མཛད་པ། དེབ་ཀྱི་ངོ་སྤྲོད།
དེབ་ཀྱི་ངོ་སྤྲོད།
སྐུ་ཚབ་ཀྱ་ཡི་མཛད་པ་སྨྲ་གིན་དེབ་འདི་ལུ་ཀ་ཡིས་བྲིས་བྲ་དེབ་གཉིས་བ་གོ་ལགས། འདི་དེབ་ལ་ཁོས་ཡེ་ཤུའི་ཉེ་གནས་ཀྱ་དང་སྐུ་ཚབ་པའུ་ལུ་ཡི་ལས་ཀ་ཡི་སྐོར་ལ་བྲིས་འོད་ད་ལགས། འདི་དེབ་དེ་སྤྱི་ལོ་ ༦༠ དང་ ༦༥ ཡི་གུང་ལ་བྲིས་པ་ལགས་སྨྲས་རེ་མི་མཁས་བ་མང་ཆེ་ཡི་བསམ་བློ་འདུག གསུང་རབ་གསར་པ་ཡི་དུས་ཚོད་ལ་རོམ་རྒྱལ་ས་དེ་འཛམ་བུ་གླིང་གི་དམི་ཅིག་ཁག་ཆེ་ས་ཆ་གཅིག་ལགས། རོམ་དུ་མི་ཁག་ཆེ་མང་ཆེ་ཡིས་འདི་ཡེ་ཤུ་པ་སྨྲ་གིན་ཆོས་གསར་པ་དེ་ག་རེ་ཆོས་ཡིན་གྲོ། དེ་ནས་ག་ནས་ཐོན་ཏེ་འོངས་བ་ལེ་སྨྲས་རེ་དྲི་བ་མང་ང་དྲིས་རེ་བསྡད་འོད་ད་ལགས། (རོམ་དེ་ད་ལྟ་ཡུ་རོབ་ཀྱི་ལྷོ་ཕྱོགས་ལ་འོད་ཀྱིན་ཨི་ཏྲ་ལི་སྨྲ་གིན་རྒྱལ་ཁབ་ལགས།) འོ་བྱས་རེ་འདི་ཆོས་དེ་གང་གི་བྱས་རེ་འགོ་བཙུགས་པ་ལེ། དེ་ནས་ཡེ་ཤུ་མཱ་ཤི་ཀ་སུ་ལེ། དེ་ནས་ཁོང་པ་ཡི་གཏམ་བཟང་དེ། ཡེ་རུ་ཤ་ལེམ་ནས་འགོ་བཙུགས་ཏེ་རོམ་ཐུག་པའི་གང་བྱས་རེ་ཁྱབ་པ་ལགས་སྨྲ་གིན་སྐོར་ལ་ལུ་ཀ་ཡིས་བྲིས་ཡས་ཐག་བཅད་པ་ལགས། དེ་ནས་བྲིས་ཚར་ཏེ་ལུ་ཀ་ཡིས་འདི་དེབ་དེ་རོ་མཱ་པ་དཔོན་པོ་ཐེ་ཡོ་ཕི་ལུ་སྨྲ་གིན་ལ་བསྐུར་པ་ལགས། (ལུ་ཀ། ༡:༡-༤, མཛད་པ་ ༡:༡)
པའུ་ལུ་ལུ་ཀ་ལ་ཨེམ་རྗེ་ལུ་ཀ་དྲིན་ཅན་གོ་སྨྲ་ལགས། པའུ་ལུ་རོམ་དུ་འགྲོའི་གང་ལ། འོ་དེ་མཐའི་འགྲུལ་འདི་ལ་ལུ་ཀ་ཁོའི་མུ་ལ་འོད་ད་ལགས། མཱ་ཤི་ཀ་བ་ཀྱ་ཡི་ཆོས་ཚོགས་འགོ་བཙུགས་ཀྱིན་གྱི་སྐོར་ལ་བྲིས་བྲ་དེབ་འདི་སྐུ་ཚབ་ཀྱ་ཡི་མཛད་པ་སྨྲས་རེ་སྨྲ་ལགས། ཡིན་ནའང་དངོས་གནས་སྨྲ་ན་འདི་དེབ་ལ་དམ་པའི་ཐུགས་ཉིད་ཀྱི་ཕྱག་ལས་སྨྲས་རེ་སྨྲ་ཐུབ་ཡས་འོད་ད་ལགས། གི་བྱས་རེ་སྨྲ་ན་སྐུ་ཚབ་ཀྱ་ཡིས་བྱས་བྱ་ལས་ཀ་ཀྱ་དམ་པའི་ཐུགས་ཉིད་ཀྱི་ཐུགས་རྗེ་དང་དབང་གི་བྱས་རེ་ལགས། མི་ཀྱ་ཡི་སྐོར་ལ་གཅིག་ཀ་མིན་ད། འོ་དེ་མི་ཀྱ་གུང་དུ་ཕྱག་ལས་མཛད་མཁན་དམ་པའི་ཐུགས་ཉིད་ཀྱི་སྐོར་ལ་འདི་དེབ་དེ་བྲིས་འོད་ད་ལགས།
དཀར་ཆག
དཔང་པོ་ཡི་ཕྱིར་ལ་གྲ་སྒྲིག ༡:༡-༢༦
ཀ) ཡེ་ཤུ་ཡི་མཐའ་མའི་བཀའ་སློབ་དང་ཆོད་དམ། ༡:༡-༡༤
ཁ) ཡ་ཧུ་དཱ་ཡི་ཚབ་ལ་བདམས་ད་མི། ༡:༡༥-༢༦
ཡེ་རུ་ཤ་ལེམ་དུ་དཔང་པོ། ༢:༡–༨:༣
ཡུ་དཱེ་ཡཱ་དང་ས་མ་རི་ཡཱ་རུ་དཔང་པོ། ༨:༤–༡༢:༢༥
པའུ་ལུ་ཡི་གཏམ་བཟང་བཤད་པ། ༡༣:༡–༢༨:༣༡
ཀ) གཏམ་བཟང་བཤད་དུ་རྒྱུག་གིན་འགྲུལ་འགོ་མ་གོ། ༡༣:༡–༡༤:༢༨
ཁ) ཡེ་རུ་ཤ་ལེམ་དུ་བྱུང་བྱ་ཚོགས་འདུ། ༡༥:༡-༣༥
ག) གཏམ་བཟང་བཤད་དུ་རྒྱུག་གིན་འགྲུལ་གཉིས་བ་གོ། ༡༥:༣༦–༡༨:༢༢
ང) གཏམ་བཟང་བཤད་དུ་རྒྱུག་གིན་འགྲུལ་གསུམ་པ་གོ། ༡༨:༢༣–༢༡:༡༦
ཡེ་རུ་ཤ་ལེམ་དང་ཀེ་སར་ཡཱ་དང་རོམ་དུ་པའུ་ལུ་བཙོན་ཁང་དུ་འདགས་པ། ༢༡:༡༧–༢༨:༣༡
നിലവിൽ തിരഞ്ഞെടുത്തിരിക്കുന്നു:
མཛད་པ། དེབ་ཀྱི་ངོ་སྤྲོད།: LOY
ഹൈലൈറ്റ് ചെയ്യുക
പങ്ക് വെക്കു
പകർത്തുക
![None](/_next/image?url=https%3A%2F%2Fimageproxy.youversionapistaging.com%2F58%2Fhttps%3A%2F%2Fweb-assets.youversion.com%2Fapp-icons%2Fml.png&w=128&q=75)
നിങ്ങളുടെ എല്ലാ ഉപകരണങ്ങളിലും ഹൈലൈറ്റുകൾ സംരക്ഷിക്കാൻ ആഗ്രഹിക്കുന്നുണ്ടോ? സൈൻ അപ്പ് ചെയ്യുക അല്ലെങ്കിൽ സൈൻ ഇൻ ചെയ്യുക
© 2023, Wycliffe Bible Translators, Inc. and Nepal Bible Society