Kisary famantarana ny YouVersion
Kisary fikarohana

ལུ་ཀཱ། 10

10
ལེའུ་བཅུ་པ།
ཡེ་ཤུས་​སློབ་མ་​བདུན་ཅུ་དོན་གཉིས་​ཡུལ་​གཞན་​ལེ་​བརྫངས་​པ།
1ཡང་དོན་དེའི་​རྗེས་ལེ། ཇོ་བོ་​ཡེ་ཤུས་​རང་གི་རྗེས་འབྲང་པ་​ཀྱ་ནང་​ནས་​མི་​བདུན་ཅུ་དོན་གཉིས་​བདམས་​ཏེ། ཁོང་རང་​ཕེབས་​འདོད་​འོད་ཡོད་​རྒྱལ་ས་​དིང་ཡུལ་ཀྱ་ལེ། མི་​གཉིས་​གཉིས་​བྱས་​ཏེ་​སྔོན་ལེ་​རྫོངས་རྒྱ། 2ཁོང་གིས་མི་​དེ་ཀྱ་ལེ། ལོ་ཏོག་​མང་པོ་​འོད་​ནའང་​། རྔ་​མཁན་​ཉུང་​དྲགས་​འདུག ཁྱེད་​ཀྱ་​ཀྱིས་​ལོ་ཏོག་གི་བདག་པོ་​ལེ། ཁྱེད་​ཀྱི་​མི་གླ་ཀྱ་​ཞིང་​ལེ་​ལོ་ཏོག་​རྔ་​རུ་​རྫོངས་​རོགས་​ཟིན་​གསོལ་བ་སྨོན་ལམ་​ཐོབ་ཅིག་ཟིན་གསུངས་པའི་རྗེས་ལེ། 3ད་​ཁྱེད་​ཀྱ་​རྒྱུགས། ངས་​ཁྱེད་​ཀྱ་​སྤྱང་རྐུ་​ཁྱུའི་​ནང་​ལེ་​ལུ་གུ་རྫོང་གི་​ཅོག་འདྲ་རྫོང་​གྱོ་འོད་བརྟན་པོ་​གྱིས་​ཤིག 4ཁྱེད་​ཀྱ་ཀྱིས་​དངུལ་ཁུག་​དིང་། ལུས་​ལེ་གྱོན་​པའི་གོས་དིང་། ཟོམ་པ་དེ་པ་རྐྱང་མ་གཏོགས་སྤོས་རྒྱུ་ཡར་རན་མ་འཁྱེར་​རི་རྒྱུགས་​ཤིག ལམ་​ལེ་​མི་​སུ་​ཞིག་​ཐུག་​ནའང་​དེའི་​སྐྱེན་ལེ་​ཁ་​མ་​ཤོད་​དི་ཤར་རེ་​ལམ་​ཞུགས་​ཏེ་​རྒྱུགས་​ཤིག#10.4 གེ་རིག་གི་སྐད་ལུགས་ནང་ལེ། ཁ་མ་ཤོད་མི་ཟེར་རི་འོད་དིག མི་སུ་ལེ་ཟང་འཚམས་འདྲི་མ་ཞུས་ཤིག་ཟིན་འོད་དིག 5ཁྱིམ་ཚང་​ག་ན་ལེ་ཕྱིན་​ནའང་​། དང་པོ་​ཁྱིམ་ཚང་​དེ་​ལེ་​ཞི་བདེ་​འོང་བར་ཤོག་སྨྲོས་ཤིག 6གལ་སྲིད་​ཁྱིམ་​དེ་རུ་​ཞི་བདེ་​འཐོབ་​འདོད་​འོད་ཡོད་​མི་​ཞིག་​འོད་​ནི། མི་​དེའི་​ནང་​ལེ་​ཞི་བདེ་​འོང་​གྱི་​དིག གལ་སྲིད་མེད་ནི་ཞི་བདེ་​དེ་​ཁྱེད་​ཀྱ་​འོད་ས་ལེ་ལོག་འོང་​གྱི་​དིག 7ཁྱེད་​ཀྱ་​ཁྱིམ་ཚང་​ག་ན་ལེ་​འཛུལ་​ནའང་​། དེ་​རང་​དུ་​སྡོད་​དགོས་འོད་དིག ཅི་ལེ་ཟེར་ནི། ལས་བགྱིད་མཁན་​ཀྱ་ལེ་གླ་ཆ་ཐོབ་འོས་པར་ཞིག་ཡིན་དིག ཁྱེད་​ཀྱ་​ལེ་​བཟའ་བཏུང་​ཅི་​ཞིག་​བྱིན་​ནའང་​། དེ་​ནི་རང་གི་​བྱས་​པི་​ལས་​ཀའི་གླ་​ཆ་ཡིན་​བསམས་​ཏེ་​ཟོ་​ཞིག ཡང་​མི་སུ་ཞིག་གིས་​ཁྱེད་ཀྱ་ལེ་ཕེབས་བསུ་​ཞུས་​ནི། ཁོའི་​ཁྱིམ་​ལེ་མ་གཏོགས་​ཁྱིམ་​གཞན་མ་​ཞིག་​ལེ་​སྡོད་དུ་མ་འགྲོ། 8ཁྱེད་​ཀྱ་​ཡུལ་​ག་ན་ལེ་ཕྱིན་​ནའང་། ཡུལ་​དེའི་​མི་​ཀྱ་​ཀྱིས་​ཁྱེད་​ལེ་​ཕེབས་བསུ་​ཞུས་​ཏེ་​ཟས་​རིགས་​ཅི་​ཞིག་​བྱིན་​ནའང་​དེ་​རང་​ཟོ་​ཞིག 9ཡུལ་​དེའི་ནང་ལེ་​འོད་ཡོད་​ནད་པ་​ཀྱ་​ཟང་​དྲག་​ཏུ་​བཅུག་​སྟེ། མི་​ཀྱ་​ལེ་​དཀོན་མཆོག་​གིས་​རྒྱལ་ཁབ་དེ་​སླེབ་རེན་འདུག་ཟིན་སྨྲོས་ཤིག 10ཡིན་ནའང་། ཁྱེད་​ཀྱ་​ཡུལ་​ག་​ན་ལེ་ཕྱིན་​ནའང་། ཡུལ་​དེའི་​མི་​ཀྱ་​ཀྱིས་​ཁྱེད་​ལེ་​གནས་ཚང་​མ་​ག​ཡར་​རི་​ཡིན་​ནི། ཡུལ་​དེའི་སྲང་ལམ་ལེ་ཕྱིན་ཏེ། 11མི་དེ་ཀྱ་ལེ་ཉེས་པའི་​ཆད་པ་​ཕོག་​རྒྱུ་​འགན་​དེ་​ཁུར་​དགོས་​འོད་​དིག ཉེད་ཀྱ་ལེ་འགན་འཁུར་དེ་མེད་ཟིན་དཔང་རྟགས་སྟོན་རྒྱུ་ཆེད་དུ། ཁྱེད་ཀྱ་ཀྱི་རྐང་པ་ལེ་ཡུལ་དེའི་ཐབ་པ་འགོས་པི་དེ་ཟང་​སྤྲུགས་སྤྲུགས་བཏང་སྟེ། མི་ཀྱ་ལེ་དཀོན་མཆོག་​གི་​རྒྱལ་ཁབ་དེ་ཉེ་མོ་ལེ་སླེབས་འོད་​དི་​ཤེས་པར་གྱིས་​སྨྲོས་ཤིག 12ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། ཁྲིམས་​གཅོད་བགྱིད་​དི་ཉིན་​མོ་དེ་ལེ། གྲོང་སྡེ་འདི་ལེ་ཕོག་རྒྱུ་ཡིན་དི་ཉེས་ཆད་དེ་ནི། སྔར་སྔ་མོའི་​སཱ་དོམ་​གྲོང་སྡེ་ལེ་ཕོག་གི་ཉེས་ཆད་དེ་ལས་ལྷག་ཚོད་ཆེ་བ་ཞིག་འཕོག་གྱི་དིག 