མད་ཐཱ། 2

2
ཤར་ཕྱོགས་ཀྱི་སྐར་རྩིས་པ་ཀྱ།
1རྒྱལ་བོ་ཧེ་རོ་དཱེའི་དུས་ལ་ཡུ་དེ་ཡཱ་ཡུལ་གྱི་བེད་ལེ་ཧེམ་དུ་ཡེ་ཤུ་འཁྲུངས་རེ་གཤམ་ལ། ཤར་ཕྱོགས་ནས་སྐར་རྩིས་པ་ཀྱ་ཡེ་རུ་ཤ་ལེམ་དུ་འོངས་རེ། 2སྨྲས་བ་ལགས། ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་འཁྲུངས་ཀྱིན་གོ་ག་རུ་བཞུགས་འོད་ད་ལེ། གི་བྱས་རེ་སྨྲ་ན་འེ་ཀྱ་ཡིས་ཁོང་པ་ཡི་སྐར་མ་ཤར་ཕྱོགས་ལ་མཐོང་བྱུང་། དེ་ནས་འེ་ཀྱ་ཁོང་པ་ལ་ཕྱག་འཚལ་དུ་འོངས་བ་ཡིན།
3དེ་ཧ་གོ་སྟེ་རྒྱལ་བོ་ཧེ་རོ་དཱེའི་སེམས་འཁྲུགས་པ་ལགས། དེ་ནས་ཁོང་མུ་ལ་ཡེ་རུ་ཤ་ལེམ་གྱི་མི་གི་རིའི་འང་སེམས་འཁྲུགས་པ་ལགས། 4དེ་ནས་ཁོང་གིས་མཆོད་དཔོན་ཆེ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་གི་རི་བོས་རེ་མཱ་ཤི་ཀ་གོ་ག་རུ་འཁྲུངས་ཀྱིན་གྱི་སྐོར་ལ་ཁོང་ཀྱ་ནས་རྩད་ཆོད་བྱས་བ་ལགས། 5ཁོང་ཀྱ་ཡིས་སྨྲས་བ་ལགས། ཡུ་དེ་ཡཱ་ཡུལ་གྱི་བེད་ལེ་ཧེམ་དུ་འཁྲུང་གི་ལགས། གི་བྱས་རེ་སྨྲ་ན་མངོན་ཤེས་མཁན་གྱིས་དེ་རེ་བྲིས་འོད་ད་ལགས།
6ཡ་ཧུ་དཱ་ཡུལ་གྱི་བེད་ལེ་ཧེམ་ཁྱོད།
ཡ་ཧུ་དཱ་པ་དཔོན་པོ་ཀྱ་ནས་ཁྱོད་ག་ནས་ཆུང་བ་མིན།
གི་བྱས་རེ་སྨྲ་ན་ཁྱོའི་ནང་ནས་དབང་བསྒྱུར་བྱེད་མཁན་གཅིག་འོང་གི་ལགས།
ཁོ་ངའི་མི་རིགས་ཡིས་ར་ཨེལ་གྱི་རྫི་བོ་བྱུང་གི་ལགས།#མི་ཀཱ། ༥:༢
7དེ་ནས་ཧེ་རོ་དཱེ་ཡིས་སྐར་རྩིས་པ་ཀྱ་ཁ་པ་བོས་རེ་སྐར་མ་ཤར་གྱིན་གྱི་དུས་ཀྱི་སྐོར་ལ་རྩད་ཆོད་བྱས་བ་ལགས། 8དེ་ནས་དེ་རེ་སྨྲས་རེ་བེད་ལེ་ཧེམ་ལ་བརྫངས་བ་ལགས། ད་སོང་རེ་ཕྲུ་དེ་ལ་ཉི་རི་བྱས་རེ་འཚོལ། དེ་ནས་ཁྱེད་ཀྱ་ལ་རྙེད་དེ་ང་ལ་ལོན་འཁྱེར་ཏེ་ཤོག། དེ་ནས་ངའང་སོང་རེ་ཁོ་ལ་བཀུར་བསྟི་བྱེད་ཡས་འོད་ད་ལགས།
9རྒྱལ་བོའི་བཀའ་ལ་མཉན་ཏེ་ཁོང་ཀྱ་ཁོ་རི་ལམ་ལ་སོང་བ་ལགས། དེ་ནས་ཤར་ཕྱོགས་ལ་མཐོང་ཐ་སྐར་མ་གོ་ཁོང་ཀྱ་ཡི་ཨེན་ཨེན་ལ་སོང་རེ་ཕྲུ་བཞུགས་སའི་ཐོད་དུ་བསྡད་པ་ལགས། 10དེ་ནས་སྐར་མ་འདི་ལ་མཐོང་རེ་ཁོང་ཀྱ་དམི་ཅིག་གི་ཉམ་མོ་དགྱེས་བ་ལགས། 11ད་ནང་ལ་འཛུལ་རེ་ཕྲུ་གོ་ལ་ཁོ་རི་ཡུམ་མིར་ཡམ་མུ་ལ་མཇལ་བ་ལགས། དེ་ནས་པུས་མོ་ས་ལ་བཙུགས་ཏེ་ཁོང་ཀྱ་ཡིས་ཁོང་པ་ལ་ཕྱག་འཚལ་བ་ལགས། དེ་ནས་གཏེར་སྒམ་ཁ་པེ་རེ་གསེར་དང་། སྤོས་དཀར་དང་། དྲི་ཞིམ་ཀྱ་བཏོན་ཏེ་ཁོང་པ་ཡི་གདོང་ལ་བྱ་དགའ་ཀྱ་ཕུལ་བ་ལགས། 12ད་མིག་ལམ་ལ་ཧེ་རོ་དཱེ་རྩ་རུ་མ་ལོག་སྨྲས་རེ་ཉེན་བརྡ་བྱུང་རེ་ཁོང་ཀྱ་ལམ་གཞན་མ་ནས་རང་གི་ཡུལ་ལ་ལོག་པ་ལགས།
ཨེ་ཇེབ་ཡུལ་དུ་བྲོས་བ།
13སྐར་རྩིས་པ་ཀྱ་སོང་ཚར་ཏེ་གཙོ་བོ་དཀོན་མཆོག་གི་བང་ཆེན་གཅིག་ཡོ་སེབ་ཀྱི་མིག་ལམ་ལ་མངོན་ཏེ་གསུངས་བ་ལགས། རྒྱལ་བོ་ཧེ་རོ་དཱེ་ཡིས་ཕྲུ་འདི་བསད་ཡས་ལ་བཙལ་ཡས་བྱེད་འདིག འོ་བྱས་རེ་ལངས་རེ་ཕྲུ་འདི་དང་ཁོང་པ་ཡི་ཡུམ་ལ་འཁྲིད་དེ་ཨེ་ཇེབ་ཡུལ་དུ་བྲོས། དེ་ནས་ངས་ཁྱོད་ལ་མེད་སྨྲ་གིན་ཐུག་པའི་འོ་དུ་རུ་རང་སྡོད།
14དེ་ནས་ཁོ་ལངས་རེ་ཕྲུ་དང་ཁོང་གི་ཡུམ་འཁྲིད་དེ་མཚན་མོ་རང་ཨེ་ཇེབ་ཏུ་སོང་བ་ལགས། 15དེ་ནས་རྒྱལ་བོ་ཧེ་རོ་དཱེ་མ་གྲོངས་ཀྱིན་ཐུག་པའི་ཁོང་ཀྱ་འོ་དུ་རུ་རང་བསྡད་པ་ལགས། གཙོ་བོས་རང་གི་མངོན་ཤེས་མཁན་གྱི་ཐོག་ནས། ཨེ་ཇེབ་ཡུལ་ནས་ངའི་སྲས་བོས་བ་ཡིན།#ཧོ་ཟེ། ༡༡:༡ གསུངས་ཀྱིན་འདི་བསྒྲུབས་པ་ལགས།
བེད་ལེ་ཧེམ་དུ་ཕྲུ་བ་ཀྱ་བསད་པ།
16དེ་ནས་སྐར་རྩིས་པ་ཀྱ་ཡིས་ཁོ་རང་ལ་མགོ་སྐོར་གྱིན་གོ་ཧེ་རོ་དཱེ་ཡིས་ཧ་གོ་སྟེ་ཁོ་དམི་ཅིག་གི་ཁོང་ཁྲོ་ལངས་བ་ལགས། དེ་ནས་ཁོས་སྐར་རྩིས་པ་ཀྱ་ནས་གོ་གིན་ཚེས་གྲངས་ལ་བལྟས་རེ་ཁོ་རི་དམག་མི་ཀྱ་བཏང་རེ། བེད་ལེ་ཧེམ་དང་མཐའ་སྐོར་གྱི་ས་ཚ་ལ་ལོ་གཉིས་དང་འོ་དེ་འོག་ལ་འོད་ཀྱིན་ཕྲུ་བ་བི་ཛ་གི་རི་ལ་བསད་དུ་བཅུག་པ་ལགས། 17དེ་ནས་མངོན་ཤེས་མཁན་ཡེར་མི་ཡཱ་ཡིས་གསུངས་ཀྱིན་འདི་བསྒྲུབས་པ་ལགས།
18ར་མཱ་རུ་སྐད་གཅིག་གོ་པ་ལགས།
ངུ་གིན་དང་ངུ་བརྡ་ཆེ་བརྒྱབ་ཀྱིན།
ར་ཧེལ་མོ་རི་ཕྲུ་བ་ཀྱ་ཡི་ཕྱིར་ལ་ངུ་གིན།
སེམས་གསོ་མོས་ཁས་མ་ལེན།
གི་བྱས་རེ་སྨྲ་ན་འོ་དེ་ཀྱ་མ་ལས་བ་ལགས།#ཡེར་མི་ཡཱ། ༣༡:༡༥
ཡེ་ཇེབ་ནས་ལོག་པ།
19ཧེ་རོ་དཱེ་གྲོངས་རེ་ཨེ་ཇེབ་ཡུལ་དུ་ཡོ་སེབ་ཀྱི་མིག་ལམ་ལ་གཙོ་བོའི་བང་ཆེན་གཅིག་མངོན་ཏེ། 20གསུངས་བ་ལགས། སྲས་འདིའི་སྲོག་ལེན་ཡས་བྱེད་མཁན་ཀྱ་ཤི་སོང་། འོ་བྱས་རེ་ལོངས་ལ་ཁོང་པ་དང་ཁོང་པ་ཡི་ཡུམ་འཁྲིད་དེ་ཡིས་ར་ཨེལ་ཡུལ་དུ་ལོག་སྟེ་སོང་། 21དེ་ནས་ཡོ་སེབ་ལངས་རེ་ཕྲུ་དང་ཁོང་གི་ཡུམ་འཁྲིད་དེ་ཡིས་ར་ཨེལ་ཡུལ་དུ་སོང་བ་ལགས།
22ཡིན་ནའང་རྒྱལ་བོ་ཧེ་རོ་དཱེའི་ཚབ་ལ་ཁོའི་བི་ཛ་ཨར་ཀེ་ལཱའུ་ཡིས་ཡུ་དེ་ཡཱ་རུ་རྒྱལ་བོ་བྱེད་འདིག་སྨྲས་རེ་གོ་སྟེ། ཡོ་སེབ་འོ་དུ་རུ་འགྲོ་ཡས་ལ་འཇིགས་པ་ལགས། དེ་ནས་མིག་ལམ་ལ་མ་ལོག་གསུངས་ཀྱིན་གོ་ཚོར་ཏེ་ཁོ་ག་ལིལ་ཕྱོགས་ལ་སོང་བ་ལགས། 23དེ་ནས་ཁོ་སོང་རེ་ན་ཙ་རེད་སྨྲ་གིན་ཡུལ་དུ་བསྡད་པ་ལགས། ད་ཨེན་མ་མངོན་ཤེས་མཁན་ཀྱ་ཡི་ཐོག་ནས་ཁོང་པ་ལ་ན་ཙ་རེད་པ་གསུངས་རེ་ཞུ་གི་ལགས་#༢:༢༣ འདི་གསུངས་ཀྱིན་མངོན་ཤེས་མཁན་གོ་སུ་ཡིན་གྱིན་གོ་ཤེས་ཡས་མེད་ད་ལགས།གསུངས་ཀྱིན་འདི་བསྒྲུབས་པ་ལགས།།

اکنون انتخاب شده:

མད་ཐཱ། 2: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید