ་ལམ་བཟང་པོ་སྟོན་དུ་འོངས་པི་ཡིན་ནའང༌། ཁྱེད་ཀྱ་ཀྱིས་ཁོང་ལེ་ཡིད་ཆེས་མ་བྱས་པི་དིག ཡིན་ནའང་། ཁྲལ་སྡུད་མཁན་དིང་། སྨད་འཚོང་མཁན་ཀྱ་ཀྱིས་ཁོང་ལེ་ཡིད་ཆེས་བྱས་པི་དིག ཁྱེད་ཀྱ་ཀྱིས་དེ་མཐོང་ནའང་ཁྱེད་ཀྱ་ཀྱི་སེམས་མ་བསྒྱུར་རི་དིང་། ཁོང་ལེ་ཡིད་ཆེས་ཟང་མ་བྱས་པི་དིག་ཟིན་གསུངས་པི་དིག
རྒུན་འབྲུམ་གྱི་ཞིང་གི་དཔེ་སྐོར།
33ཡང་ཁྱེད་ཀྱ་ཀྱིས་དཔེ་འདི་ལེ་ཟང་ཉོན་ཅིག བདག་པོ་ཞིག་གིས་རང་གི་ཞིང་ནང་ལེ་རྒུན་འབྲུམ་སྡོང་པོ་མང་པོ་ཚུགས་ཏེ། ཞིང་གི་ཕྱོགས་བཞི་ལེ་གྱང་བརྩིགས་པི་རྗེས་ལེ། ཡང་རྒུན་ཆང་འཚིར་ས་དོང་ཆེན་པོ་ཞིག་བཟོས་པི་མ་ཟད། ཡང་སོ་རྒྱག་སའི་ཐོག་ཁང་ཞིག་ཟང་བརྩིགས་པི་དིག རྒུན་འབྲུམ་གྱི་ཞིང་དེ་མི་གཞན་མ་ལེ་ཕྱེད་འདེབས་བཏང་སྟེ། ཁོ་རང་ལུང་པ་གཞན་མ་ཞིག་ལེ་སྡོད་དུ་བུད་དི་དིག 34དེ་ནས་རྒུན་འབྲུམ་སྨིན་པའི་དུས་ཚོད་སླེབས་ཕེན། ཁོས་རང་གི་གཡོག་པོ་ཀྱ་ལེ་ཕྱེད་འདེབས་དེ་ལེན་དུ་བརྫངས་པི་དིག 35ཡིན་ནའང་། ཕྱེད་འདེབས་གཏོང་སའི་མི་དེ་ཀྱ་ཀྱིས་གཡོག་པོ་གཅིག་ལེ་ཤི་མེད་རོ་མེད་བརྡུངས་པི་དིག ཡང་གཡོག་པོ་གཅིག་བསད། གཡོག་པོ་གཅིག་ལེ་རྡོ་རུབ་བཏང་པི་དིག 36དེ་ནས་བདག་པོ་ཁོས་སྔོན་མ་ལས་ལྷག་ཚོད་གཡོག་པོ་མང་པོ་བརྫངས་པི་དིག ཡིན་ནའང་། ཕྱེད་འདེབས་གཏོང་ས་མི་དེ་ཀྱ་ཀྱིས་ཁོང་ཀྱ་ལེ་ཟང་དེ་ཅོག་འདྲ་བྱས་པི་དིག 37དེ་ནས་བདག་པོ་ཁོས་ངའི་བི་ས་བརྫངས་པི་ཡིན་ནི། མི་ཀྱ་ཀྱིས་བརྩི་བཀུར་བགྱིད་སྲིད་ཀྱི་དིག་བསམས་ཏེ། བི་ས་ཁོ་ཕྱེད་འདེབས་ལེན་དུ་བརྫངས་པི་དིག 38ཡིན་ནའང་། མི་དེ་ཀྱ་ཀྱིས་ཞིང་གི་བདག་པོའི་བི་ས་དེ་འོང་གི་མཐོང་སྟེ། ཕན་ཚུན་གཅིག་གིས་གཅིག་ལེ། བི་ས་འདི་ནི་ཨ་ཀྱིའི་ཤུལ་འཛིན་མཁན་ཡིན་དིག ད་ཤོག་དང་། འོ་རང་ཀྱ་ཀྱིས་རུབ་སྟེ་ཁོ་གསོད་རོ། དེ་ནས་ཤུལ་འཛིན་ཡེ་རེ་འོ་རང་ཀྱ་ལེ་འཐོབ་ཀྱི་དིག་ཟིན། 39བི་ས་འདི་འཛིན་བཟུང་བྱས་ཏེ་ཞིང་གི་ཕྱི་ལེ་བཏོན་ཏེ་བསད་དི་དིག 40དེ་ནས་ཞིང་གི་བདག་པོ་ཁོང་རང་འོང་སྟེ། ཕྱེད་འདེབས་གཏོང་སའི་མི་དེ་ཀྱ་ལེ་ཅི་བྱས་འོང་ཟིན་གསུངས་ཕེན། 41མཆོད་པ་འབུལ་མཁན་ཀྱ་དིང་། རྒན་མི་ཀྱ་ཀྱིས་ཡེ་ཤུ་ལེ། རྗེས་ལེ་བདག་པོ་ཁོ་རང་འོང་སྟེ། ཕྱེད་འདེབས་གཏོང་སའི་མི་ངན་དེ་ཡེ་རེ་རྩ་མེད་བཏང་སྟེ། རྒུན་འབྲུམ་གྱི་ཕྱེད་འདེབས་དེ་དུས་ཐོགས་ལེ་རྩིས་རྒྱག་མཁན་མི་གཞན་མ་ཞིག་ལེ། ཞིང་དེ་ཕྱེད་འདེབས་གཏོང་གྱི་དིག་ཟིན་སྨྲས་པི་དིག 42ཡིན་ནའང་། ཡེ་ཤུས་མི་དེ་ཀྱ་ལེ་གཟིགས་ཏེ། གསུང་རབ་ནང་ལེ།
རྩིག་དཔོན་ཀྱ་ཀྱིས་གཡུགས་པའི་རྡོ་ནི། །
ཇོ་བོ་དཀོན་མཆོག་ཁོང་གིས། །
ཁང་པ་གྲུ་བཞིའི་རྨང་རྡོ་བཟོས། །
འུ་ཀྱ་ཀྱི་མིག་ལེ་ངོ་མཚར་ཆེའོ། །
ཟིན་གསུངས་པི་དེ། ཁྱེད་ཀྱ་ཀྱིས་བསྒྲོགས་མྱོང་མེད་དས།#21.42 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 118 ཨང་ 22-23 ནང་ལེ་གཟིགས་རོགས། 43འོ་དེ་ལེ་བརྟེན་ཏེ། ང་ཁྱེད་ཀྱ་ལེ་ཟེར་རོ། དཀོན་མཆོག་གི་རྒྱལ་ཁབ་ཁྱེད་ཀྱ་ནས་འཕྲོག་སྟེ། འབྲས་བུ་སྐྱེད་མཁན་མི་རིགས་གཞན་མ་ལེ་དཀོན་མཆོག་གི་རྒྱལ་ཁྱབ་དེ་གནང་གྱི་དིག 44ཡང་མི་སུ་ཞིག་རྡོ་དེའི་ལྟག་ག་ལེ་འགྱེལ་ནི་དུམ་བུ་ཤོར་འགྲོ་གྱི་དིག ཡང་རྡོ་དེ་མི་སུའི་ལྟག་ག་ལེ་འཛར་ནི། རྡོ་དེས་མནན་གྱི་དིག་ཟིན་གསུངས་པི་དིག 45དེ་ནས་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཕཱ་རུ་ཤི་པ་དེ་ཀྱ་ཀྱིས་དཔེ་དེ་ཀྱ་ཐོས་ཏེ། ཁོང་ཀྱ་ཀྱིས་རང་གི་སྐོར་ལེ་གསུངས་པི་ཡིན་དི་ཧ་གོ་ཕེན། 46ཁོང་ཀྱ་ཀྱིས་ཡེ་ཤུ་འཛིན་བཟུང་བགྱིད་འདོད་བྱུང་ནའང་། མི་ཚོགས་ཀྱ་ཀྱིས་ཁོང་རང་ནི་ལུང་སྟོན་པ་ཞིག་ཡིན་དིག་ཟིན་བརྩིས་ཕེན། ཁོང་ཀྱ་མི་ཚོགས་འདི་ཀྱ་ལེ་འཇིགས་པི་དིག །
Currently Selected:
མད་ཐཱ། 21: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.