13གལ་སྲིད་ཁྱེད་​ཀོ་ར་​ཟིན་​དིང་​པེ་སད་དཱ་​ཡུལ་འདི་​གཉིས་​ལེ་ཆགས་སྒོ་ཆེན་པོ་ཞིག་འོང་གྱི་དིག ཅི་​ལེ་ཟེར་​ནི། ཡུལ་​འདི་གཉིས་​ལེ་​ངོ་མཚར་ཅན་གྱི་རྟགས་དེ་ནི། ཐཱ་ཨེར་​དིང་​ཚི་དོན་​ཡུལ་​དེ་གཉིས་​ལེ་​བྱུང་པི་ཡིན་ནི། མི་​དེ་ཀྱ་​ཀྱིས་​སྔོན་མ་​ནས་​རང་གི་​བྱས་​པའི་སྡིག་པ་དེ་ལེ་​འགྱོད་བཤགས་བྱས་ཏེ། ལུས་​ལེ་​རྩ་རས་གོས་​གྱོན་ཏེ་​མགོ་ལེ་གོ་ཐལ་གཏོར་གྱི་དིག 14ཡིན་ནའང་། ཁྲིམས་གཅོད་​བགྱིད་དི་ཉིན་མོ་དེ་ལེ། ཐཱ་ཨེར་​དིང་​ཚི་དོན་​ཡུལ་​དེ་གཉིས་​ལས་ལྷག་ཚོད། ཀོ་ར་​ཟིན་​དིང་པེ་སད་དཱ་​ཡུལ་འདི་གཉིས་​ལེ་​ཉེས་ཆད་​ཆེན་པོ་​འཕོག་​གྱི་​དིག 15ཡང་ཁྱེད་ཀ་ཕར་ན་ཧུམ་པ་ཀྱ་ནི། ནམ་མཁའ་​ལེ་​འདྲེན་​གྱོ་​འོད་དིག་བསམ་གྱི་གས། མི་འདྲེན་འོད་དིག ཁྱེད་​ཀྱ་​དམྱལ་བའི་​གཏིང་​ལེ་​གཡུག་གྱི་​དིག 16ཡང་ཁྱེད་ཀྱ་ལེ་ཉན་མཁན་དེས་ང་ལེ་​ཟང་​ཉན་​གྱི་​དིག ཡང་​མི་​སུ་ཞིག་གིས་​ཁྱེད་​ཀྱ་​ལེ་ཁས་ལེན་མ་བྱས་ནི། ང་ལེ་ཟང་ཁས་ལེན་མ་བྱས་པི་དིག མི་​སུ་ཞིག་གིས་​ང་​ལེ་​ཁས་ལེན་བྱས་ནི། ང་​རྫོངས་​མཁན་​དཀོན་མཆོག་​ཁོང་​ལེ་​ཟང་། ཁས་ལེན་བྱས་པི་དིག་​ཟིན་སློབ་མ་ཀྱ་ལེ་གསུངས་པི་དིག
སློབ་མ་​བདུན་ཅུ་དོན་གཉིས་​ཀྱ་​ལོག་​འོངས་པ།
17དེ་ནས་དེའི་རྗེས་ལེ་ཡེ་ཤུས་བརྫངས་པའི་སློབ་མ་​བདུན་ཅུ་དོན་གཉིས་​དེ་ཀྱ་དགའ་སྤྲོའི་​ངང་ནས་​ཚུར་​ཁོང་གི་དྲུང་དུ་ལོག་​འོངས་​པི་དིག དེ་ནས་སློབ་མ་དེ་ཀྱ་ཀྱིས་ཡེ་ཤུ་ལེ། ཇོ་བོ། ཁྱེད་​ཀྱི་​མཚན་​ནང་ལེ་གདོན་འདྲེས་ཟང་​ཉེད་ཀྱ་ཀྱི་​ཁ་​ལེ་​ཉན་གྱི་འདུག་ཟིན་ཞུས་པི་དིག 18ཁོང་​གིས་སློབ་མ་དེ་ཀྱ་ལེ། བདུད་པོ་​སཱ་ཏན་​དེ་​གློག་​འཁྱུག་​གི་​ཅོག་འདྲ་​ནམ་མཁའི་ཞིང་ཁམས་​ནས་​ས་​ལེ་​འཛར་​འགྲོ་བ་​ངས་​ཟང་​མཐོང་​བྱུང་། 19ལྟོས་​དང་། ངས་​ཁྱེད་​ཀྱ་​ལེ་​དུག་སྦྲུལ་​དིང་​སྡིག་པ་རྭ་ཙ་​ཟང་རྐང་པའི་​འོག་​ཏུ་​གནོན་རྒྱུ་དིང་། དགྲ་བོའི་ནུས་མཐུ་ཡེ་རེ་​འཇོམས་རྒྱུ་དབང་ཆ་​དེ་​ཁྱེད་​ཀྱ་​ལེ་​སྟེར་གྱི་ཡིན། ད་མི་​སུ་ཞིག་གིས་​ཟང་​ཁྱེད་​ཀྱ་​ལེ་​གནོད་འཚེ་བགྱིད་ཐུབ་ཀྱི་མ་དིག 20ཡིན་ནའང་​། གདོན་འདྲེ་​དེས་​ཁྱེད་ཀྱ་​ཀྱི་​བཀའ་​ལེ་​ཉན་​པི་དེ་​ལེ་​དགའ་སྣང་​མ་​བགྱིད། ཁྱེད་ཀྱ་ཀྱི་མིང་དེ་དཀོན་མཆོག་​གི་ནམ་མཁའི་ཞིང་ཁམས་​ལེ་​བཀོད་པི་དེ་​ལེ་​དགའ་སྣང་​གྱིས་​དང་ཟིན་གསུངས་​པི་​དིག 21དུས་དེ་རྒྱ་དམ་པའི་ཐུགས་ཉིད་​ངང་​ནས་​ཡེ་ཤུའི་ཐུགས་​དགྱེས་པོ་​འཇུ་གུ་​བྱུང་​སྟེ། ངའི་ཨ་ཀྱེ། གནམ་ས་​གཉིས་​ཀྱི་​བདག་པོ། ཁྱེད་​ཀྱིས་​དོན་​དེ་​ཀྱ་ནི་མི་​མཁས་པ་​དིང་​བློ་​ཤེས་རབ་ཆེན་པོ་​འོད་ཡོད་ཀྱ་​ལེ་​སྦས་​ཏེ། ཕྲུ་གུ་​ཅོག་འདྲ་​མི་​འདི་​ཀྱ་​ལེ་​བསྟན་​གནང་​པི་​དེ་​ལེ། ངས་​ཁྱེད་​ལེ་​བསྟོད་པ་​འབུལ་​ལོ། ཨ་ཀྱེ། དེ་ནི་ཁྱེད་​ཀྱི་​ཐུགས་དགྱེས་པའི་​ཆེད་དུ་​ཡིན་དིག་ཟིན་​གསུངས་​པི་​དིག 22ཡང་​ཁོང་​གིས་​མི་​དེ་ཀྱ་​ལེ། ངའི་ཨ་ཀྱིའི་ཤེས་རབ་​དིང་​དབང་ཆ་​ཡེ་རེ་​ང་​ལེ་​གནང་​འོད་​ཕེན། བི་ས་སུ་​ཡིན་​མིན་དེ་ནི་ཨ་ཀྱིས་​པ་རྐྱང་​མ་གཏོགས་​མི་སུ་ཞིག་གིས་ཟང་​ཧ་མི་གོ་འོད་དི་​མ་ཟད། ཨ་ཀྱི་སུ་​ཡིན་​མིན་​དེ་ཟང་བི་ས་ཁོས་པ་རྐྱང་མ་གཏོགས་མི་​སུ་ཞིག་གིས་​ཟང་​ཧ་​མི་​གོ་​འོད་དིག ངས་སུ་ལེ་​སྟོན་​འདོད་​འོད་ནི། མི་དེ་​ཀྱ་​ཀྱིས་མ་གཏོགས། ཨ་ཀྱི་སུ་​ཡིན་​དི་​ཧ་​མི་​གོ་​འོད་དིག་​ཟིན་གསུངས་​པི་​དིག 23ཡང་ཡེ་ཤུས་​སློབ་མ་​ཀྱ་ཀྱི་​ཕྱོགས་​ལེ་​ཞལ་འཁོར་​ཏེ། ཁྱེད་​ཀྱ་​ཀྱིས་​དོན་​ཅི་​མཐོང་​པི་དེ་​ལེ་​ཁྱེད་​ཀྱ་​བདེ་བ་ཆེའོ་ཟིན་ཁོང་གིས་སློབ་མ་ཀྱ་ལེ་ཟུར་​དུ་གསུངས་པི་དིག 24ང་ཁྱེད་ཀྱ་ལེ་ཟེར་རོ། སྔར་སྔ་མོའི་​ལུང་སྟོན་པ་​དིང་། རྒྱལ་པོ་​མང་པོ་​ཞིག་གིས་ཟང་​། ཁྱེད་​ཀྱ་​ཀྱིས་​ཅི་མཐོང་​པི་དེ་ལེ། མཐོང་​འདོད་​འོད་​ནའང་​མ་​མཐོང་​པི་དིག ཁྱེད་​ཀྱ་​ཀྱིས་​ཅི་​ཐོས་པི་དེ་​ལེ་ཟང་། ཐོས་​འདོད་​བྱས་ནའང་​མ་ཐོས་པི་​དིག་​ཟིན་གསུངས་​པི་​དིག
སཱ་མར་ཡཱ་ལུང་པའི་མི་​བཟང་པོ་​ཞིག་​གི་​དཔེ་​སྐོར།
25དེ་ནས་​ཆོས་ཁྲིམས་​མཁས་པ་འོད་ཡོད་མི་ཞིག་གིས་​ཡེ་ཤུ་​ལེ་​ཉམས་ཚོད་​ལེན་​རྒྱུ་​ཆེད་དུ། ཡར་ལངས་​ཏེ་ཡེ་ཤུ་ལེ། སློབ་དཔོན། ང་​ལེ་​མཐའ་​མེད་​པའི་​ཚེ་སྲོག་​འཐོབ་​རྒྱུ་​ཆེད་དུ། ངས་​ཅི་​བགྱིད་​དགོས་​འོད་​དི་གོ་​ཟིན་​ཞུས་​ཕེན། 26ཁོང་གིས་མི་དེ་ལེ། ཆོས་ཁྲིམས་​ནང་​ལེ་​ཅི་​བྲིས་​འདུག་​གོ། ཁྱོད་ཀྱིས་​ཅི་གི་བྱས་ཏེ་བསྒྲོགས་པི་ཡིན་དོ་ཟིན་​དྲིས་​ཏེ། 27མི་ཁོས་​ཆོས་ཁྲིམས་​ནང་​ལེ། རང་གི་​ཇོ་བོ་དཀོན་མཆོག་​ལེ་​ལུས་ངག་ཡིད་གསུམ་གྱིས་བྱམས་བརྩི་བཀུར་​བགྱིད་​དགོས་​འོད་དིག ཁྱོད་ཀྱིས་རང་ལེ་གཅེས་པོ་​བགྱིད་​དི་​ཅོག་འདྲ། རང་གི་​ཁྱིམ་མཚེས་​ལེ་​ཟང་​གཅེས་པོ་​གྱིས་​ཤིག་​ཟིན་​བྲིས་​འདུག་ཟིན་​ཞུས་​པི་དིག 28ཡང་ཡེ་ཤུས་མི་ཁོ་ལེ། ཁྱོད་​ཀྱིས་​སྨྲས་པི་དེ་བདེན་པ་​ཡིན་དིག འོ་དེ་​ཅོག་འདྲ་​བྱས་​ནི། ཁྱོད་​ལེ་​མཐའ་མེད་པའི་ཚེ་སྲོག་དེ་འཐོབ་​ཀྱི་​དིག་​ཟིན་གསུངས་​པི་​དིག 29ཡིན་ནའང་​། མི་དེས་​རང་གི་​ལབ་​ལེ་​རྒྱུ་མཚན་​འོད་​དི་​གསལ་པོར་​སྟོན་​འདོད་​འོད་​ཕེན། ཁོས་ཡེ་ཤུ་​ལེ། འོ་ནེ། ངའི་​ཁྱིམ་མཚེས་​དེ་སུ་​ཡིན་གོ་​ཟིན་​དྲིས་ཕེན། 30ཡེ་ཤུས་མི་ཁོ་ལེ། མི་​ཞིག་​ཡེ་རུ་ས་གླིང་​རྒྱལ་ས་​ནས་​ཡེ་རུ་ཀོ་​རྒྱལ་ས་​ལེ་​འགྲོ་རྒྱ། ཇག་པ་​ཐུག་​སྟེ་​ཁོའི་གོས་ཕྲོགས་ཏེ་དམར་ཧྲང་བཟོས་པི་མ་ཟད། ཤི་མེད་རོ་མེད་ཤི་བརྡུངས་པི་​རྗེས་​ལེ་ཇག་པ་​ཀྱ་བུད་​དི་​དིག 31དུས་དེ་རྒྱ་ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་མི་​ཞིག་​ལམ་​དེ་​བརྒྱུད་​ནས​་​འགྲོ་​རྒྱ། ཁོས་རྨ་སྐྱོན་བཟོས་པའི་​མི་​དེ་མཐོང་​ནའང་​། མ་​མཐོང་​མདོག་​མདོག་​བྱས་​ཏེ་​བུད་​དི་​དིག 32ཡང་དེ་ཅོག་འདྲ། ལེ་​ཝི་​པའི་མི་ཞིག་ཟང་ལམ་​དེའི་​བརྒྱུད་​ནས་​འགྲོ་​རྒྱ། ཁོས་​ཟང་​མི་དེ་མཐོང་ནའང་། ཁ་ཡ་​མ་​བྱས་​ཏེ་​བསྐོར་ཏེ་བུད་​དི་​དིག 33ཡིན་ནའང་​། སཱ་མར་ཡཱའི་མི་ཞིག་ལམ་​དེའི་​བརྒྱུད་​ནས་​འགྲོ་​རྒྱ། ཁོས་​རྨ་སྐྱོན་བཟོས་པའི་མི་​དེ་​མཐོང་​ལོང་མེད་​སྙིང་རྗེ་​སྐྱེས་ཏེ། 34མི་དེའི་འགྲམ་​ལེ་ཕྱིན་​ཏེ། རྨ་​ལེ་​སྣུམ་​དིང་​རྒུན་ཆང་​བྱུགས་​པི་རྗེས་ལེ་རས་​ཞིག་​གིས་​བཏུམས་​ཏེ། ཁོ་རང་བཞོན་​སའི་​བོང་གུ་​དེའི་ལྟག་ག་ལེ་​བསྐྱོན་ཏེ་མགྲོན་ཁང་​ཞིག་​ལེ་​འཁྱེར​་​ཏེ་​བྱམས་སྐྱོང་​བྱས་​པི་​དིག 35དེའི་​སྔ་དྲོ་​ཁོས་​དངུལ་​གྱི་​ཊང་ཀ་​གཉིས་​མགྲོན་ཁང་​གི་​བདག་པོ་​ལེ་​གཏད་དེ། མི་འདི་​ལེ་​ལྟ་རྟོགས་​དགའ་མོ་​བགྱིད་​རོགས་​གྱིས། གལ་སྲིད་​དངུལ་​འདི་མ་​འདང་ནི། ང་རང་​ཚུར་​འོང་​རྒྱ། ཁྱེད་​ལེ་​སྐྱིན་པ་​འཇལ་གྱི་ཡིན་སྨྲས་​པི་​དིག 36ད་​ཁྱོད་​ཀྱི་བསམ་པ་ལེ་མི་​གསུམ་​པོ་དེ་ཀྱ་ནང་ནས་​ཇག་པས་​བརྡུངས་པའི་མི་​དེའི་​ཁྱིམ་མཚེས་​དེ་སུ་​ཡིན་​གོ་​ཟིན་དྲིས་ཏེ། 37ཆོས་ཁྲིམས་མཁས་པ་ཁོས། ཁོ་ལེ་སྙིང་རྗེ་​བགྱིད་​མཁན་​མི་​དེ་​ཡིན་དིག་ཟིན་​ཞུས་ཕེན། ཡེ་ཤུས་​ཆོས་ཁྲིམས་པ་ཁོ་ལེ། ད་​ཁྱོད་རང་​རྒྱུགས། ཁྱོད་ཀྱིས་ཟང་འོ་དེ་ཅོག་འདྲ་​གྱིས་​ཤིག་ཟིན་​གསུངས་​པི་​དིག
ཡེ་ཤུ་མར་ཐཱ་​དིང་​མིར་ཡམ་​གྱི་​ཁྱིམ་ལེ་ཕེབས་པ།
38ཡང་ཡེ་ཤུ་​དིང་​སློབ་མ་​ཀྱ་​ཡེ་རུ་ས་གླིང་​རྒྱལ་སའི་​ལམ་​བརྒྱུད་ནས་ཕེབས་རྒྱ། གྲོང་གསེབ་ཞིག་ལེ་ཕེབས་​གནང་པི་དིག གྲོང་གསེབ་དེའི་ནང་ལེ་སྡོད་མཁན་མིང་ལེ་མར་ཐཱ་​ཟེར་​མཁན་བུ་མའ་​ཞིག་​གིས་​རང་གི་​ཁྱིམ་​ལེ་ཡེ་ཤུ་ཕེབས་བསུ་​ཞུས་​པི་​དིག 39བུ་མའ་དེ་ལེ་སྤུན་​མིར་ཡམ་​ཟེར་མཁན་​ནུ་མོ་གཅིག་ཟང་འོད་དིག མིར་ཡམ་མོ་རང་ནི་​ཇོ་བོའི་​དྲུང་དུ་​འོངས་​ཏེ། ཁོང་​གིས་​ཅི་​གསུང་​ལེ་​ཉན་བསྡད་​དི་​དིག 40ཡིན་ནའང་​། མར་ཐཱ་​མོ་​རང་​ནི་ཞབས་ཕྱི་​ཞུ་རྒྱུ་དོན་ལེ་བྲེལ་ལ་ཆེན་པོ་འོད་ཕེན། མོ་རང་ཇོ་བོའི་​དྲུང་དུ་​འོངས་​ཏེ། སློབ་དཔོན། ངའི་​ནུ་མོས་​ང་​པ་རྐྱང་​ལེ་ལས་​འདི་​ཡེ་རེ་​བགྱིད་དུ་​འཇུག་གྱོ་འོད་དི་​ཁྱེད་​ཀྱིས་​གཟིགས་​མི་གནང་འདུག་​གས། ཁྱེད་​ཀྱིས་​མོ་​ལེ་​ང་​ལེ་​རོགས་རམ་གྱིས་ཟིན་བཀའ་གསུངས་དང་ཟིན་​ཞུས་​ཕེན། 41ཇོ་བོས་མོ་ལེ། མར་ཐཱ། མར་ཐཱ། ཁྱོད་ཀྱི་​སེམས་​ལེ་​དོན་​མང་པོ་​ཞིག་​གི་ཆེད་དུ་སེམས་འཚབ་​ཆེན་པོ་འོད་​ཕེན་སེམས་ཁྲལ་སྐྱེས་པི་​དིག 42ཡིན་ནའང་། ཁྱོད་ཀྱི་ནུ་མོ་མིར་ཡམ་​གྱིས་​དོན་བཟང་པོ་ཞིག་བདམས་​པི་དིག མི་སུ་ཞིག་གིས་​ཟང་མོ་ལེ་ཐོབ་པའི་​དོན་བཟང་པོ་​འདི་​འཕྲོག་​མི་​ཆོག་​འོད་དིག་​ཟིན་གསུངས་​པི་​དིག །

Voafantina amin'izao fotoana izao:

ལུ་ཀཱ། 10: DLPO

Asongadina

Hizara

Dika mitovy

None

Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra