ལུ་ཀཱ། 12
12
ལེའུ་བཅུ་གཉིས།
ཉེན་བརྡ་དིང་སྐུལ་མ་གཏོང་གི་སྐོར།
1དུས་དེ་རྒྱ་མི་ཚོགས་སྟོང་ཕྲག་མང་པོ་འཛོམས་ཏེ་གཅིག་གིས་གཅིག་ལེ་རྡོ་བརྫིས་ཐེབ་འགྲོ་འོད་ཕེན། ཁོང་གིས་དང་པོ་རང་གི་སློབ་མ་ཀྱ་ལེ། ཁྱེད་ཀྱ་ཕཱ་རུ་ཤི་པའི་ཁ་སྤྲང་ལས་མངར་རི་དིང་། ཁོག་སོ་ལ་ལས་ནག་གི་ལས་ཇུས་དེ་ལེ་དོགས་ཟོན་གྱིས་ཤིག#12.1 གེ་རིག་ཟེར་ལུགས་ནང་ལེ་ཕཱ་རུ་ཤི་པའི་སྐྱུར་རྩི་ལེ་དོགས་ཟོན་གྱིས་ཟིན་འོད་དིག 2ཅི་ལེ་ཟེར་ནི། སྦས་པའི་དོན་ཡེ་རེ་མི་མངོན་པར་ཅི་གང་མེད་དིག གསང་བའི་དོན་ཡེ་རེ་མི་ཤེས་པར་ཅི་གང་མེད་དིག 3འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་མུན་ནག་ནང་ལེ་ཅི་སྨྲས་པི་དེ་ནི། མི་ཀྱ་ཀྱིས་ཉིན་མོ་ཐོས་གྱི་དིག ཁང་པའི་ནང་ལེ་ཤུག་ལབ་བརྒྱབ་པི་དེ་ནི། ཉིན་མ་གཅིག་མི་ཀྱ་ཀྱིས་ཁང་ཐོག་ནས་ཁྱབ་བསྒྲགས་བགྱིད་ཀྱི་དིག་ཟིན་གསུངས་པི་དིག 4ངའི་རོགས་པོ་ཀྱ། ང་ཁྱེད་ཀྱ་ལེ་ཟེར་རོ། ལུས་རྩ་མེད་གཏོང་གི་མ་གཏོགས་གཞན་ཅི་གང་བགྱིད་མི་ཐུབ་མཁན་མིའི་དེ་རིགས་ལེ། ཁྱེད་ཀྱ་ཀྱིས་འཁྱར་སྣང་མ་བགྱིད་ཅིག 5ཡིན་ནའང་། སུ་ལེ་འཁྱར་སྣང་བགྱིད་དགོས་འོད་མེད་ངས་ཁྱེད་ཀྱ་ལེ་སྟོན་གྱི་ཡིན། ཁྱེད་ཀྱ་ཀྱི་སྲོག་དེ་ལེན་ནུས་མཁན་དིང་། དམྱལ་བའི་ཡུལ་ལེ་གཡུགས་རྒྱུ་དབང་ཆ་འོད་ཡོད་དཀོན་མཆོག་ལེ་འཁྱར་སྣང་གྱིས་ཤིག་ཟིན་ངས་ཁྱེད་ཀྱ་ལེ་ཉེན་བརྡ་གཏོང་གྱོ་འོད། 6བྱ་མཆིལ་པ་ལྔ་དེ་ནི། ཟངས་ཀྱི་ཊ་ཀ་གཉིས་ལས་མཐོང་ཆུང་ང་མ་གས། ཡིན་ནའང་། དཀོན་མཆོག་གིས་མཆིལ་པ་དེ་ཀྱ་ནང་ནས་གཅིག་ལེ་དྲན་པ་བརྗེད་མི་སྲིད་འོད་དིག 7དེ་ལས་ལྷག་ཚོད་དཀོན་མཆོག་གིས་ཁྱེད་ཀྱ་ཀྱི་མགོའི་སྐྲ་རྐང་རེ་རེ་བྱས་ཏེ་གྲངས་ཀ་འོད་ཕེན། འཁྱར་སྣང་མ་བགྱིད་ཅིག བྱ་མཆིལ་པ་དེ་ཀྱ་ནང་ནས་ཁྱེད་ཀྱ་ནི་རིན་ཐང་ཆེ་བ་ཡིན་དིག 8ང་ཁྱེད་ཀྱ་ལེ་ཟེར་རོ། མི་སུ་ཞིག་གིས་མི་གཞན་གྱི་མདུན་དུ་ང་ལེ་ཁས་ལེན་བགྱིད་འོད་ནི། མིའི་བི་སས་ཟང་དཀོན་མཆོག་གི་ཕོ་ཉ་ཀྱ་ཀྱི་དྲུང་དུ་མི་དེ་ལེ་ཁས་ལེན་བགྱིད་ཀྱི་དིག 9ཡང་མི་སུ་ཞིག་གིས་མི་གཞན་གྱི་མདུན་དུ་ང་ལེ་ཁས་ལེན་མ་བྱས་པི་ཡིན་ནི། ངས་ཟང་དཀོན་མཆོག་གི་ཕོ་ཉ་ཀྱ་ཀྱི་དྲུང་དུ་མི་དེ་ལེ་ཁས་ལེན་བགྱིད་ཀྱི་མན། 10ཡང་མི་སུ་ཞིག་གིས་མིའི་བི་ས་ལེ་ཚིག་ངན་ཟེར་མཁན་མི་དེའི་སྡིག་ཉེས་དེ་སེལ་སྲིད་ནའང་། དམ་པའི་ཐུགས་ཉིད་ལེ་སྐུར་བ་འདེབས་མཁན་མི་དེའི་སྡིག་ཉེས་དེ་དུས་ནམ་ཟང་སེལ་སྲིད་ཀྱི་མ་དིག 11མི་དེ་ཀྱ་ཀྱིས་ཡ་ཧུ་དཱ་པའི་ཚོགས་ཁང་གི་ཁྲིམས་ར་དིང་། ཁྲིམས་དཔོན། དཔོན་པོའི་མདུན་དུ་ཁྱེད་ཀྱ་ལེ་ཁྲིམས་གཅོད་བགྱིད་དུ་འཁྲིད་འགྲོ་རྒྱ། ཁྱེད་ཀྱ་ཀྱིས་ལན་ཅི་གི་བྱས་ཏེ་རྒྱག་དགོས་འོད་མེད་དིང་། ཡང་ནི། ཅི་ཟེར་དགོས་འོད་མེད་དེའི་སྐོར་ལེ་སེམས་ཁྲལ་མ་བགྱིད་ཅིག 12ཅི་ལེ་ཟེར་ནི། དུས་དེ་རྒྱ་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ལེ་ཅི་ཟེར་དགོས་འོད་མེད་སློབ་ཁྲིད་གནང་གྱི་དིག་ཟིན་གསུངས་པི་དིག
ཕྱུག་པོ་གླེན་པ་ཞིག་གི་དཔེ།
13ཡང་མི་ཚོགས་ཀྱི་ནང་ནས་མི་ཞིག་གིས་ཡེ་ཤུ་ལེ། སློབ་དཔོན། ཁྱེད་ཀྱིས་ངའི་ཨ་ཇོ་ལེ། ཨ་ཀྱིའི་ཤུལ་དེ་ང་ལེ་ཟང་བགོ་བཤའ་རྒྱག་དགོས་པའི་བཀའ་གནང་རོགས་ཟིན་ཞུས་ཕེན། 14ཡེ་ཤུས་མི་དེ་ལེ། རོགས་པོ། མི་སུ་ཞིག་གིས་ང་ཁྱེད་གཉིས་ཀྱི་ཁྲིམས་དཔོན། ཡང་ནི། བར་མི་ལེ་བསྐོས་པི་ཡིན་གོ་ཟིན་གསུངས་པི་དིག 15ཡང་ཁོང་གིས་མི་ཚོགས་དེ་ཀྱ་ལེ། སེར་སྣ་ཅན་ལེ་དོགས་ཟོན་གྱིས་ཤིག ཅི་ལེ་ཟེར་ནི། མིའི་ཚེ་སྲོག་ནི་རྒྱུ་ནོར་ལོངས་སྤྱོད་ཀྱིས་བཟོ་མི་ཐུབ་འོད་དིག་ཟིན་གསུངས་པི་དིག 16ཡང་དེའི་རྗེས་ལེ་ཁོང་གིས་མི་ཀྱ་ལེ་དཔེའི་ཞིག་གི་བརྒྱུད་ནས། མི་ཕྱུག་པོ་ཞིག་འོད་དིག ཁོའི་ཞིང་ལེ་ལོ་ཏོག་དགའ་མོ་བྱུང་ཕེན། 17ཁོའི་སེམས་ནང་ལེ་ང་ལེ་འབྲུ་རིགས་མང་པོ་འོད་ནའང་འབྲུ་སྒམ་མེད་དི་ཅི་བགྱིད་རྒྱུ་བསམས་ཏེ། 18ཁོས་འབྲུ་སྒམ་ཡེ་རེ་བཤིག་སྟེ་སྔོན་མ་ལས་ཟང་ཆེ་བ་ཞིག་བཟོས་ཏེ། འབྲུ་རིགས་དིང་རྒྱུ་ནོར་ཡེ་རེ་སྒམ་དེའི་ནང་ལེ་འབོར་གྱི་ཡིན། 19ཡང་ངས་ལོ་མང་པོའི་རིང་ལེ་རྒྱུ་ནོར་འབོར་ཆེན་བསགས་འོད་ཕེན། ད་ངས་ངལ་གསོ་ཏེ་བློ་བདེ་མོའི་ངང་ནས་ཕོ་ལེ་པ་རྐྱང་བྱས་ཏེ་སྡོད་ཀྱི་ཡིན་ཟིན་གཅིག་ལབ་བརྒྱབ་པི་དིག 20ཡིན་ནའང་། དཀོན་མཆོག་གིས་མི་དེ་ལེ། གླེན་པ་ཁྱོད། མཚན་མོ་འདི་རང་དུ། ཁྱོད་ཀྱི་ཚེ་སྲོག་འཁྱེར་གྱི་དིག ཁྱོད་ཀྱིས་བསགས་པའི་རྒྱུ་ནོར་དེ་སུ་ལེ་འཐོབ་འོང་ཟིན་གསུངས་པི་དིག 21རྒྱུ་ནོར་ལེ་སྐྱབས་བཅོལ་མཁན་མི་སུ་ཞིག་ཡིན་ནའང་། ཕྱུག་པོ་གླེན་པ་དེ་རིང་ཅོག་འདྲ་ཡིན་དིག དཀོན་མཆོག་གི་མཐོང་སྣང་ལེ་མི་དེ་ཀྱ་ཕྱུག་པོ་མ་དིག་ཟིན་གསུངས་པི་དིག
སེམས་ཁྲལ་བགྱིད་མི་དགོས་པའི་སྐོར།
22ཡང་དེའི་རྗེས་ལེ། ཡེ་ཤུས་རང་གི་སློབ་མ་ཀྱ་ལེ། འོ་དེ་ལེ་བརྟེན་ཏེ། ང་ཁྱེད་ཀྱ་ལེ་ཟེར་རོ། རང་གི་ཚེ་སྲོག་གི་ཆེད་དུ་ཟ་རྒྱུ་འབྱོར་མི་འབྱོར་དིང་། གྱོན་རྒྱུ་འབྱོར་མི་འབྱོར་དེའི་དོན་ལེ་སེམས་ཁྲལ་མ་བགྱིད་ཅིག 23ཅི་ལེ་ཟེར་ནི། མི་ཚེ་ནི་ཟ་རྒྱུ་དིང་ལུས་ལེ་གྱོན་རྒྱུ་དེ་གཉིས་ལས་ལྷག་ཚོད་གལ་ཆེན་ཡིན་དིག 24བྱ་ཁོ་རོག་ཀྱ་ལེ་ལྟོས་དང་། དེ་ཀྱ་ཀྱིས་ས་ངོན་མི་འདེབས་འོད་དིག ཡང་ལོ་ཏོག་ཟང་མི་བསྡུ་འོད་དི་མ་ཟད། འབྲུ་སྒམ་ཟང་མེད་དིག ཡིན་ནའང་། དཀོན་མཆོག་གིས་དེ་ཀྱ་ལེ་གསོ་སྐྱོང་གནང་གྱོ་འོད་ཕེན། ཁྱེད་ཀྱ་བྱ་དེ་ལས་ལྷག་ཚོད་རིན་ཐང་ཆེ་བ་ཡིན་དིག 25ཁྱེད་ཀྱ་ནང་ནས་སེམས་ཁྲལ་བྱས་ཏེ། རང་གི་མི་ཚེ་འདི་ཁྲུ་གཅིག་རིང་དུ་གཏོང་ཐུབ་མཁན་མི་སུ་འོད་དོ། 26ཁྱེད་ཀྱ་ཀྱིས་དོན་ཆུང་མ་འདི་བགྱིད་མི་ཐུབ་འོད་ནི། དོན་གཞན་མ་ལེ་སེམས་ཁྲལ་ཅི་ལེ་བགྱིད་དི་ཡིན་དོ། 27སྤང་སྐྱེ་མེ་ཏོག་དེ་ཀྱ་ལེ་ལྟོས་དང་། དེ་ཀྱ་ལག་ལས་མི་འཁལ་འོད་དིག ང་ཁྱེད་ཀྱ་ལེ་ཟེར་རོ། རྒྱལ་པོ་སོ་ལོ་མོན་གཟི་བརྗིད་ཅན་ཞིག་ཡིན་ནའང་། ཁོང་གི་མཆོར་གཟབ་པི་དེ་ཀྱ་ནི། སྤང་སྐྱེ་མེ་ཏོག་རིང་མཛེས་ལོད་འགྲན་བསྡུར་བགྱིད་ཐུབ་ཀྱི་མ་དིག 28གལ་སྲིད་ད་རིང་ས་ལེ་སྐྱེས་པའི་རྩྭ་འདི་སྔ་དྲོ་མེ་ལེ་རྒྱག་རྒྱུ་ཡིན་དི་དེ་ལེ། དཀོན་མཆོག་གིས་གསོ་བསྐྱོང་གནང་གྱོ་འོད་ཕེན། ཡང་དད་པ་སྐྱོ་པོའི་མི་ཁྱེད་ཀྱ་ལེ་འཛེན་ཁོང་གིས་གསོ་སྐྱོང་མི་གནང་འོད་དི་གས། 29ཁྱེད་ཀྱ་ཀྱིས་ཅི་ཟ་རྒྱུ། ཅི་འཐུང་རྒྱུ་ཟིན་སེམས་ཁྲལ་མ་བགྱིད་ཅིག 30ཅི་ལེ་ཟེར་ནི། དེ་ཡེ་རེ་ནི་དཀོན་མཆོག་ངོ་མི་ཤེས་མཁན་མི་ཀྱ་ཀྱིས་འབད་བརྩོན་བྱས་ཏེ་འཚོལ་གྱོ་འོད་དིག ཡིན་ནའང་། ཁྱེད་ཀྱ་ལེ་ཅི་དགོས་པ་འོད་ཡོད་ཡེ་རེ་ནི། ཁྱེད་ཀྱ་ཀྱི་ཡབ་དཀོན་མཆོག་གིས་མཁྱེན་གནང་གྱོ་འོད་དིག 31ད་ཁྱེད་ཀྱ་ཀྱིས་དཀོན་མཆོག་གི་རྒྱལ་ཁབ་ཀྱི་དོན་ལེ་འབད་བརྩོན་གྱིས་ཤིག ཁྱེད་ཀྱ་ལེ་ཅི་དགོས་པ་འོད་ཡོད་ཡེ་རེ་ཁོང་གིས་གནང་གྱི་དིག 32ཁྱེད་ཀྱ་ཀྱི་ཡབ་དཀོན་མཆོག་གིས་ཁྱེད་ཀྱ་ལེ་རྒྱལ་ཁབ་གནང་རྒྱུ་ཡིན་དི་ཐུགས་མཉེས་འོད་དིག ངའི་གཅེས་པའི་ཕྲུ་གུ་ཁྱུ་ཆུང་མ་ཁྱེད་ཀྱ་འཁྱར་སྣང་མ་བགྱིད་ཅིག 33ཁྱེད་ཀྱ་ཀྱིས་རང་གི་རྒྱུ་ནོར་ཡེ་རེ་བཙོངས་སྟེ་སྐྱོ་པོ་ཀྱ་ལེ་སྦྱིན་པ་ཐོང་ཞིག ཡང་རྙིང་འགྲོ་རྒྱུ་མེད་མེད་དངུལ་ཁུག་ཞིག་བཟོས་ཤིག རྫོགས་མཐའ་མེད་མེད་རྒྱུ་ནོར་ཞིག་ནམ་མཁའ་ཞིང་ཁམས་ལེ་སོག་དང་། ས་ཆ་དེ་རུ་རྐུན་མ་ཟང་མི་སླེབ་འོད་དིག འབུ་མུག་པས་ཟང་བཟའ་ཀྱི་མ་དིག 34ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱི་རྒྱུ་ནོར་ག་ན་ལེ་འོད་ནི་འོ་དེ་རུ། ཁྱེད་ཀྱ་ཀྱི་སེམས་པ་དེ་ཟང་ཆགས་ཀྱི་དིག་ཟིན་གསུངས་པི་དིག
ཡེ་ཤུ་ཡང་དང་ཕེབས་འོང་རྒྱུ་ལེ་རེ་སྒུག་བྱས་པ།
35ཡང་དེའི་རྗེས་ལེ་ཡེ་ཤུས་རང་གི་སློབ་མ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ལུས་ལེ་སྐ་བོ་བཅིངས་ཏེ་མཆོད་མེ་སྦར་ཏེ་སྡོད་ཅིག 36ཁྱིམ་གི་བདག་པོ་ཆང་སའི་དགའ་སྟོན་ལེ་ཕྱིན་ཏེ། དུས་ཚོད་ཅི་གི་ཞིག་ལེ་ལོག་སླེབས་འོང་ཟིན་སྒུག་སྡོད་མཁན་གཡོག་པོ་ཀྱ་ཅོག་འདྲ་བྱས་ཏེ་སྡོད་ཅིག བདག་པོ་ཚུར་ལོག་འོངས་ཏེ་སྒོ་བརྡུང་ལོང་མེད་གཡོག་པོ་ཀྱ་ཀྱིས་ཟང་ལམ་ཟང་སྒོ་འབྱེད་ཐུབ་ཀྱི་དིག 37བདག་པོ་ལོག་འོང་རྒྱ། གཡོག་པོ་ཀྱ་ཀྱིས་གཉིད་གཟི་མ་གང་མ་ལོག་སྟེ། ཁོང་ལེ་སྒུག་བསྡད་འོད་དི་ཁོང་གིས་གཟིགས་པི་ཡིན་ནི། གཡོག་པོ་དེ་ཀྱ་བདེ་བ་ཆེའོ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། བདག་པོ་ཁོ་རང་སྐ་བོ་བཅིངས་ཏེ་གཡོག་པོ་ཀྱ་ལེ་ཟ་མ་ཟོ་ཟིན་མར་སྡོད་དུ་བཅུག་པི་མ་ཟད། ཡང་ཁོ་རང་གཡོག་པོ་ཀྱ་ཀྱི་མདུན་ལེ་འོངས་ཏེ་ཞབས་ཕྱི་ཕ་ལེ་འབུལ་གྱི་དིག 38གལ་སྲིད་བདག་པོ་དེ་མཚན་དགུང་ཡང་ནི་ནམ་ཕྱེད་ཕེབས་འོང་རྒྱ། གཡོག་པོ་ཀྱ་ཀྱིས་འོ་དེ་གི་བྱས་ཏེ་སྒུག་སྟེ་བསྡད་འོད་དི་གཟིགས་པི་ཡིན་ནི། གཡོག་པོ་དེ་ཀྱ་བདེ་བ་ཆེའོ། 39གལ་སྲིད་ཁྱིམ་གྱི་བདག་པོ་ཁོས་དུས་ཅི་གི་ཞིག་ལེ་རྐུན་མ་འོང་འོད་མེད་ཧ་གོ་འོད་ནི། ཁོས་རྐུན་མ་ཁྱིམ་ནང་ལེ་འཛུལ་དུ་མི་འཇུག་འོད་དི་ཁྱེད་ཀྱ་ཀྱིས་ཟང་ཧ་གོ་བར་གྱིས་ཤིག 40འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཟང་གྲ་སྒྲིག་བྱས་ཏེ་སྡོད་ཅིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱི་སེམས་པ་ལེ་མེད་དི་དུས་ཞིག་ལེ་མིའི་བི་ས་ཕེབས་འོང་གྱི་དིག་ཟིན་གསུངས་ཕེན། 41པེ་ཏྲོས་ཁོང་ལེ། ཇོ་བོ། དཔེ་འདི་ཉེད་ཀྱ་ཀྱི་དོན་ལེ་གསུངས་པི་ཡིན་དས། ཡང་ནི། མི་ཡེ་རེ་ལེ་གསུངས་པི་ཡིན་དོ་ཟིན་དྲིས་ཏེ། 42ཇོ་བོས། བློ་གཏད་བགྱིད་ཆོག་པི་དིང་ཤེས་རབ་ཅན་གཉེར་པ་སུ་ཞིག་ཡིན་ནའང་། བདག་པོས་མི་དེ་ལེ་དབང་ཆ་གཏད་ཕེན། ཁོས་དུས་དེ་སླེབས་རྒྱ་གཡོག་པོ་གཞན་མ་ཀྱ་ལེ་ཟས་བཀལ་སྟེར་གྱོ་འོད་དིག 43བདག་པོ་ཁོང་རང་འོང་རྒྱ། གཉེར་པ་ཁོས་འོ་དེ་གི་ཅོག་འདྲ་བགྱིད་འོད་དི་མཐོང་པི་ཡིན་ནི། གཉེར་པ་དེ་བདེ་བ་ཆེའོ། 44ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། བདག་པོས་རྒྱུ་ནོར་གྱི་དབང་ཆ་ཡེ་རེ་གཉེར་པ་ཁོའི་དབང་ཆ་ལེ་འབོར་གྱི་དིག 45ཡིན་ནའང་། གཉེར་པ་ཁོས་རང་གི་བདག་པོ་དེ་མགྱོགས་པོ་འོང་གྱི་མ་དིག་བསམ་སྟེ། གཡོག་པོ་དིང་གཡོག་མོ་གཞན་མ་ཀྱ་ལེ་རྡུང་གི་མ་ཟད། ཁོ་རང་དིང་ཁོའི་རོགས་པོ་ཉེ་ཤོས་ཀྱ་སྐྱེན་ལེ་ཕོ་ལེ་སྤྲོ་སྐྱིད་བྱས་ཏེ་ཆང་བཟི་འོད་དི་མཐོང་པི་ཡིན་ནི། 46གཉེར་པ་ཁོའི་སེམས་ནང་ལེ་མེད་དི་དུས་ཞིག་ལེ། ཁོའི་བདག་པོ་དེ་ལོག་འོངས་ཕེན། ཁོ་ལེ་ཉེས་ཆད་ཆེན་པོ་བཏང་སྟེ། དད་པ་མེད་མེད་མིའི་སྐྱེན་ལེ་སྡོད་དུ་འཇུག་གྱི་དིག 47ཡང་གཡོག་པོ་ཞིག་གིས་བདག་པོའི་བསམ་ཚུལ་ཧ་གོ་ནའང་། དེ་ཅོག་འདྲ་གྲ་སྒྲིག་མི་བགྱིད་མཁན་དེ་ལེ་ཉེས་རྡུང་དྲག་པོ་གཟེད་དགོས་འོང་གྱི་དིག 48ཡིན་ནའང་། གཡོག་པོས་བདག་པོའི་བསམ་ཚུལ་དེ་ཧ་མ་གོ་ཕེན་ཁོས་ཉེས་སྐྱོན་བྱས་པི་དེ་ལེ་ཉེས་རྡུང་ཉུང་མ་གཟེད་དགོས་འོང་གྱི་དིག ཅི་ལེ་ཟེར་ནི། མི་སུ་ཞིག་ལེ་མང་ང་བྱིན་འོད་ནི། མི་དེས་ཟང་ཕ་ལེ་མང་ང་སྟེར་དགོས་འོད་དིག ཡང་སུ་ཞིག་ལེ་མང་ང་བཅོལ་འོད་ནི། མི་དེས་ཟང་ཕ་ལེ་དེ་མང་ང་འབུལ་དགོས་འོད་དིག་ཟིན་གསུངས་པི་དིག
འཁྲུག་རྩོད་འོང་རྒྱུ་ཡིན་དི་སྐོར།
49ཡང་ཡེ་ཤུས་ང་བཟང་ངན་གྱི་དབྱེ་འབྱེད་རྒྱུ་ཆེད་དུ་འཇིག་རྟེན་ལེ་མེ་འཁྱེར་ཏེ་འོངས་པི་ཡིན། མེ་དེ་སྔོན་ལེ་འབར་རོགས་བྱས་ནི་ཅི་དྲག 50ཡིན་ནའང་། སྔོན་ལེ་ངས་དཀའ་ངལ་མང་པོ་མྱོང་དགོས་འོང་གྱི་དིག དོན་དེ་མ་འགྲུབ་བར་དུ་ང་སེམས་འཚབ་འཇུ་གུ་འོང་རྒྱུ་དྲག#12.50 གེ་རིག་ཟེར་ལུགས་ནང་ལེ་དཀའ་ངལ་གྱི་ཁྲུས་གསོལ་ཟིན་བྲིས་འོད་དིག 51ངས་འཇིག་རྟེན་ལེ་ཞི་བདེ་འཁྱེར་འོངས་པི་དིག་བསམ་གྱི་གས། འོ་དེ་གི་མ་དིག ཁ་འབྲལ་གཏོང་རྒྱུ་ཆེད་དུ་འོངས་པི་ཡིན། 52དུས་ད་ནས་ཕྱིན་ཆད། ངའི་ཆེད་དུ་མི་ཚང་གཅིག་གི་ནང་ལེ་མི་མཐུན་མཁན་མི་ལྔ་སྡོད་གྱོ་འོད་ཕེན། མི་གསུམ་གྱིས་མི་གཉིས་ཀྱི་སྐྱེན་ལེ་རྩོད་གླེང་བགྱིད་དི་དིང་། མི་གཉིས་ཀྱིས་མི་གསུམ་གྱི་སྐྱེན་ལེ་རྩོད་གླེང་བགྱིད་ཀྱི་དིག 53ཡང་ཨ་ཀྱིས་བི་ས་ལེ་འཁྲུག་བསྡུར་བགྱིད་དི་དིང་། བི་སས་ཟང་ཨ་ཀྱི་ལེ་འཁྲུག་བསྡུར་བགྱིད་དི་མ་ཟད། ཨ་མས་བུ་མོ་ལེ་འཁྲུག་བསྡུར་བགྱིད་དི་དིང་། མོས་ཟང་ཨ་མ་ལེ་འཁྲུག་བསྡུར་བགྱིད་ཀྱི་དིག ཡང་ཁྱོ་གའི་ཨ་མས་མནའ་མ་ལེ་འཁྲུག་བསྡུར་བགྱིད་དི་དིང་། མནའ་མ་མོས་ཟང་ཁྱོ་གའི་ཨ་མ་ལེ་འཁྲུག་བསྡུར་བགྱིད་ཀྱི་དིག་ཟིན་གསུངས་པི་དིག
དུས་ལེ་བརྟག་དཔྱད་བགྱིད་དི་སྐོར།
54ཡང་ཁོང་གིས་མི་ཚོགས་ཀྱ་ལེ། ཁྱེད་ཀྱ་ཀྱིས་ནུབ་ཕྱོགས་ནས་སྤྲིན་འཁྲིགས་འོང་གི་མཐོང་ལོང་མེད། ཁྱེད་ཀྱ་ཀྱིས་གནམ་རྒྱག་མདོག་འདུག་སྨྲས་ནི། ངོ་ཐོག་གནམ་རྒྱག་གྱོ་འོད་དིག 55ཡང་ལྷོ་ཕྱོགས་ནས་རླུང་ཞིག་རྒྱག་གི་མཐོང་ལོང་མེད། ཁྱེད་ཀྱ་ཀྱིས་ད་རིང་གནམ་གཤིས་ཚ་མོ་འོང་མདོག་འདུག་སྨྲས་ནི། དངོས་གནས་གནམ་གཤིས་ཚ་མོ་འོང་འོད་དིག 56ཧ་གོ་ནའང་དེ་ལེ་ལག་ལེན་མི་བགྱིད་མཁན་ཁྱེད་ཀྱ་ཀྱིས་གནམ་ས་གཉིས་ཀྱི་གནས་ཚུལ་བརྟག་དཔྱད་བགྱིད་ཤེས་གྱོ་འོད་ནི། ཁྱེད་གླེན་པ་ཀྱ། དུས་འདིའི་གནས་ཚུལ་ཅི་ལེ་བརྟག་དཔྱད་བགྱིད་མི་ཤེས་འདུག་གོ་ཟིན་གསུངས་པི་དིག 57ཡང་ནི་ཁྱེད་ཀྱ་ཀྱིས་དྲང་བདེན་ཅི་ཡིན་མིན་དེ་ལེ་རང་གིས་རང་ལེ་ཐག་གཅོད་ཅི་ལེ་མི་བགྱིད་དི་ཡིན་དོ། 58དཔེར་ན། ཁྱོད་དིང་ཁྱོད་ཀྱི་དགྲ་ཁ་གཏད་ཁྱེད་གཉིས་སྐྱེན་ལེ་ཁྲིམས་དཔོན་གྱི་དྲུང་དུ་འགྲོ་རྒྱ། ལམ་ལེ་ཁོ་རིང་ནང་འགྲིག་བགྱིད་རྒྱུ་ཐབས་ཤེས་བགྱིད་དགོས་འོད་དིག འོ་དེ་གི་མ་བྱས་པི་ཡིན་ནི། དགྲ་ཁ་གཏད་ཁོས་ཁྱོད་རང་ཁྲིམས་དཔོན་གྱི་དྲུང་དུ་ཁྲིད་འགྲོ་བ་མ་ཟད། ཁྲིམས་དཔོན་གྱིས་ཟང་ཁྱོད་རང་དམག་མི་ལག་ལེ་གཏོད་ཀྱི་དིག དེ་ནས་དམག་མི་ཁོས་ཁྱོད་རང་བཙོན་ལེ་འཇུག་གྱི་དིག 59ང་ཁྱོད་ལེ་ཟེར་རོ། ཁྱོད་ཀྱིས་ཟང་ཟངས་ཀྱི་ཊང་ཀ་གཅིག་དེ་སྐྱིན་པ་མ་འཇལ་བར་དུ། ཁྱོད་རང་བཙོན་ཁང་ནས་ཐར་སྲིད་ཀྱི་མ་དིག་ཟིན་གསུངས་པི་དིག །
Voafantina amin'izao fotoana izao:
ལུ་ཀཱ། 12: DLPO
Asongadina
Hizara
Dika mitovy
![None](/_next/image?url=https%3A%2F%2Fimageproxy.youversionapistaging.com%2F58%2Fhttps%3A%2F%2Fweb-assets.youversion.com%2Fapp-icons%2Fmg.png&w=128&q=75)
Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra
© 2023 Wycliffe Bible Translators, Inc. All rights reserved.

:
Asongadina
Hizara
Dika mitovy
![None](/_next/image?url=https%3A%2F%2Fimageproxy.youversionapistaging.com%2F58%2Fhttps%3A%2F%2Fweb-assets.youversion.com%2Fapp-icons%2Fen.png&w=128&q=75)