Kisary famantarana ny YouVersion
Kisary fikarohana

ལུ་ཀཱ། 11

11
ལེའུ་བཅུ་གཅིག
ཡེ་ཤུས་གསོལ་བ་སྨོན་ལམ་འདེབས་སྟངས་བསླབས་པ།
1ཡང་​ཉིན་མ་ཞིག་ཡེ་ཤུས་​ས་ཆ་​ཞིག་​ལེ་​གསོལ་བ་སྨོན་ལམ་​བཏབ་སྟེ་​བཞུགས་​པི་​དིག དེ་ནས་​གསོལ་བ་སྨོན་ལམ་​འདེབས་​ནུས་པའི་​རྗེས་​ལེ། སློབ་མ་​ཀྱ་​ནང་ནས་ཞིག་གིས་​ཁོང་​ལེ། ཇོ་བོ། ཁྲུས་གསོལ་​བགྱིད་​མཁན་​ཡོ་ཧ་ནན་​གྱིས་​རང་གི་​སློབ་མ་​ཀྱ་​ལེ་​གསོལ་བ་སྨོན་ལམ་​འདེབས་​སྟངས་​བསླབས་​པི་​ཅོག་འདྲ། ཁྱེད་ཀྱིས་ཉེད་​ཀྱ་​ལེ་​ཟང་​གསོལ་བ་​སྨོན་ལམ་འདེབས་​སྟངས་​སློབས་​རོགས་​གྱིས་​དང་​ཟིན་​ཞུས་​ཕེན། 2ཁོང་​གིས་སློབ་མ་ཀྱ་ལེ། ཁྱེད་​ཀྱ་​ཀྱིས་​གསོལ་བ་སྨོན་ལམ་འདེབས་རྒྱ།
ཡབ། ཁྱེད་​ཀྱི་​མཚན་​དམ་པར་བ​སྲུང་​བར་​ཤོག །
ཁྱེད་​ཀྱི་​རྒྱལ་ཁབ་དེ་འོང་བར་​ཤོག །
3ཉེད་​ཀྱ་ཀྱི་​ཉིན་མ་རེའི་​ཁ་​ཟས་​དེ། །
ཁྱེད་ཀྱིས་དེ་རིང་ཟང་གནང་རོགས། །
4ཉེད་ཀྱ་ཀྱིས་མི་གཞན་​གྱི་​སྡིག་ཉེས་ཀྱ། །
དགོངས་ཡངས་གཏོང་གི་ཅོག་འདྲ། །
ཉེད་ཀྱ་ཀྱི་སྡིག་ཉེས་ཟང་སེལ་རོགས། །
ཉམས་​ཚོད་​ལེན་དུ་མ་འཇུག་རོགས། །
ཟིན་གསོལ་བ་སྨོན་ལམ་ཐོབ་ཅིག་ཟིན་གསུངས་​པི་​དིག
5ཡང་​ཁོང་​གིས་སློབ་མ་ཀྱ་ལེ། དཔེར་ན། ཁྱེད་​ཀྱ་​ཀྱི་​ནང་​ནས་མི་​ཞིག་​མཚན་གུང་​ཚོད་​ལེ། རང་གི་​རོགས་པོའི་​ཁྱིམ་​དུ་​ཕྱིན་​ཏེ། རོགས་པོའོ། ང་​ལེ་སྒོར་ཕྱེ་​གསུམ་​བཟོས་ཏེ་བསྐྱི་​རོགས་​གྱིས་​དང་། 6ཅི་ལེ་​ཟེར་​ནི། ཐག་​རིང་ས་ནས་​ངའི་​རོགས་པོ་​ཞིག་​སླེབས་​བྱུང་​། ཡིན་ནའང་། ང་ལེ་ཅི་གང་​སྟེར་རྒྱུ་མེད་​སྨྲས་​པི་དིག 7དེ་ནས་རོགས་པོ་​ཁོས་​ཁོ་​ལེ། ང་​སུན་​པོ་མ་བཟོ་​དང་། ད་ལྟ་​སྒོ་​བརྒྱབ་​ཚར་​རི་མ་ཟད། ངའི་ཕྲུ་གུ་​ཀྱ་​ཟང་​ངའི་​སྐྱེན་​ལེ་​ཉལ་​འོད། ང་​ཡར་​ལངས་ལམ་རྒྱུ་​མི་​དྲག་​སྨྲས་​པི་​དིག 8ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། ཁྱིམ་​ནང་​ལེ་འོད་ཡོད་​མི་​ཁོས་​སྒོ་​བརྡུང་​མཁན་​མི་​དེ་​རང་གི་རོགས་པོ་​ཡིན་​ཕེན། ཡར་​ལངས་​ཏེ་​ཅི་​གང་​མ་​བྱིན་​ནའང་། སྒོ་​བརྡུང་​མཁན་​གྱིས་​ཨུ་ཚུག་​འཇུ་གུ་​བྱས་​ཕེན། ཁྱིམ་​ནང་​ལེ་​འོད་ཡོད་​མི་​ཁོ་​ཡར་​ལངས་​ཏེ། རང་གི་རོགས་པོ་ལེ་​ཅི་​དགོས་པ་​འོད་ཡོད་​ཡེ་རེ་​སྟེར་​གྱི་​དིག་ཟིན་​གསུངས་​པི་​དིག 9འོ་དེ་ལེ་བརྟེན་ཏེ། ང་ཁྱེད་​ཀྱ་​ལེ་​ཟེར་​རོ། ཁྱེད་​ཀྱ་​ཀྱིས་​དཀོན་མཆོག་​ལེ་​གསོལ་བ་​སྨོན་ལམ་ཐོབ་​དང་། ཁོང་​གིས་གནང་གྱི་དིག ཚོལ་​དང་​རྙེད་​ཀྱི་​དིག སྒོ་​བརྡུངས་​དང་​སྒོ་​འབྱེད་ཀྱི་​དིག 10ཅི་ལེ་​ཟེར་​ནི། མི་སུ་ཞིག་གིས་​གསོལ་བ་​སྨོན་ལམ་བཏབ་ནི་​དེ་ལེ་འཐོབ་​ཀྱི་དིག མི་སུ་ཞིག་གིས་​བཙལ་​ནི་​དེ་​ལེ་​རྙེད་​ཀྱི་དིག མི་སུ་ཞིག་གིས་​སྒོ་​རྡུངས་​ནི་​དེ་​ལེ་​སྒོ་​འབྱེད་ཀྱི་​དིག 11དཔེར་ན། ཁྱེད་ཀྱ་ཀྱི་ནང་ནས་ཨ་ཀྱི་ཡིན་མཁན་​ཞིག་གིས་རང་གི་བི་སས་རང་ལེ་ཉ་ཤ་བྱིན་དང་སྨྲས་ནི། ཨ་ཀྱིས་རང་གི་བི་ས་ལེ་ཉ་ཤ་སྟེར་རྒྱུ་ཚབ་ལེ། དུག་སྦྲུལ་​སྟེར་​གྱོ་འོད་​དི་​གས།#11.11 ལུ་ཀཱས་བྲིས་པའི་གཏམ་བཟང་གི་བཤུས་ཡིག་སྔ་ཤོས་ཀྱི་ནང་ནས་གཉིས་པ་དེའི་ནང་ལེ། བི་ས་ཞིག་གིས་སྒོར་ཕྱེ་སློང་གྱོ་འོད་ནི། བི་ས་དེ་ལེ་རྡོ་སྟེར་གྱོ་འོད་དི་གས་ཟིན་བྲིས་འོད་དིག 12ཡང་​ནི། བི་ས་དེས་​ང་ལེ་སྒོང་ང་​ཞིག་​བྱིན་དང་སྨྲས་ནི། ཨ་ཀྱིས་སྒོང་ང་དེའི་ཚབ་ལེ། སྡིག་པ་རྭ་ཙ་​སྟེར་​གྱོ་འོད་​དི་​གས། 13ཁྱེད་​འཇིག་རྟེན་​མུན་ནག་ཀྱ་​ཀྱིས་​རང་གི་​ཕྲུ་གུ་​ལེ་​དངོས་པོ་​བཟང་པོ་​སྟེར་​ཤེས་​ནི། ནམ་མཁའི་ཞིང་ཁམས་​ལེ་​བཞུགས་མཁན་​ཁྱེད་ཀྱ་ཀྱི་ཡབ་​དཀོན་མཆོག་​ལེ། གསོལ་བ་​སྨོན་ལམ་འདེབས་​མཁན་​ཀྱ་​ལེ་​འཛེན་​ཁོང་​གིས་​དམ་པའི་ཐུགས་ཉིད་​གནང་​གྱི་​དིག་ཟིན་​གསུངས་​པི་​དིག
ཡེ་ཤུ་​དིང་​བདུད་​པོ་པེ་ཨིལ་བཟི་པད་​ཀྱི་​སྐོར།
14དེའི་རྗེས་ལེ་ཡང་​ཉིན་མ་​ཞིག་​ཡེ་ཤུས་​མི་​ལྐུགས་པ་​ཞིག་​གི་​ལུས་​ནས་​གདོན་འདྲེ་​ཞིག་ཕྱི་ལེ་བུད་གནང་​སྟེ། མི་​དེ་ལབ་​ཟེར་​རྒྱུ་​འོད་ཡོད་​བྱུང་​ཕེན། མི་ཚོགས་​ཀྱ་​ཀྱིས་དོན་དེ་ལེ་​ཧ་ལས་​ཆེན་པོ་སྐྱེས་པི་​དིག 15ཡིན་ནའང་​། མི་ཚོགས་​ཀྱ་ཀྱི་ནང་​ནས་​མི་​ལ་ལས་​བདུད་​ཀྱི་​རྒྱལ་པོ་​པེ་ཨིལ་བཟི་པད་​ལེ་​བརྟེན་​ཏེ། ཁོས་​གདོན་འདྲེ་​ཕྱི་ལེ་འདོན་གྱོ་འོད་དིག་ཟིན་འོད་དིག#11.15 པེ་ཨིལ་བཟི་པད་​ཟེར་​རི་​མིང་​དེ་ནི། བདུད་​ཀྱི་​རྒྱལ་པོ་​སཱ་ཏན་​གྱི་​མིང་​གཞན་མ་ཞིག་​ཡིན་དིག 16ཡང་​མི་​ལ་ལས་​ཡེ་ཤུ་ལེ་​ཉམས་ཚོད་​ལེན་​རྒྱུ་​ཆེད་དུ། ཞིང་ཁམས་ནས་ངོ་མཚར་གྱི་​རྟགས་​ཤིག་​ཉེད་ཀྱ་ལེ་སྟོན་​དང་​སྨྲས་​ཕེན། 17ཁོང་གིས་མི་​དེ་​ཀྱ་​ཀྱི་​སེམས་ཚུལ་​དེ་མཁྱེན་​ཏེ། རྒྱལ་ཁབ་​ཞིག་​གི་​ནང་​ལེ་​ནང་འཁྲུག་​ཤོར་​རི་ཡིན་ནི། རྒྱལ་ཁབ་​དེ་​རྩ་མེད་འགྲོ་གྱི་དིག ཡང་​ཁྱིམ་ཚང་​ཞིག་​གི་​ནང་​ལེ་​ནང་འཁྲུག་​ཤོར་རི་ཡིན་​ནི། ཁྱིམ་ཚང་​དེ་​ཟང་ཁ་འཐོར་འགྲོ་​གྱི་དིག 18ཁྱེད་ཀྱ་ཀྱིས་ངས་པེ་ཨིལ་བཟི་པད་​ལེ་​བརྟེན་​ཏེ་​བདུད་པོ་​བཏུལ་​ལི་དིག་སྨྲས་པི་དིག དཔེར་ན། གལ་སྲིད་​བདུད་​ཀྱི་​རྒྱལ་པོ་​སཱ་ཏན་​གྱིས་​རང་གི་རང་​ལེ་​ནང་འཁྲུག་བསླངས་​ནི། ཁོའི་​རྒྱལ་ཁམས་​དེ་ཅི་​གི་བྱས་​ཏེ་​གནས་​ཐུབ་​རྒྱུ། 19གལ་སྲིད་​ངས་​པེ་ཨིལ་བཟི་པད་ལེ་​བརྟེན་​ཏེ་​བདུད་པོ་བཏུལ་​ལི་​ཡིན་​ནི། ཁྱེད་​ཀྱ་​ཀྱི་​བདུད་པོ་​འདུལ་​མཁན་མི་ཀྱ་​ཀྱིས​་​སུ་​ལེ་​བརྟེན་ཏེ་འདུལ་​གྱོ་​འོད་དི་​གོ། འོ་དེ་ལེ་བརྟེན་ཏེ། མི་དེ་ཀྱ་ནི། ཁྱེད་ཀྱ་ལེ་ཁྲིམས་དཔོན་བགྱིད་ཀྱི་དིག 20གལ་སྲིད་​ངས་​དཀོན་མཆོག་​གི་​ནུས་མཐུ་​ལེ་​བརྟེན་​ཏེ་​བདུད་པོ་བཏུལ་​ལི་​ཡིན་​ནི། དཀོན་མཆོག་​གི་​རྒྱལ་ཁབ་དེ་​ཁྱེད་​ཀྱ་​ཀྱི་​འགྲམ་​དུ་​སླེབས་​ཚར་​འོད་དིག 21དཔེར་ན། མི་​སྟོབས་ཆེན་​པོ་ཞིག་​གིས་​རང་གི་ལུས་​ལེ་​མཚོན་ཆ་​འཁྱེར་​ཏེ་​ཁྱིམ་​དགའ་མོ་​བསྲུངས་​པི་ཡིན་ནི། ཁྱིམ་​དེའི་​ནང་​ལེ་​འོད་ཡོད་​རྒྱུ་ནོར་​དེ་​མི་​སུ་ཞིག་གིས་​ཟང་​འཕྲོག་​མི་ཐུབ་​འོད་དིག 22ཡིན་ནའང་​། བདུད་​པོ་ཁོ་རང་​ལས་​ལྷག་​ཚོད་སྟོབས་ཤུགས་​ཆེ་​ཞིག་​འོངས་​ཏེ། ཁོས་བརྟེན་སའི་མཚོན་ཆ་​དིང་​རྒྱུ་ནོར་​ཡེ་རེ་​ཕྲོགས་​ཏེ་​བགོ་བཤའ་​རྒྱག་​གྱོ་​འོད་དིག 23ཡང་​མི་​སུ་ཞིག་གིས་​ངའི་​ཕྱོགས་​མི་​བགྱིད་​མཁན་​དེ་​ངའི་​དགྲ་བོ་​ཡིན་དིག མི་​སུ་ཞིག་གིས་​ངའི་​སྐྱེན་མི་བགྱིད་མཁན་དེ་ནི་གཏོར་མཁན་ཡིན་དིག་ཟིན་​གསུངས་​པི་​དིག
གདོན་འདྲེ་དེ་ཚུར་རང་འཇགས་ལོག་འོང་གི་སྐོར།
24མི་ཞིག་གི་ལུས་ནས་གདོན་འདྲེ་​ཕྱི་​ལེ་​ཐོན་​བུད་དི་རྗེས་ལེ། ཆུ་​མེད་​མེད་ས་ཆ་​ཞིག་​ལེ་​ཕར་​རྒྱུགས་​ཚུར་​རྒྱུགས་​བགྱིད་​དི་​མ་ཟད། ངལ་གསོ་སའི་​ས་ཆ་​ཞིག་​བཙལ་​ནའང་​མ་​རྙེད་​ཕེན། རང་གིས་​རང་​ལེ། ང་རང་​ད་​གྱི་​འོང་​སའི་ཁང་པ་དེ་ལེ་རང་འཇགས་ལོག་​འགྲོ་​གྱི་ཡིན་​ཟེར་​གྱི་དིག 25དེ་ནས་ཁང་པ་​དེ་རུ་​སླེབས་​རྒྱ། ཁང་པ་​དེ་​ནི་གད་​བརྒྱབ་​ཏེ་​བཙང་མ་བཟོས་ཏེ་དགའ་མོ་བསྒྲིགས་འབོར་​འོད་​དི་​མཐོང་ཕེན། 26ཁོས་རང་​ལས་​ཟང་​ལྷག་​ཚོད་​གདོན་འདྲེ་​ངན་པ་​འོད་ཡོད་​བདུན་​ཁྲིད་​འོང་སྟེ། དེ་ཀྱ་ཁང་པ་​དེའི་​ནང་​ལེ་​འཛུལ་​ཏེ་​བསྡད་དི་ཡིན་ནི། མི་​དེའི་​གནས་​ཐང་​དེ་​ནི་སྔོན་མ་​ལས་​ལྷག་​ཚོད་​བསྡུག་​ཏུ་​འགྲོ་​གྱི་​དིག་​ཟིན་གསུངས་​པི་​དིག 27ཡེ་ཤུས​་འོ་དེ་གི་​གསུང་གནང་རྒྱ། མི་ཚོགས་​ནང་​ནས་བུ་མའ་​ཞིག་​སྐད་​ཆེན་པོས་​ངང་​ནས་​ཁོང་​ལེ། ཁྱེད་རང་​འཁྲུངས་སའི་​ཡུམ་​དིང་། ཁྱེད་ལེ་ནུ་མ་​སྟེར་མཁན་དེ་​ལེ་​བདེ་བ་​ཆེའོ་སྨྲས་ཕེན། 28ཁོང་​གིས་བུ་མའ་མོ་ལེ། ཡིན་ནའང་། དཀོན་མཆོག་​གི་​བཀའ་​ཐོས་​ཏེ་​སྲུང་​མཁན་​དེ་ཀྱ་​ལེ། དེ་ལས་​ལྷག་ཚོད་བདེ་བ་​ཆེའོ་​ཟིན་གསུངས་​པི་​དིག
ལུང་སྟོན་པ་ཡོ་ནཱའི་རྟགས་ཀྱི་སྐོར།
29ཡང་​མི་ཚོགས་​མང་པོ་​འཇུ་གུ་ཁོང་གི་དྲུང་དུ་​འཛོམས་​འོང་འོད་དི་མ་ཟད། ཁོང་​གིས་ཟང་མི་ཚོགས་དེ་ལེ། ད་ལྟའི་​མི་རབས་​འདི་​ནི་ངན་སེམས་ཅན་​ཞིག་​ཡིན་དིག མི་འདི་​ཀྱ་​ཀྱིས་​ཡ་མཚན་ཅན་​གྱི་​རྟགས་​པ་རྐྱང་མཐོང་​རྒྱུ་རེ་བ་​བྱས་​ནའང་། ལུང་སྟོན་པ་​ཡོ་ནཱ་​ཟེར་མཁན་ཁོ་ལེ་བསྟན་པའི་རྟགས་​ཡ་མཚན་དེ་​མ་གཏོགས་​གཞན་​གཅིག་​ཟང་​སྟོན་​རྒྱུ་​མན། 30ཅི་ལེ་ཟེར་ནི། སྔར་སྔ་མོ་ནུ་ནེ་​ཝཱ་ཟེར་​རི་​རྒྱལ་སའི་​མི་​ཀྱ་​ཀྱི་​ཆེད་དུ། ལུང་སྟོན་པ་​ཡོ་ནཱ་​ལེ་​བྱུང་​བའི་​ཡ་མཚན་གྱི་རྟགས་​དེ་​ནི། དཀོན་མཆོག་​ནས་​བྱུང་​པི་ཡིན་​ཕེན། མིའི་​བི་ས་​ཟང་​མི་རབས་​འདིའི་​མི་​ཀྱ་​ཀྱི་​ཆེད་དུ། ཡ་མཚན་​གྱི་​རྟགས་​ལེ་​འགྱུར་​གྱི་​དིག​#11.30 ནུ་ནེ་ཝཱ་ནི་ཨ་སུར་ཟེར་​རི་​རྒྱལ་ཁབ་​ཀྱི་​རྒྱལ་ས་ཡིན་དིག ད་ལྟའི་དུས་ལེ་ནུ་ནེ་ཝཱའི་རྒྱལ་ས་དེ་ནི། དབྱི་རག་གི་ལུང་པ་ལེ་ཆགས་འོད་དིག 31ཡང་​སྔར་སྔ་མོའི་​ལྷོ་ཕྱོགས་​ཀྱི་​རྒྱལ་མོ་​དེ་​ནི། རྒྱལ་པོ་​སོ་​ལོ་​མོན་​གྱི་ཤེས་རབ་​ལྡན་པའི་​ལབ་​ལེ་​ཉན་​རྒྱུ་ཆེད་དུ། རྒྱང་ཐག་​རིང་པོའི་​ས་​ནས་​འོངས་​པི་​དིག ཡང་​མ་​འོངས་པའི་དུས་ལེ་ཁྲིམས་​གཅོད་​བགྱིད་རྒྱ། མོ་རང་​ཟང་ད་ལྟའི་​མི་རབས་​འདིའི་​མི་​ཀྱ་​དིང་​སྐྱེན་​ལེ་​ཡང་​དང་གསོན་པོ་​ལངས་​ཏེ། མི་རབས་​འདི་​ལེ་​ཁྲིམས་གཅོད་བགྱིད་​ཀྱི་​དིག ལྟོས་​དང་། སྔར་སྔ་མོའི་​རྒྱལ་པོ་​སོ་ལོ་མོན་​ལས་​ཟང་​ཆེ་​ཞིག་ད་ལྟ་​འདི་རུ་​འོད་དིག ཡིན་ནའང་​། མི་རབས་​འདིའི་​མི་​ཀྱ་​ཀྱིས་​ང་​ལེ་​ཁས་​ལེན་​བགྱིད་ཀྱི་མ་དིག 32ཁྲིམས་གཅོད་བགྱིད་རྒྱུ་ཉིན་མོ་དེ་ལེ། རྒྱལ་ས་ནུ་ནེ་ཝཱའི་མི་​ཀྱ་​ལངས་ཏེ་མི་རབས་འདིའི་མི་ཀྱ་ལེ་ཉེས་སྐྱོན་འཛུགས་ཀྱི་དིག ཅི་ལེ་ཟེར་ནི། མི་དེ་ཀྱ་ཀྱིས་ལུང་སྟོན་པ་​ཡོ་ནཱ་ཁོས་བསྟན་པའི་ཆོས་ལེ་མཉན་ཏེ། རང་གི་སྤྱོད་ངན་ཀྱ་སྤངས་ཏེ་འགྱོད་བཤད་བྱས་པི་དིག ལྟོས་དང་ ད་ལྟ་ཡོ་ནཱ་ལས་ཆེ་བ་​ཞིག་​འདི་རུ་​འོད་དིག
མཆོད་མེའི་དཔེ་སྐོར།
33ཡང་​ཁོང་​གིས། མི་​སུ་​ཞིག་གིས་མཆོད་མེ་​སྤར་​ཏེ་​རྐོན་པའི་འོག་​ཏུ་དིང་། ཡང་​ནི། བྲེ་​འོག་​ཏུ་མི་འབོར་​འོད་དིག ཁྱིམ་​ནང་​ལེ་​འོང་མཁན་ཀྱ་ཀྱིས་འོད་​དེ་མཐོང་​རྒྱུ་ཆེད་དུ་​མཐོ་ས་ལེ་འབོར་​གྱོ་​འོད་དིག 34དཔེར་ན། ཁྱོད་​ཀྱི་​མིག་​ནི་ཁྱོད་ཀྱི་ལུས་ཀྱི་མཆོད་མེ་ཅོག་འདྲ་ཡིན་དིག མིག་ཐང་པོ་འོད་ནི་ལུས་པོ་ཡེ་རེ་འོད་ཟེར་གྱིས་གང་གྱི་དིག གལ་སྲིད་མིག་ཐང་པོ་མེད་ནི། ཁྱོད་ཀྱི་ལུས་པོ་ཡེ་རེ་མུན་ནག་གིས་གང་གྱི་དིག 35འོ་དེ་ལེ་བརྟེན་ཏེ། ཁྱོད་ཀྱི་ནང་​ལེ་​འོད་ཡོད་​འོད་​ཟེར་དེ་མུན་ནག་​ཡིན་མིན་​བསམ་བློ་ཞིབ་པོ་གཏོང་ཞིག 36གལ་སྲིད་​ཁྱོད་ཀྱི་​ལུས་པོ་འོད་ཟེར་གྱིས་​གང་སྟེ་མུན་ནག་​ཅི་ཟང་​མེད་​ནི། མཆོད་མེས་ཁྱེད་ཀྱ་ལེ་འོད་ཟེར་འཕྲོ་པི་ཅོག་འདྲ། ཁྱེད་ཀྱ་ལེ་འོད་ཟེར་གྱིས་གང་གྱི་དིག་ཟིན་གསུངས་པི་དིག
ཆོས་ཁྲིམས་མཁས་པའི་མི་ཀྱ་​ལེ་​བཀའ་བཀྱོན་​གནང་​བ།
37ཁོང་​གིས་​བཀལ་མོལ་དེ་གསུངས་ནུས་པི་རྗེས་ལེ། ཕཱ་རུ་ཤི་པ་​ཞིག་​གིས་​ཡེ་ཤུ་ལེ་མགྲོན་པོ་བོས་ཕེན། ཡེ་ཤུས་མི་དེའི་ནང་ལེ་ཕེབས་ཏེ་གསོལ་བ་བཞེས་གནང་རྒྱུ་ཆེད་དུ་མར་བཞུགས་​པི་​དིག 38ཡིན་ནའང་། ཡེ་ཤུས་ཆོས་​ཀྱི་​ལུགས་སྲོལ་​ནང་​ལེ་​འོད་​དི་​ཅོག་འདྲ། གསོལ་བ་​མ་​བཞེས་པའི་​སྔོན་​ལེ་​ཕྱག་མ་བཀྲུས་པའི་དོན་དེ་ཕཱ་རུ་ཤི་པ་​ཁོས་​མཐོང་​སྟེ་​ཡ་མཚན་​སྐྱེས་​པི་​དིག 39དེ་ནས་ཇོ་བོ་ཡེ་ཤུས། ཁྱེད་​ཕཱ་རུ་ཤི་པ་​ཀྱ་​ཀྱིས་​ཕོར་རུ་​དིང་​སྡེར་མའི་​ཕྱི་​ནང་​མེད་​གཙང་མ་​བཀྲུས་​ནའང་། ཁྱེད་​ཀྱ་​ཀྱི་​སེམས་​ནང་​ལེ་སེར་སྣ་དིང་ངན་སེམས་​ཀྱིས་​གང་འདུག 40ཁྱེད་གླེན་པ་​ཀྱ། ཕྱི་​དངོས་པོ་​ཡེ་རེ་​བཟོས་​གནང་མཁན་གྱིས། ནང་​གི་​དངོས་པོ་​ཀྱ་​ཟང་​བཟོས་​གནང་པི་མ་​གས། 41ཡིན་ནའང་། ནང་ལེ་འོད་ཡོད་དེ་མི་​སྤྲང་པོ་​ལེ་​སྦྱིན་པ་​བཏང་​ནི། ཁྱེད་ཀྱ་ཡེ་རེ་གཙང་མ་འོང་གྱི་དིག 42ཁྱེད་ཕཱ་རུ་ཤི་པ་ཀྱ་​ལེ་​ཆགས་སྒོ་ཆེན་པོ་​འོང་​གྱི་​དིག ཅི་ལེ་​ཟེར་​ནི། ཞིང་​ནང་ནས་སྐྱེས་པའི་སྔོ་ཚལ་དིང་སྨན་རྩྭ་ཆུང་མ་དེ་ནས་ཁྱེད་ཀྱ་ཀྱིས་དཀོན་མཆོག་ལེ་བཅུ་ཆ་གཅིག་ཕུལ་ལི་ཡིན་ནའང་། ཡང་​དྲང་བདེན་​གྱི་​ཁྲིམས་​དིང་​། དཀོན་མཆོག་​གི་​བྱམས་སེམས་​དེ་​སྣང་མེད་​དུ་​གཏོང་གྱོ་​འོད་​དིག འབུལ་བའི་དོན་​དེ་ཀྱ་​བསྲུངས་​ཏེ་དཀོན་མཆོག་​གི་​བྱམས་སེམས་​དེ་​སྤངས་རྒྱུ་​མེད་དིག 43ཕཱ་རུ་ཤི་པ་​ཁྱེད་​ཀྱ་​ལེ་ཆགས་སྒོ་ཆེན་པོ་​འོང་​གྱི་​དིག ཅི་ལེ་​ཟེར་​ནི། ཁྱེད་​ཀྱ་​ཚོགས་ཁང་​གི་​བཞུགས་ཁྲིའི་ལྟག་ག་ལེ་​སྡོད་​རྒྱུ་​ལེ་​དགའ་རི་བགྱིད་རྒྱུ་དིང་། ཡང་ཁྱེད་ཀྱ་ལེ་མི་​ཀྱ་​ཀྱིས་​ཁྲོམ་ལམ་​ལེ་བརྩི་བཀུར་ཞུས་​ནི། ཁྱེད་ཀྱ་ཀྱིས་དགའ་རི་​བགྱིད་​འོད་དིག 44ཁྱེད་​ཀྱ་​ལེ་ཆགས་སྒོ་འོང་གྱི་དིག ཅི་ལེ་​ཟེར་​ནི། ཁྱེད་​ཀྱ་​ནི་​རྟགས་མེད་མེད་དུར་ཁང་ཅོག་འདྲ་ཡིན་དིག མི་​ཀྱ་​ཀྱིས་​ཧ་​མ་​གོ་སྟེ་དེའི་​ལྟག་ག་ལེ་འགྲོ་​འོད་​དིག་ཟིན་​གསུངས་​པི་​དིག 45ཡང་ཆོས་ཁྲིམས་མཁས་པ་​ཀྱ་ནང་ནས་​མི་​ཞིག་​གིས་ཡ་ཤུ་ལེ། སློན་དཔོན། ཁྱེད་​ཀྱིས་​ཅི་སྨྲས་པི་དེ་ནི། ཉེད་​ཀྱ་​ཀྱི་དོན་ལེ་ཟེར་​རི་​ཡིན་དིག་སྨྲས་ཕེན། 46ཁོང་​གིས་ཆོས་ཁྲིམས་མཁས་པ་ཀྱ་​ལེ​། ཁྱེད་ཀྱ་ལེ་ཟང་ཆགས་སྒོ་ཆེན་པོ་འོང་​གྱི་​དིག ཅི་ལེ་​ཟེར་​ནི། ཁྱེད་​ཀྱ་​ཀྱིས་​ཆོས་ཁྲིམས་​ཀྱི་​ཁུར་བོ་​ལྕི་མོ་​དེ་​མིའི་​གཉའ་རི་ལྟག་ག་​ལེ་​ཁྱེར་​དུ་​འཇུག་​གྱོ་འོད་དིག ཡིན་ནའང་། ཁྱེད་​ཀྱ་​ཀྱིས་མི་​ཀྱ་ལེ་རོགས་རམ་​སྤུ་ཚོད་​ཞིག་​ཟང་​མི་​བགྱིད་​འོད་དིག 47ཁྱེད་​ཀྱ་​ལེ་ཆགས་སྒོ་ཆེན་པོ་འོང་​གྱི་​དིག ཅི་ལེ་​ཟེར་​ནི། ཁྱེད་ཀྱ་ཀྱི་མེས་མེས་​ཀྱིས་​བསད་དི་ལུང་སྟོན་པ་དེ་ཀྱ་ཀྱི་དུར་ཁང་དེ་ནི་ཁྱེད་ཀྱ་ཀྱིས་རྩིག་གྱོ་འོད་དི་མ་ཟད། 48ཁྱེད་ཀྱ་ཀྱི་​མེས་མེས་​ཀྱ་ཀྱིས་ལུང་སྟོན་པ་དེ་ཀྱ་​བསད་​དི་དེ་ལེ། ཁྱེད་ཀྱ་ཀྱིས་ཟང་མོས་མཐུན་དིང་​དཔང་པོ་​བགྱིད་འོད་དིག 49འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་​གིས་​རང་གི་ཤེས་རབ་ཀྱི་​བརྒྱུད་​ནས། ཁྱེད་ཀྱ་​ཀྱི་སྐོར་​ལེ། ངས་​ལུང་སྟོན་པ་དིང་​སྐུ་ཚབ་ཀྱ། ཁོང་​ཀྱ་​འོད་​ས་​ལེ་​རྫོང་གྱི་​ཡིན། ཡིན་ནའང་། མི་དེ་​ཀྱ་​ཀྱིས་​ལ་ལ་གསོད་ཀྱི་དིག ལ་ལ་ལེ་མནར་གཅོད་​གཏོང་​གྱི་​དིག 50འོ་དེ་ལེ་བརྟེན་ཏེ། འཇིག་རྟེན་བཀོད་པ་ནས་​ཕེན་བསད་དི་ལུང་སྟོན་པ་​ཡེ་རེའི་ཁྲག་​གི་​ཁྲག་​ལེན་​དེ་ནི། མི་རབས་​འདིའི་​མི་​ཀྱ་​ཀྱིས་ལེན་​དགོས་འོད་དིག 51ང་ཁྱེད་ཀྱ་ལེ་ཟེར་རོ། ཧ་བེལ་​ཟེར་མཁན་ཁོ་རང་ནས་བྱས་ཏེ། མཆོད་ཁང་​ནང་​མ་དིང་བསང་གཏོང་ས་མཆོད་ཁྲིའི་ཕར་ཀ་ལེ་​བསད་​དི་​སྔར་སྔ་མོའི་​ལུང་སྟོན་པ་​ཟེ་ཀ་རི་ཡཱ་​ཟེར་མཁན་བར་​ཐུབ་​ཁྲག་​གི་ཁྲག་ལེན་​དེ་​ནི། མི་རབས་འདིའི་མི་ཀྱ་ཀྱིས་ལེན་དགོས་འོད་​དིག 52ཆོས་ཁྲིམས་མཁས་པ་ཁྱེད་​ཀྱ་​ལེ་​ཟང་ཆགས་སྒོ་ཆེན་པོ་​འོང་​གྱི་​དིག ཅི་ལེ་​ཟེར་​ནི། ཁྱེད་​ཀྱ་​ཀྱིས་​དཀོན་མཆོག་​གི་​ཤེས་བྱའི་​ལྡེ་མིག་​ཕྲོགས་​ཏེ་​རང་​ཟང་​ཤེས་བྱའི་​ཕོ་བྲང་​དེའི་ནང་​ལེ་​མི་འགྲོ་འོད་དིག ཡང་དེའི་ནང་ལེ་འགྲོ་མཁན་​ཀྱ་ལེ་ཟང་བཀག་​པི་དིག་ཟིན་​བཀའ་བཀྱོན་​གནང་​པི་​དིག 53ཡེ་ཤུས་འོ་དེ་གི་གསུངས་ནུས་པི་རྗེས་ལེ། ཁང་པ་དེའི་ནང་ནས་ཕྱི་ལེ་​ཕེབས་​ཕེན། ཆོས་ཁྲིམས་མཁས་པ་​དིང་ཕཱ་རུ་ཤི་པ་​ཀྱ་​ཀྱིས་​ཁོང་​ལེ་​འགེག་རྒོལ་བགྱིད་​དི་​མ་ཟད། རྩོད་པའི་​དྲི་བ་སྣ་ཚོགས་​དྲིས་​ཏེ། 54ཡེ་ཤུས་ཁྲིམས་དིང་འགལ་ལི་གཏམ་ཤོད་དུ་འཇུག་རྒྱུ་ཆེད་དུ། མི་དེ་ཀྱ་ཀྱིས་ཇུས་​ངན་​བཏིང་པི་དིག །

Voafantina amin'izao fotoana izao:

ལུ་ཀཱ། 11: DLPO

Asongadina

Hizara

Dika mitovy

None

Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra