མད་ཐཱ། 14

14
ཁྲུས་གསོལ་མཁན་ཡོ་ཧ་ནན་གྲོངས་བ།
(མར་ཀུ། ༦:༡༤-༢༩; ལུ་ཀ། ༩:༧-༩)
1འོ་དེ་གང་ལ་ག་ལིལ་གྱི་དཔོན་པོ་ཧེ་རོ་དཱེ་ཡིས་ཡེ་ཤུའི་སྙན་གྲགས་ཀྱི་སྐོར་ལ་ཧ་གོ་པ་ལགས། 2དེ་ནས་ཁོས་ཁོ་རི་གཡོག་པོ་ཀྱ་ལ་སྨྲས་བ་ལགས། འདི་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་ལགས། ཁོ་གཤིན་པོ་ནས་གསོན་པོ་ལངས་འདུག།འོ་བྱས་རེ་དེ་རེ་ཧང་སང་གིན་ནུས་མཐུ་ཁོ་ནས་བྱུང་བ་ལགས།
3ད་ཧེ་རོ་དཱེ་ཡིས་ཁོ་རི་ནུ་བོ་ཕི་ལིབ་ཀྱི་སྐྱེས་དམན་ཧེ་རོ་དཱེ་ཡཱའི་ཕྱིར་ལ་ཡོ་ཧ་ནན་ལ་ཟིམ་པ་ལགས། དེ་ནས་བཀྱིགས་ཏེ་བཙོན་ཁང་ལ་འདགས་པ་ལགས། 4གི་བྱས་རེ་སྨྲ་ན་ཡོ་ཧ་ནན་གྱིས་ཁོ་ལ་མོ་ལ་ཁྱོའི་སྐྱེས་དམན་བཟོ་མེད་ཆོག་བ་ལགས་སྨྲས་རེ་སྨྲ་ཅིག་བྱས་བ་ལགས། 5ཧེ་རོ་དཱེ་ཡིས་ཡོ་ཧ་ནན་ལ་བསད་ཉིད་འདོད་པ་ལགས། ཡིན་ནའང་ཁོ་མི་མང་ལ་འཇིགས་པ་ལགས། གི་བྱས་རེ་སྨྲ་ན་མི་ཀྱ་ཡིས་ཡོ་ཧ་ནན་ལ་མངོན་ཤེས་མཁན་གཅིག་རྩི་ལ་ལགས།
6ཡིན་ནའང་ཧེ་རོ་དཱེ་སྐྱེ་བའི་ཉིན་མོ་གོ་ལ། མགྲོན་པོ་ཀྱ་ཡི་གདོང་དུ་ཧེ་རོ་དཱེ་ཡཱའི་བུ་མོ་གོ་གར་རྩེད་རེ་ཧེ་རོ་དཱེ་ལ་ཉམ་མོ་དགའ་རུ་བཅུག་པ་ལགས། 7འོ་བྱས་རེ་ཁོས་མོ་ལ་མོས་གི་ཞུ་གིན་གོ་སྟེར་རུ་སྨྲས་རེ་མནའ་བསྐྱལ་བ་ལགས། 8མོའི་ཨ་མའི་ལབ་ལ་ཆ་བཞག་སྟེ་མོས་སྨྲས་བ་ལགས། ང་ལ་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་འདི་སྡེར་མ་ནང་དུ་གནང་ང་མཛད། 9དེ་ནས་རྒྱལ་བོའི་སེམས་སྐྱོ་བ་ལགས། ཡིན་ནའང་ཁོས་མགྲོན་པོ་ཀྱ་ཡི་གདོང་ངུ་མནའ་བསྐྱལ་ཀྱ་བྱས་རེ། འོ་དེ་རེ་རང་བྱེད་ཡས་ལ་བཀའ་སྟེེར་པ་ལགས། 10ཁོས་མི་བཏང་རེ་བཙོན་ཁང་དུ་ཡོ་ཧ་ནན་གྱི་མགོ་བཅད་དུ་བཅུག་པ་ལགས། 11དེ་ནས་ཁོའི་མགོ་གོ་སྡེར་མ་ནང་དུ་ཁྱེར་ཏེ་འོངས་རེ་བུ་མོ་གོ་ལ་སྟེར་པ་ལགས། དེ་ནས་མོས་མོ་རི་ཨ་མ་རྩ་རུ་ཁྱེར་པ་ལགས། 12དེ་ནས་ཡོ་ཧ་ནན་གྱི་ཉེ་གནས་ཀྱ་འོངས་རེ། ཁོའི་ཕུང་པོ་ཁྱེར་ཏེ་སོང་རེ་དུར་ཁྲོད་དུ་བཅུག་པ་ལགས། དེ་ནས་ཁོང་ཀྱ་སོང་རེ་ཡེ་ཤུ་ལ་ལབ་དེ་བཤད་པ་ལགས།
ཡེ་ཤུ་ཡིས་མི་ལྔ་སྟོང་ལ་ཞལ་ལག་གནང་བ།
(མར་ཀུ། ༦:༣༠-༤༤; ལུ་ཀ། ༩:༡༠-༡༧; ཡོ་ཧ་ནན། ༦:༡-༡༤)
13ཡེ་ཤུ་ཡིས་འོ་དེ་གསན་ད་མཛད་དེ་ཁོང་པ་གྲུ་ནང་དུ་བཞུགས་ཏེ་འོ་དེ་ནས་ས་ཆ་དབེན་ད་གཅིག་ལ་ཕེབས་པ་ལགས། ཡིན་ནའང་མི་ཚོགས་ཀྱ་ཡིས་འོ་དེ་གོ་སྟེ། གྲོང་ཁྱེར་ནས་གོམ་པ་བཙུགས་སྟེ་འོངས་རེ་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས། 14ཁོང་པ་གྲུ་ནང་ནས་བབ་བ་མཛད་དེ་མི་ཚོགས་ཆེ་འོད་ཀྱིན་གོ་གཟིགས་པ་ལགས། དེ་ནས་ཁོང་ཀྱ་ལ་སྙིང་རྗེ་སྐྱེས་རེ་ནད་པ་ཀྱ་ལ་བཅོས་ག་མཛད་པ་ལགས།
15ད་དགོང་མོ་ཆགས་ཏེ་ཉེ་གནས་ཀྱ་ཁོང་པ་ཡི་གདོང་དུ་བཅར་ཏེ་ཞུས་བ་ལགས། ས་ཆ་འདི་དབེན་ད་གཅིག་ལགས། དེ་ནས་ཉིན་མ་ཡལ་ཚར་འདུག།མི་ཚོགས་དེ་ཀྱ་ལ་རང་རང་ལ་ཟ་མ་ཉོ་ཡས་ལ་ཡུལ་ཀྱ་ལ་བརྫངས་རོགས་མཛད།
16ཡིན་ནའང་ཡེ་ཤུ་ཡིས་གསུངས་བ་ལགས། ཁོང་ཀྱ་འགྲོ་དགོས་གུ་མ་ལགས། ཁྱེད་ཀྱ་རང་ཁོང་ཀྱ་ལ་ཟ་ཡས་ལ་གཅིག་རེ་སྟེར།
17ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། འེ་ཀྱ་ལ་གྱང་ག་ལྔ་དང་ཉ་གཉིས་མ་ན་མེད།
18ཁོང་པ་ཡིས་གསུངས་བ་ལགས། འོ་དེ་ངའི་རྩ་རུ་འཁྱེར་ཏེ་ཤོག།
19དེ་ནས་ཁོང་པ་ཡིས་མི་མང་ཀྱ་ལ་རྩྭ་ཁར་ལ་བསྡད་ཡས་བཀའ་གནང་བ་ལགས། དེ་ནས་གྱང་ག་ལྔ་དང་ཉ་གཉིས་གོ་ཕྱག་ལ་བསྣུམས་ཏེ། ནམ་མཁའ་ཕྱོགས་ལ་གཟིགས་ཏེ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་བ་ལགས། དེ་ནས་ཁོང་པ་ཡིས་གྱང་ག་གོ་བཅག་སྟེ་ཉེ་གནས་ཀྱ་ལ་གནང་བ་ལགས། དེ་ནས་ཉེ་གནས་ཀྱ་ཡིས་མི་ཚོགས་ཀྱ་ལ་སྟེར་པ་ལགས། 20དེ་ནས་གི་རི་ཡིས་བཟས་རེ་འགྲངས་བ་ལགས། དེ་ནས་ཉེ་གནས་ཀྱ་ཡིས་ལྷག་མ་དུམ་བུ་ཀྱ་བག་ཏང་བཅུ་གཉིས་གང་བསྡུས་བ་ལགས། 21ད་ཟ་མཁན་ཀྱ་ནས་སྐྱེས་དམན་ཀྱ་དང་ཕྲུ་བ་ཀྱ་མ་བརྩིས་བ། སྐྱེས་བའི་ཕོ་ལྔ་སྟོང་ཚོད་འོད་ད་ལགས།
ཡེ་ཤུ་མཚོའི་ཁར་ལ་ཞབས་བཅགས་ཏེ་ཕེབས་པ།
(མར་ཀུ། ༦:༤༥-༥༦; ཡོ་ཧ་ནན། ༦:༡༥-༢༡)
22ཡེ་ཤུ་ཡིས་མི་ཚོགས་ཀྱ་ལ་དགོངས་པ་གནང་བའི་གང་ལ། རང་གི་ཉེ་གནས་ཀྱ་ལ་གྲུ་བཞོན་ཏེ་ཁོང་པ་ནས་ཨེན་ལ་ཧ་ཀན་ལ་སོང་གསུངས་རེ་བརྫངས་བ་ལགས། 23མི་ཚོགས་ཀྱ་ལ་བརྫངས་ཚར་ཏེ། ཁོང་པ་རང་གཅིག་ཀ་སྨོན་ལམ་ཞུ་ཡས་ལ་རི་ཡར་ལ་ཕེབས་པ་ལགས། སྲོད་སྲུག་བའི་གང་ལ་འོ་དུ་རུ་ཁོང་པ་གཅིག་ཀ་འོད་ད་ལགས། 24དེ་ནས་འོ་དེ་དུས་ཚོད་ལ་གྲུ་གོ་སྐམ་ས་ནས་ཐག་རིང་ང་ལ་སླེབས་ཚར་འོད་ད་ལགས། ལྷགས་པ་ཤུགས་ཆེ་གྲུའི་གདོང་ཕྱོགས་ནས་བརྒྱབ་སྟེ་རྦ་རླབས་ཀྱི་གྲུ་དཀྲུགས་པ་ལགས། 25དེ་ནས་སྔ་རོག་ཆུ་ཚོད་གསུམ་པ་ཚོད་ལ་ཁོང་པ་མཚོ་ཁར་ལ་ཞབས་བཅགས་ཏེ་ཁོང་ཀྱ་རྩ་རུ་ཕེབས་པ་ལགས། 26ཉེ་གནས་ཀྱ་ཡིས་ཁོང་པ་ལ་མཚོ་ཁར་ནས་ཕེབས་ཀྱིན་གོ་མཐོང་རེ། ཁོང་ཀྱ་དམི་ཅིག་གི་འཇིགས་ཏེ་འདི་ནི་གདོན་འདྲེ་ལགས་སྨྲས་རེ་སྐད་ཤོར་པ་ལགས། 27ཡིན་ནའང་ཡེ་ཤུ་ཡིས་ལམ་སང་ཁོང་ཀྱ་ལ་གསུངས་བ་ལགས། ལྷོད་བྱེད། ང་རང་ཡིན། ཁྱེད་ཀྱ་མ་འཇིགས།
28དེ་ནས་པེ་ཏྲོ་ཡིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཁྱེད་རང་ཡིན་ན། ང་ཆུ་ཁར་ནས་ཁྱེད་རང་དྲུང་དུ་འོང་ཡས་ལ་ང་ལ་བཀའ་གནང་ང་མཛད།
29ཁོང་པ་ཡིས་གསུངས་བ་ལགས། ཤོག།ད་པེ་ཏྲོ་གྲུ་ནང་ནས་ཐོན་ཏེ་ཆུ་ཁར་ལ་གོམ་པ་བརྒྱབ་སྟེ་ཡེ་ཤུ་དྲུང་དུ་སོང་བ་ལགས། 30ཡིན་ནའང་ལྷགས་པ་ཤུགས་ཆེ་བརྒྱབ་ཀྱིན་གོ་མཐོང་རེ་ཁོ་འཇིགས་པ་ལགས། དེ་ནས་ཆུ་ནང་ལ་བིབ་ཀུ་བྱས་རེ་ཁོས་སྐད་བརྒྱབ་སྟེ་ཞུས་བ་ལགས། གཙོ་བོ། ང་ལ་སྐྱོབ་བ་མཛད།
31ཡེ་ཤུ་ཡིས་ལམ་སང་རང་གི་ཕྱག་བརྐྱངས་ང་མཛད་དེ་ཁོ་ལ་ཟིམ་ཏེ་གསུངས་བ་ལགས། དད་པ་ཆུང་ང་ཁྱོད། གི་བྱས་རེ་དོགས་པ་བསགས་བ། 32དེ་ནས་ཁོང་པ་གཉིས་བོ་གྲུ་ནང་དུ་བཞུགས་བའི་གང་ལ། རླུང་གོ་འཇམ་ཐིང་བའི་ཆོད་པ་ལགས། 33དེ་ནས་གྲུ་ནང་དུ་འོད་མཁན་ཀྱ་ཡིས་ཁོང་པ་ལ་ཕྱག་འཚལ་རེ་ཞུས་བ་ལགས། ཁྱེད་རང་ནི་བདེན་པ་རང་དཀོན་མཆོག་གི་སྲས་ལགས།
34དེ་ནས་ཁོང་པ་ཀྱ་མཚོ་ཐར་ཏེ་ཧ་ཀན་ལ་གན་ནེ་སཱ་རེད་ཀྱི་ས་ཆ་ལ་སླེབས་པ་ལགས། 35དེ་ནས་འོ་དེ་ས་ཆའི་མི་ཀྱ་ཡིས་ཁོང་པ་ལ་ངོ་ཤེས་རེ། མཐའ་སྐོར་གྱི་ཡུལ་གི་རི་ལ་མི་བཏང་རེ་ནད་པ་འོད་མཁན་གི་རི་ཁོང་པ་ཡི་དྲུང་དུ་ཁྲིད་དེ་འོངས་བ་ལགས། 36དེ་ནས་ནད་པ་ཀྱ་ལ་ཁོང་པ་ཡི་ན་བཟའི་མཐའ་མ་གཅིག་ཀ་འཇུ་རུ་བཅུག་ཡས་ལ་ཁོང་ཀྱ་ཡིས་ཞུས་བ་ལགས། དེ་ནས་འཇུས་མཁན་གི་རི་དྲག་པ་ལགས།།

انتخاب شده:

མད་ཐཱ། 14: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید